དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-30 08:59:01   |   257

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • སྐོར་ཁག་བརྒྱད་པའི་རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་གྲངས་འབོར་ཉོ་སྒྲུབ་སྒྲིག་འཛུགས་བྱས་ནས་ཚེས29ཉིན་འདེམས་སྒྲུག་བྱེད་འཆར་ཡོད་པའི་འབྲས་བུ(拟中选结果)ཐོན་པ་དང་། ཆ་སྙོམས་བྱས་ན་སྨན་གོང56%བཅག་ཡོད།

  • བཟོ་འཕྲིན་པུའུ་སོགས་སྡེ་ཚན་བཅུ་གཅིག་གིས་མཉམ་འབྲེལ་ཐོག་བསམ་འཆར་ཁྱབ་བསྒྲགས་བྱས་ནས2025ལོར་སླེབས་སྐབས། ལོའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར1000ལས་བརྒལ་བའི་སྲོལ་རྒྱུན་གྱི་ལེགས་ཆ་ཡོད་པའི་བཟའ་བཅའི་ཐོན་ཁུལ5སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་བསྟན་དོན། རང་རྒྱལ་གྱིས་འཛེར་སྒྲའི(噪声)རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས3800ལྷག་ཙམ་འཛུགས་སྐྲུན་བྱས་ཏེ། འཕྲུལ་སྒུལ་འཁོར་རིགས་ཀྱིས་“ཁྲོམ་གཏོར་བ(炸街)”སོགས་ཀྱི་གནད་དོན་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

  • ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། རྒྱལ་ཡོངས་ཀྱི་ཕྱི་རྒྱལ་དུ་སྐྱོད་པའི་དཔལ་འབྱོར་ཚོང་དོན་འགྲེམས་སྟོན་ལ་སླར་གསོའི་རང་བཞིན་གྱི་འཕར་བའི་རྣམ་པ་མངོན་པ་དང་། འགྲེམས་སྟོན་རྣམ་གྲངས་མང་ཆེ་བའི་འགྲེམས་སྟོན་གནས་ཚུལ་སྔོན་དཔག་ལས་ལེགས་པ་རེད།

  • ད་ལོའི་ཟླ1པོ་ནས2པའི་བར། རང་རྒྱལ་གྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་དུས་མཚུངས་ལས2.9%འཕར་བ་དང་། ཟོག་འགྲེམས་དགོས་མཁོའི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་ཕྱིན་ནས་ཁྱབ་ཁོངས་མང་པོར་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད།

1.jpg

  • ཚེས29ཉིན། གོ་ལ་ཧྲིལ་པོའི་ཆེས་ཆེ་བ་དང་རྒྱལ་ནང་གི་ཏུན་ཁྲི་རིམ་པའི་རྒྱ་མཚོའི་འཕྲིན་གཏོང་སྐུད་ལམ་འདིང་བའི་གྲུ་གཟིངས་ཐོག་མ་སྟེ། “ལུང་ཡེན9བ”རྟགས་ཅན་དེ་ཅང་ཤིས་ཅིའུ་ཅང(江西九江)དུ་ཆུ་འཛུལ་བྱས་པ་རེད།

  • ཚའེ་དབྱིང་ཝུན(蔡英文)གྱིས“རྒྱལ་མཚམས་སྒྲོལ་ནས”ཨ་རིར་འཚམས་འདྲིར་ཕེབས་རྩིས་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་དོན་ཁང་གིས “རྒྱལ་མཚམས་སྒྲོལ་བ”ཟེར་བ་དེ་ངོ་བོའི་ཐོག་ནས“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་བྱེད་པའི་”འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཅིག་ཡིན་པས། བྱེད་ཐབས་སྤྱད་དེ་རྒོལ་ལན་མཐའ་གཅིག་ཏུ་སློག་རྒྱུ་ཡིན་ཞེས་བཤད་པ་རེད།

2.jpg

  • ཉིའུ་ཧོང(日本)ཕྱོགས་ཀྱིས་སློབ་དེབ་ལ་བཟོ་བཅོས་བརྒྱབ་ནས་ཕྱོགས་རྐྱང་པའི་རྒྱལ་ཁབ་མངའ་ཁོངས་ཀྱི་འདོད་ཚུལ་འུད་སྒྲོག་བྱེད་ཀྱི་ཡོད། ངའི་ཕྱི་འབྲེལ་པུའུ་ཡིས་སློབ་དེབ་ཐོག་ཉིའུ་ཧོང་ཕྱོགས་ཀྱིས་གང་ཞིག་བྲིས་ཀྱང་། ཏེའོ་ཡུས་གླིང་ཕྲན(钓鱼岛)ཀྲུང་གོར་གཏོགས་པའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ་ཅེས་ལན་བཏབ་པ་རེད། 

  • ཚེས29ཉིན། རང་རྒྱལ་གྱིས་གཤེར་འགྱུར་རང་བྱུང་སོལ་རླངས་ཀྱི་རྒྱལ་མཚམས་སྒྲོལ་བའི་དམངས་སྒོར་གྱིས་རྩིས་རྒྱག་པའི་ཉོ་ཚོང་ཐོག་མ་དེ་ལེགས་གྲུབ་བྱུང་ཡོད།

  • རྒྱལ་སྤྱིའི་ཨའོ་རྩལ་ཨུ་ཡོན་ལྷན་ཁང(国际奥委会)གིས་ཨུ་རུ་སུ་དང་བྷེ་ཨུ་རུ་སུའི(白俄罗斯)ལུས་རྩལ་པས་བར་གནས(中立)དང་མི་སྒེར་གྱི་ཐོབ་ཐང་ཐོག་ནས་རྒྱལ་སྤྱིའི་འགྲན་རར་བསྐྱར་ལོག་བྱ་རྒྱུའི་གྲོས་མགོ་བཏོན་པ་རེད།

སྤྱི་ཚོགས།

  • ཟླ4ཚེས1ནས5ཉིན་བར། རང་རྒྱལ་དུ་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཆེ་ཙམ་ཐེབས་རྒྱུ་ཡིན་པ་དང་། བྱང་ཕྱོགས་ས་ཁུལ་མང་ཆེ་བའི་དྲོད་ཚད་ཏུའུ6ནས10བར་ཆག་པ་དང་། ལྷོ་ཕྱོགས་ས་ཁུལ་གྱི་དྲོད་ཚད་ཏུའུ4ནས8བར་ཆག་རྒྱུ་རེད།

  • རིག་གནས་གནས་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་ཆར《བྱང་ཤར་ས་ཁུལ(东北地区)གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་འཆར་འགོད》མཉམ་འབྲེལ་ཐོག་པར་འགྲེམས་བྱས།

  • ཅང་ཤིས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་དབྱིན་མེ་ཀེན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས(中国田径协会)ཀྱི་ཀྲུའུ་ཞི་ཡུས་ཧུང་ཁྲེན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་རུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་དང་། ཧུའུ་པེ(湖北)ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཀྲུང་ཁྲོ་མཉམ་འབྲེལ་འགྲན་བསྡུར(中超联赛)ཚད་ཡོད་འགན་འཁྲི་ཀུང་སིའི་དེ་སྔའི་སྤྱི་ཁྱབ་གཉེར་བ་ཏུང་ཀྲེང་ལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་རུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་དང་། ཧུའུ་པེ(湖北)ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཚེས29ཉིན། རྒྱལ་ཁབ་ཀྱི་ཆུ་བེད་ལས་གྲྭ་གལ་ཆེན་སྟེ། སན་པཱ་(三坝)ཆུ་མཛོད་ལས་གྲྭ་དེ་སི་ཁྲོན་ཏ་དབྱི(四川大邑)རུ་འཛུགས་སྐྲུན་བྱེད་མགོ་ཚུགས།

3.jpg

  • ཚེས29ཉིན། ཀྲུང་གོ་ཚན་རིག་ཁང་ནུས་ཆེའི་དངོས་ཁམས(高能物理)ཞིབ་འཇུག་སོའོ་དང་ཚན་ཞིབ་སྒྲིག་གཞི40ལྷག་ཙམ་གྱིས་མཉམ་འབྲེལ་ཐོག་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས།  རང་རྒྱལ་གྱི་སྲུང་སྐར་གྱིས་ད་བར་དུ་ཆེས་གསལ་བའི་ཀ་མའི་འཕྲོ་འོད(伽马射线)འཚོལ་ཞིབ་ཚད་ལེན་བྱེད་ཐུབ་བྱུང་ཡོད།

  • པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་གསུམ་པ་དེ་ཟླ4ཚེས22ནས29ཉིན་བར་འཚོགས་རྒྱུ་རེད།

  • ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཆུ་བྱ་ནག་པོ་དེ་སི་ཁྲོན་མཛོད་དགེ་འདམ་རའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དུ་འབྱོར་བ་དང་། ཁྱུ་ཚོགས་ཀྱི་གྲངས་འབོར་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།

4.jpg

  • ཧུའུ་པེའི་ཨེན་ཧྲི(湖北恩施)ཐན་ཅ་ཡུས་ཀྱིས་ཕྱི་རོལ་དུ་ལོ་15འབད་འཐབ་བྱས་པ་དང་། དཔལ་འབྱོར་ཆ་རྐྱེན་ལེགས་སུ་ཕྱིན་རྗེས་ཁོང་གིས་མ་དངུལ་སྒོར་ཁྲི20ལྷག་ཙམ་བཏང་ནས་རང་ཁྱིམ་གྱི་ཁང་པ་རྙིང་པ་དེ་གྲོང་གསེབ་དཔེ་མཛོད་ཁང་དུ་བསྒྱུར་ནས་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་རེད།

སྲིད་ཇུས།

  • པེ་ཅིང་གིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས་སྤྱི་པའི་སྒྲིག་གཞིའི་འཛུགས་སྐྲུན་དང་། གླིང་ཁུལ། བཟོ་ཁང་བཅས་ཀྱི་ཐོག་ཏུ་འོད་ཤུགས་ཁེབས་ཚད50%ལས་མི་དམའ་བ་བྱ་རྒྱུ་ཁ་གསལ་བཏོན་ཡོད།

  • ཡུན་ནན་གྱིས་སྲོལ་ཡིག་ལ་གྲོས་འཆམ་བྱས་ཏེ། སྲིད་གཞུང་གིས་གཉེར་བའི་ཕྱོགས་བསྡུས་སྨན་ཁང་གིས་ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཚན་ཁག་བཙུགས་ནས་ཀྲུང་ལུགས་གསོ་རིག་གི་སྒོ་བསྟེན་སྨན་བཅོས་དང་ཀྲུང་ལུགས་གསོ་རིག་གི་ནད་ཁྲི་འཛུགས་དགོས།

  • ཀུའེ་ཀྲོའུ་ཡིས་བྱེད་ཐབས་བཏོན་ནས་གོ་མིང་དཔྱད་ཞིབ(职称评定)ཤོག་བུ་མེད་པར་འགྱུར(无纸化)བར་སྐུལ་འདེད་བཏང་བ་དང་། དཔྱད་འདེམས་ཨུ་ལྷན་ཁག་གིས་དགོས་པ་མེད་པར་སྙན་ཞུ་འབུལ་མཁན་ལ་ཤོག་རིགས་རེ་ཞུའི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་མི་འདོན་པ་ཡིན།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། སི་ཁྲོན་གྱི་ལྷོ་རྒྱུད་དང་། ཡུན་ནན་གྱི་ཤར་རྒྱུད། ཀོང་ཏུང་། ཧུའུ་ནན་གྱི་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཀྲེ་ཅང་། ཧྥུ་ཅན། ཧེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད།

5.jpg

  • ལས་ཞུགས། ཉེ་ཆར། རྒྱལ་ཁབ་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་སུ་དྲ་ཐོག(线上)གི་གདན་ཞུའི(招聘)བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།  སློབ་ཐོན་སློབ་མས་རྩ་གཉིས་ཨང་རྟགས་བཤེར་ནས་དེར་ཞུགས་ཆོག་གི་ཡོད་པ་རེད།

  • འགྲོ་སྐྱོད། ཟླ4ཚེས1ཉིན་ནས་བཟུང་། ཧྲང་ཧའེ་ཧུང་ཆའོ(上海虹桥)ནས་ཤང་ཀང་ནུབ་ཅིའུ་ལུང(香港西九龙)བར་གྱི་མྱུར་བགྲོད་ལྕགས་ལམ་སླར་གསོ་བྱེད་རྒྱུ་རེད།


མཉམ་སྤྱོད།