མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས23ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ཚོགས་འདུ་འཚོགས།

2023-03-21 16:11:41   |   232

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


 1.jpg

    ཟླ3པའི་ཚེས21ཉིན། ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ཚོགས་འདུ་འཚོགས་ལ། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའི་པུའུ་ཀྲང་གི་ཚོགས་འདུ་དང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། ན་ནིང་གི་བྱ་བར་ཕྱོགས་སྡོམ་དང་མིག་སྔའི་དུས་བབ་ལ་དབྱེ་ཞིབ། ད་ལོའི་བྱ་བའི་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཚོགས་འདུར་སླེབས་ནས་གསུང་བཤད་གནང་།

2.jpg

   ཚོགས་ཐོག་ཏུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའི་པུའུ་ཀྲང་གི་ཚོགས་འདུ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་ཚོགས་འདུའི་དགོངས་དོན། ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། བློ་མཐུན་ཤ་བོ་སྐྱབས་ཀྱིས2022ལོར་ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱ་རྒྱུའི་བརྗོད་དོན་དང་གཙོ་གནད་དམ་པོར་བཟུང་ནས། རང་རྟོན་རང་སྟོབས་དང་གཞུང་འཁྱོངས་གསར་འབྱེད། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་རང་འགུལ་ངང་བྱས་རྗེས་འཇོག་པ། འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་དཀའ་སེལ་ཡར་བརྩོན་བྱས་ནས། བྱ་བ་ཏན་ཏིག་དང་ཤུགས་འདོན་གནད་འཁེལ། ངོ་མཚར་ཆེ་བ། བཀྲག་མདངས་འཚེར་ས་མང་བ། གྲུབ་འབྲས་གཟེངས་སུ་ཐོན་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་གཏིང་ཟབ་དང་ཏན་ཏིག་ཡིན་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་ལྡན་དང་ཕན་ནུས་ལྡན་པ། བསམ་པའི་དཔལ་ཡོན་ལ་ཕན་འབྲས་ཐོན་པ། རིག་རྩལ་གསར་རྩོམ་གྱི་རིག་གནས་བྱ་གཞག་དེ་འཕེལ་རྒྱས་དོ་མཉམ་ཡིན་པ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བདེ་འཇགས་དང་བརྟན་པོ་ཡིན་པ། ཚད་གཞི་མཐོན་པོའི་སྒོ་ནས221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བདེ་སྤྱོད་ཀྱི“བཟོ་སྐྲུན་དང་པོར”སྐུལ་འདེད་བཏང་བ། རྡུལ་ཕྲན་མཁར་དྲན་གསོ་ཁང་དེ་རྒྱལ་ཡོངས་ཀྱི“ཚན་རིག་པའི་བསམ་པའི་སློབ་གསོའི་རྟེན་གཞི”དང“བསམ་བློ་ཆབ་སྲིད་སློབ་ཁྲིད་ཆེན་མོའི”ལག་ལེན་སློབ་ཁྲིད་རྟེན་གཞི་ཐོག་མར་བདམས་པ་དང་། གསར་བརྗེའི་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ། “གསར་བརྗེ+N”ཞིབ་འཇུག་སློབ་སྦྱོང་གི་སློབ་ཚན་བཏོན་པ། མཚོ་བྱང་སྙིང་སྟོབས་ཀྱི་བཙན་ས“མགྱོགས་མྱུར་འཕེལ་རྒྱས་གཏོང་བ”བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་ཆེད་བསམ་བློའི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། 2023ལོར་ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའི་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱ་རྒྱུའི་བྱ་བའི་གཙོ་གནད་ལ་རྩེ་གཅིག་ཏུ་དམིགས་ནས། དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྡུད། འཇོན་མི་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་གཏོད་པ་བཅས་ཀྱི་འགན་འཁྲིའི་ལས་འགན་མཐའ་གཅིག་ཏུ་འཁུར་དགོས་པ། རིགས་པའི་གཞུང་ལུགས་ཀྱི་གླེང་ཕྱོགས་མུ་མཐུད་སྟོབས་ཆེར་གཏོང་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་པོ་སྲུང་བ། རིག་གནས་དཔལ་ཡོན་ཟབ་ཏུ་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་མཚོ་བྱང་གི“243”འཕེལ་རྒྱས་ཀྱི་བཀོད་པ་གཏོད་ཆེད་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་མཚོ་བྱང་གིས་ལེའུ་སྐྲུན་ནས་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་པར་བསྟན།

3.jpg微信图片_20230321172149.jpg4.jpg5.jpg6.jpg7.jpg

   ཚོགས་ཐོག་ཏུ2023ལོར་ཁུལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཕྱོགས་དྲུག་ཐད་ཀྱི་བྱ་བ་གལ་ཆེན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཏེ། གཅིག་ནས་ལས་འགན་གཙོ་བོ་དམ་པོར་དམིགས་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྟོབས་འཕེལ་བར་བྱེད་དགོས། གཉིས་ནས་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་དགོས་པ་དང་། སྨྱན་སྦྱོར་གྱི་མཉམ་ལས་དང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། སྨྱན་སྦྱོར་གྱི་བཅོས་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་བའི་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། གསུམ་ནས་དཔལ་ཡོན་སྲོལ་གཏོད་གཏིང་ཟབ་བྱེད་དགོས་པ་དང་། ཕུགས་བསམ་དད་སེམས་ཀྱི་སློབ་གསོར་སྐུལ་འདེད་ཧུར་ཐག་གཏོང་བ། རིག་གནས་དམངས་ཕན་བཟོ་སྐྲུན་གསར་གཏོད་ལག་བསྟར་བྱས་ནས་མི་རིགས་སོ་སོར་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། བཞི་ནས་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་དགོས་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། དྲ་རྒྱའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས། ལྔ་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏང་དགོས་པ་དང་། མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བའི་དྲིལ་སྒྲོག་འཕྲིན་སྤེལ་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱེད་དགོས། དྲུག་ནས“ནུས་བཞིའི”འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་། སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་འཇོན་ཐང་ཅན་གྱི་དྲིལ་སྒྲོག་བསམ་བློའི་དཔུང་ཁག་ཅིག་གཏོད་དགོས།

8.jpg9.jpg10.jpg11.jpg

    ཚོགས་ཐོག་ཏུ2022ལོའི་ལོ་འཁོར་མོའི་གསར་འགྱུར་དྲིལ་སྒྲོག་གི་སྔོན་ཐོན་ཐུན་མོང་དང་། ཕུལ་བྱུང་གསར་འགོད་པ། ཕུལ་བྱུང་འཕྲིན་གཏོང་བ། མཚོ་བྱང་གསར་འགྱུར་བྱ་དགའ་ཐོབ་པའི་བརྩམས་ཆོས་བཅས་ལ་གཟེངས་བསྟོད་བྱས་ཤིང་། རྫོང་སོ་སོའི་དྲིལ་སྒྲོག་པུའི་འགན་འཁུར་བློ་མཐུན་གྱིས་བྱ་བ་སྒྲུབ་པའི་གནས་ཚུལ་སྙན་ཞུ་ཕུལ། རྫོང་སོ་སོའི་དྲིལ་སྒྲོག་པུའི་པུའུ་ཀྲང་དང་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རིན། དྲ་རྒྱའི་གླེང་ཕྱོགས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན། ཁུལ་ཨུའི་སྡེ་ཁག་སོ་སོ་དང་། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། 


མཉམ་སྤྱོད།