དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-22 09:29:47   |   220

སྒྲིག་སྐྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ས་གནས་དེ་གའི་དུས་ཚོད་ཚེས21ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་།

  • ས་གནས་དེ་གའི་དུས་ཚོད་ཚེས21ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཕོ་བྲང་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ《དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པ་དང་འབྲེལ་ཁྱབ་སྤེལ་བྱས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པ་དང་མཇལ་འཕྲད་གནང་།

  • ས་གནས་དེ་གའི་དུས་ཚོད་ཚེས21ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཐོག་ཁང་ཆེན་མོར་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཕྲད་གནང་།

  • དམངས་སྤྱོད་མཁའ་འགྲུལ་ཅུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ2པར་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི4320ཟིན་ཡོད། དེ་དུས་མཚུངས་ལས་38%འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་གྱི་ཤོངས་ཚད་ཆན་ཝ་དུང་ཕྱུར26.0ཙམ་ཟིན་པ་དང་། དེ་དུས་མཚུངས་ལས8.5%འཕར་ཡོད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར34.65ཟིན་ཡོད། གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།

  • རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས2023ལོའི“3•15”པར་སྐྲུན་སྤུས་ཚད་ཞིབ་བཤེར་ཀྱི་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་ནས། སློབ་གྲྭ་འབྲིང་ཆུང་གི་གཙོ་གནད་སློབ་གཞི་པར་འདེབས་དང་ཁོར་ཡུག་སྲུང་སྐྱོང་གི་སྤུས་ཚད་ལ་ཞིབ་བཤེར་བྱས།

1.jpg

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་ནས་ཟླ4ཚེས1ཉིན་ནས་བཟུང་། བྱིས་པ་སྐྱེས་པའི་གསོ་རིག་དཔང་ཡིག(པར་གཞི་བདུན་པ)སྤྱོད་མགོ་ཚུགས་ཡོད།

2.png

  • ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གིས2023ལོའི་མཁའ་གྲུ་ཨང་དྲུག་པ་དང་། ལྷ་གྲུ་ཨང་བཅུ་དྲུག་པ། ལྷ་གྲུ་ཨང་བཅུ་བདུན་པ་བཅས་འཕུར་སྐྱོད་ལས་འགན་གྱི་མཚོན་རྟགས་ཡོངས་བསྒྲགས་བྱས།

  • པའེ་ཏེང་གིས“ཕྲོག་གསར་ནད་དུག་མགོ་ཁུངས་ཁྲིམས་གཞིར”མིང་རྟགས་བཀོད་ནས་བཅའ་ཁྲིམས་སུ་གྱུར་པར་བྱས། ངེད་ཕྱི་འབྲེལ་པུས་ཚེས21ཉིན། ཨ་ལན་བསློགས་ནས་ཀྲུང་གོ་ཕྱོགས་ཀྱིས་དེར་ཡི་རང་གཏན་ནས་མི་བྱེད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཟེར།

སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་རྡུལ་གྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན། དེ་རིང་ཧོང་ཧའེ་ནུབ་རྒྱུད་དང་། ཤར་རྒྱ་མཚོའི་ནུབ་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་མཚོ་ཁོངས་སུ་མཐོང་ཚད་སྤྱི་ལེ་གཅིག་ཀྱང་ཟིན་མེད་པའི་སྨུག་པ་ཆེན་པོ་འཐིབས་རྒྱུ་རེད།

  • སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ8155དེ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་མིང་ཐོ་ནང་བཅུག་ཡོད་པ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་བརྟག་དཔྱད་སྙན་ཞུ་ལས་མངོན་པ་ལྟར་ན། མིག་སྔར། ཁྲོམ་རའི་ཐོག་གི“ཕྱོགས་གསུམ་པའི་ཚད་ལེན་དཔྱད་འཇོག”དེ་སྤུས་ཚད་ཡག་པོ་མེད་པ་དང་། ཁག་གཅིག་ལ“ཚོང་པར་བརྟེན་ནས་དཔྱད་འཇོག་པ་གསོ་སྐྱོང་བྱེད་པ”དང“དཔྱད་འཇོག་ལ་བརྟེན་ནས་ཚོང་པ་གསོ་ཚགས་བྱེད་པའི”དོགས་གཞི་ཡོད་པ་རེད།

  • བཟོ་འཕྲིན་པུས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་ཡོད་པའིAPPདངSDKབཅས55ཁྱབ་བསྒྲགས་བྱས་ཡོད།

4.jpg

  • ཚེས21ཉིན་འཚོགས་པའི2023ལོའི་རྒྱལ་ཡོངས་ཀྱི་ཆུ་མཆོང་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི10ཡི་མཆོང་སྟེགས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་། ཁྲེན་ཡུས་ཅིང་གིས་སྐར་མ416.25ཡི་སྤྱིའི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་རེད།

5.jpg

  • ཉེ་ཆར། རྒྱལ་ནང་གི་ཆན་ཝ500ཟིན་པའི་ཆིང་འབར་རྫས་གློག་རྫས་སྒུལ་ཤུགས་གྲུ་གཟིངས་དང་པོ་སྟེ། “འགག་གསུམ་ཆིང་གྲུ་གཟིངས་ཨང་དང་པོ”ཀོང་ཏུང་ཀྲུང་ཧྲན་དུ་ཆུར་ཞུགས་པ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་ཆོག་མཆན་ཐོབ་པ་བརྒྱུད། ཚེས21ཉིན“ཧང་ཀྲོའུ་ཡི་ཆུང་མ་བསད་པའི་གྱོད་གཞིར”ཞུ་སྦྱོར་ཕྱི་མ་ཞུས་གོ་ལི་སྲོག་ཁྲིམས་བཅད་པ་རེད།

  • ནན་ཧྭ་སློབ་ཆེན་གྱི་སློབ་མ་ཞིག་གིས་སློབ་གྲོགས་བུ་མོའི་འདྲ་པར་བརྫུས་ནས་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད། ཚེས21ཉིན་ནན་ཧྭ་སློབ་ཆེན་གྱིས་བརྟག་དཔྱད་བྱས་པ་བརྒྱུད། སློབ་མ་དེའི་ཁྲིམས་འགལ་བྱེད་སྤྱོད་ངོ་མ་ཡིན་པས། སློབ་གྲྭ་ནས་འབུད་པའི་ཆད་པ་གཅོད་རྒྱུ་ཡིན་ཞེས་ལན་བཏབ་ཡོད།

  • ཀོང་ཏུང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས22ཉིན་གྱི་ཆུ་ཚོད6པ་ནས18བར། ལྷོ་རྒྱ་མཚོའི་ཧྲན་ཝུའེ་ཀུའེ་ལིན་གླིང་ཕྲན(汕尾龟龄岛)ཉེ་འགྲམ་གྱི་མཚོ་ཁོངས་སུ་མེ་མདའ་དངོས་སུ་འཕེན་པའི་ནང་སྦྱོང་བྱས་ནས་མཚོ་འགྲུལ་བྱེད་མི་ཆོག་པ་བྱས་ཡོད།

6.jpg

  • ཀྲེ་ཅང་སློབ་ཆེན་གྱི་ཀའོ་མིང་ཧོ་དང་། ཅང་པོ་ཧྥེང་། ཁྲེན་ཙེ་ཝུན། ཀྲེང་ཧྥུ་ཅུན་བཅས་སློབ་གྲོགས་བཞིས་ཉལ་ཁང་གི་མིང་ཐོག་ནས་སློབ་སྐྱོར་རོགས་དངུལ་བཙུགས་ཏེ། བསྟུད་མར་ལོ20རིང་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱ་རྒྱུའི་ཁ་ཆད་བཞག་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བྱེད་ཐབས་བཏོན་ནས་སྤྱི་དམངས་ལ་རིན་དངུལ་མི་ལེན་པའམ་ཡང་ན་གཟིགས་སྐྱོང་བྱེད་པའི་རྒྱལ་ཁབ་ལ་དབང་བ་མིན་པའི་མཛེས་རྩལ་ཁང་དེར།  རིག་གནས་གནས་སྐོར་སྡེ་ཁག་གིས་དེར་རྣམ་གྲངས་ཁ་གསབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་དངུལ་གྱི་རོགས་སྐྱོར་བྱས་ཆོག

  • ཧུའུ་ནན་གྱིས་བྱེད་ཐབས་བཏོན་ནས་མང་ཚོགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སོགས་ཐེར་འདོན་བྱས་པར། ཆེས་མང་ན་བྱ་དགའ་སྒོར་ཁྲི30ཐོབ་རྒྱུ་རེད།

  • ཁྲུང་ཆིང་གིས་བརྡ་ཐོ་བཏང་ནས་ས་གནས་དེ་གར་རླངས་འཁོར་གསར་པ་ཉོས་པ་དང་། ཁྲིམས་ལྟར་ཁྲལ་འཇལ་བའམ་ཡང་ན་འོས་འགན་རེ་ཞུ་བྱེད་པ།  དེ་འབྲེལ་གྱི་འགྲོ་ལུགས་འཐུས་ཚང་བཟོས་པར། རླངས་འཁོར་རེར་ཁ་གསབ་སྒོར3000སྤྲོད་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ། ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད།  དེའི་ནང་། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་ཀྱི་རེད། ཅང་ཧོའེ་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་བྱང་རྒྱུད། ཀུའེ་ཀྲོའུ་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད།

7.jpg

  • ཧྲང་ཧེ།  ཚེས26ཉིན། ཧྲང་ཧེ་ཧུང་ཆའོ་གནམ་ཐང་གིས་རྒྱལ་སྤྱི་དང་ཤང་ཀང་ཨའོ་མོན། ཐེ་ཝན་བཅས་ཀྱི་མཁའ་ལམ་སླར་གསོ་བྱ་རྒྱུ་ཡིན་པ་རེད།

  • ཧེ་ནན།  ཧེ་ཁོའུ་ལྷོའི་གྲུ་ཁའི་ཁྲལ་འཇལ་མི་དགོས་པའི་ཚོང་ཟོག་ཉོ་བའི་ས་ཚིགས་དེ་ཚེས23ཉིན་དངོས་སུ་སྒོ་ཕྱེ་རྒྱུ་རེད། 


མཉམ་སྤྱོད།