དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-06 09:17:14   |   507

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཚེས5ནས7ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། ཚེས5ཉིན་གྱི་ཕྱི་དྲོ། མ་ཁེ་ལུང་དང་བཅས་པ་པེ་ཅིང་དུ་འབྱོར་བ་དང་། ད་ཐེངས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་ལྟ་སྐོར་དང་འཚམས་འདྲི་བྱེད་པར་བསྐྱོད་རྒྱུ་རེད།

  • མིག་སྔར་རྒྱལ་ཡོངས་སུ་དཔྱིད་འདེབས་འབྲུ་རིགས་མུའུ་ཁྲི8260ལྷག་ཙམ་ཟིན་པ་དང་། དེ་སྔའི་བསམ་ཚུལ(意向面积)གྱི་རྒྱ་ཁྱོན་གྱི8.7%ལེགས་གྲུབ་བྱུང་བ་དང་། དུས་མཚུངས་དང་འཕེལ་རིམ་འདྲ་མཚུངས་ཡོད་པ་རེད།

  • 2023ལོའི་དྭངས་གསལ་དུས་ཚིགས(清明节)ཀྱི་གུང་གསེང་རིང་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་ཁྲི2376.64ཟིན་པ་དང་། སྔོན་དཔག་བྱས་ན་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར65.20ཟིན་རྒྱུ་རེད།

  • དམངས་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་ཉིན་དེར་མི་ཐེངས་ཁྲི1039.46ཡིས་ལྗང་མདོག་ཐཱན་ཉུང་གི་དུར་ཕྱག(绿色低碳祭扫)བྱས་པ་རེད།

1.jpg

  • ཚེས5ཉིན། ཐེ་ཝན་མཚོ་འགག་གི་སྐོར་ཞིབ་རོགས་སྐྱོབ་གྲུ་གཟིངས་ཆེ་གྲས“མཚོ་སྐོར06”གྲུ་གཟིངས་ཀྱིས་སྣེ་ཁྲིད་པའི་མཚོ་དོན་ཁྲིམས་འཛིན་གྲུ་གཟིངས་དཔུང་རུས་ཐེ་ཝན་མཚོ་འགག་དབུས་བྱང་རྒྱུད་དུ་མཉམ་འབྲེལ་སྐོར་ཞིབ་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་མགོ་ཚུགས་པ་རེད།

  • ད་ལོའི་དུས་ཚིགས་དང་པོར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(中欧班列)(ཝུའུ་ཧན)ཁྱོན་སྡོམ་ཐེངས256བཏང་བ་དང་། དུས་མཚུངས་ལས187.6%འཕར་ཡོད།

  • ཉིའུ་ཧོང(日本)གིས་གློག་འདྲེན་ཕྱེད་རྫས(半导体)ཕྱིར་གཏོང་དོ་དམ་ལག་བསྟར་བྱེད་རྩིས་ཡོད་པ་ཁྱབ་བསྒྲགས་བྱས།  ངའི་ཚོང་དོན་པུས་གལ་སྲིད་ཉིའུ་ཧོང་ཕྱོགས་ཀྱིས་ཀྲུང་གོ་དང་ཉིའུ་ཧོང་གི་གློག་འདྲེན་ཕྱེད་རྫས་ཀྱི་ཐོན་ལས་མཉམ་ལས་ལ་བཀག་འགོག་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་ཐག་ཆོད་པོའི་བྱེད་ཐབས་སྤྱད་དེ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • 2023ཁ་ཐར(卡塔尔)གྱི་ཨེ་ཤེ་ཡའི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་སང་ལོའི་ཟླ1ཚེས12ཉིན་འཚོག་རྒྱུ་རེད།  སྤོ་ལོ་རུ་ཁག24དེ་ཚོགས་ཆུང6ཏུ་བགོས་ཡོད་པ་དང་།  རང་རྒྱལ་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་རིམ་པ་གཉིས(位列二档)པར་སླེབས་རྒྱུ་རེད།

  • འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོར། གོ་ལ་ཧྲིལ་པོའི་ཚོང་ཟོག་ཉོ་ཚོང་བྱེད་ཚད་ཀྱི་འཕར་ཚད་དེ1.7%བར་ཇེ་དལ་དུ་འགྲོ་རྒྱུ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ནང་སོག་གི་དབུས་ཤར་རྒྱུད། ཧྭ་བྱང་བྱང་རྒྱུད། བྱང་ཤར་ས་ཁུལ་སོགས་ཀྱི་དྲོད་ཚད4~6℃མར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་ཏུའུ8-10℃མར་ཆག་རྒྱུ་རེད།

  • ཚེས5ཉིན། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས(物流与采购联合会)ཀྱིས་ཟླ3པར་ཀྲུང་གོའི་ཚོང་ཟོག་ཆེ་གྲས་ཀྱི་སྟོན་གྲངས103.4%ཟིན་ནས2020ལོའི་ཟླ8པ་ཚུན་གྱི་མཐོ་ཤོས་སུ་སླེབས་ཡོད་ཅེས་ཁྱབ་བསྒྲགས་བྱས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་མིག་ཤེལ་ཐོན་རྫས(眼镜产品)ཀྱི་སྤུས་ཚད་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་གནས་ཚུལ་བརྡ་ཁྱབ་བཏང་། ཚད་གཞི་ལོན་མེད་པའི་ཚད3.2%ཟིན་ཡོད།

  • ཀྲུང་གོ་ཀོང་ཏ་སྡེ་ཚོགས་མ་རྐང་ཀུང་སིའི(中国光大集团)དེ་སྔའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང(董事长)ལི་ཞའོ་ཕུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • སྐབས133པའི་ཀོང་ཀྲོའུ(广州)ཉོ་ཚོང་འདུ་ཚོགས(广交会)དེ་ད་ལོའི་ཟླ4ཚེས15ཉིན་ནས་ཟླ5ཚེས5ཉིན་བར་སྤེལ་རྒྱུ་རེད།

  • པེ་ཅིང་གྲོང་ཁྱེར་གྱིས་སྨན་བཅོས་བྱམས་སྐྱོང་(安宁疗护)ཞབས་ཞུའི་མ་ལག་འཛུགས་སྐྲུན་མགྱོགས་སུ་བཏང་ནས2022ལོའི་ལོ་མཇུག་བར་དུ། སྨན་བཅོས་སྒྲིག་གཞི95ཡིས་སྨན་བཅོས་བྱམས་སྐྱོང་གི་ཚན་ཁག་བཙུགས་ཡོད།

2.jpg

  • སྐྱེ་ཁུངས་ཧྥུའུ་ཅན་ཁྲང་ཐིང(福建长汀籍)ཡིན་པའི་དམར་དམག་རྒན་གྲས།  རྒྱལ་ཁབ་འཛུགས་པར་ཞུགས་མཁན་གྱི་ཧྲའོ་ཅང(开国少将)། དམག་དོན་གསོ་རིག་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་། བློ་མཐུན་ཐུའུ་ཐུང་ཅིན(涂通今)ནད་གཞིས་དབང་གིས་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེས3ཉིན་གྱི་དགོང་མོ་པེ་ཅིན་དུ་སྐུ་གཤེགས། དགུང་ལོ109ཡིན།

3.jpg

  • བོད་ལྗོངས་སུ་སྣ་མའི་མེ་ཏོག་གི་རྩི་ཤིང་གསར་བ་ཞིག་ཤེས་རྟོགས་བྱུང་ཡོད་པ་སྟེ། མེ་ཏོག་རྫོང་གི་རིགས་མི་འདྲ་བའི་སྣ་མ་ཡིན།

  • སི་ཁྲོན་ཁྲེང་ཏུའུ(成都)ཡི་སྐྱེས་པ་ཞིག་གིས་ལག་ཏུ་གྲི་བཟུང་ནས་ཁྲོམ་གཞུང་དུ་ཟིང་ཆ་བསླངས།  ཕྱི་བཙོང་ལས་གཉེར་པ(外卖小哥)ཁྲིན་ཞའོ་ཧྥེང་དང་ལམ་པས(路人)མཉམ་དུ་བཏུལ་བས་མི་སྣ་ཤི་རྨས་བྱུང་མེད།

སྲིད་ཇུས།

  • ཅང་སུའུ་ཡིས་སྤྱི་པའི་བང་སོ་དོ་དམ་གྱི་གཏན་འབེབས་གསར་པ་བཏོན།  སྤྱི་ཕན་རང་བཞིན་གྱི་སྤྱི་པའི་བང་སོ་དེ་དེ་སྔའི་གྲོང་གསེབ་ས་ཁུལ་དུ་ཚོད་འཛིན་བྱས་པ་ནས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་རྒྱ་ཆེར་བཏང་ཡོད།

  • ཧོ་ཧྥེ(合肥)ཡིས་ཁང་པ་ཉོ་བའི་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། ལོ60དང་དེ་ཡན་གྱི་ཁོངས་མི་ཡོད་ཅིང་། གྲོང་ཁྱེར་དེ་གའི་ཐེམ་ཐོ་ཡོད་པའི་གྲོང་མིའི་ཁྱིམ་ཚང་གིས་སྡོད་ཁང་གསུམ་ཉོ་ཆོག་པ་རེད།

  • ཧྥུའུ་ཀྲོའུ(福州)ཡིས་སྤྱི་གསོག་མ་དངུལ(公积金)ལེན་པའི་སྒྲིག་སྲོལ་ཇེ་ལེགས་སུ་བཏང་ནས་ལས་བཟོའི་ཁྱིམ་ཚང་གིས་ཟླ་རེར་སྤྱི་གསོག་མ་དངུལ་བླངས་ནས་ཁང་གླ་སྤྲོད་རྒྱུའི་རེ་ཞུ་བྱེད་ཆོག

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཁྲུང་ཆིང་གི་དབུས་བྱང་རྒྱུད་དང་། ཀུའེ་ཀྲོའུ་ཤར་རྒྱུད། ཧུའུ་ནན(湖南)དབུས་རྒྱུད། ཅང་ཤིས་བྱང་རྒྱུད། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཕུའུ་ཅན། ཀོང་ཤིས་ཀྱི་ཤར་རྒྱུད། ཀོང་ཏུང་གི་དབུས་ལྷོ་རྒྱུད། ཧའེ་ནན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཧྥུའུ་ཅན་ཤར་ལྷོའི་རྒྱུད་དང་ཀོང་ཏུང་གི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།

4.jpg

  • ཅང་སུའུ། 2023ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལུས་རྩལ་ཆེད་ལས་ཀྱི་ཞིང་ཆེན་གྱི་གཅིག་གྱུར་རྒྱུགས་ལེན་དེ་ཚེས8ཉིན་ལེན་མགོ་ཚུགས་རྒྱུ་རེད།

  • ཧོ་པེ(河北)། ཆིན་ཧོང་ཏའོ(秦皇岛)ཡི་མ་ལ་སུང་རྒྱང་རྒྱུག་དེ་ཟླ5ཚེས14ཉིན་སྤེལ་རྒྱུ་རེད། འགྲན་བསྡུར་གྱི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ4ཚེས7ནས17ཉིན་བར་ཡིན།


མཉམ་སྤྱོད།