དེ་རིང་ནི2025ལོའི་ཟླ05པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ལོ་ཁྲིན་དུ་འཚམས་འདྲི་དང་རྟོག་ཞིབ་གནང་།

2023-04-21 12:18:17   |   1646

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   མཚོ་བྱང་སྲིད་དོན།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ལོ་ཁྲིན་གྲོང་ཁྱེར་དུ་འཚམས་འདྲི་དང་རྟོག་ཞིབ་གནང་། ལོ་ཁྲིན་གྲོང་ཁྱེར་གྱི་མགོ་ཁྲིད་ཀྲང་པའེ་ཧྲུན་དང་། ཝང་ཐུང་ཡུས། ཤེ་ཀྲའོ་ཚོན། ལིའུ་ཝུན་ཆང་། ཀྲང་ཐུང་ཆི། མཚོ་བྱང་ཁུལ་གྱི་མགོ་ཁྲིད་པད་རྒྱལ་བཀྲ་ཤིས་དང་། རུང་ཧུང་ཀྲི། སུན་ཙོང་ཞིག་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་རྫོང་བཞིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱེད་སྒོར་ཞུགས།

འཐུས་མི་ཚོགས་པ་ཁུང་ཧྥན་སེན་དྲན་གསོ་ཁང་དང་། ཧྲན་ཤིས་ཚོགས་ཁང་། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཀར་པའོ་སྡེ་ཚོགས་བཅས་སུ་ཡུལ་དངོས་ནས་རྟོག་ཞིབ་གནང་བ་དང་། དྲན་གསོ་ཁང་འཛུགས་སྐྱོང་དང་། གྲོང་ཁྱེར་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བསམ་བློ་བརྗེ་རེས་གཏིང་ཟབ་གནང་།

3.jpg

ལོ་ཁྲིན་དུ་སྡོད་པའི་རིང་། ཀྲང་ཧྲིང་ཡོན་གྱིས་ལོ་ཁྲིན་གྲོང་ཁྱེར་སློབ་འབྲིང་གསུམ་པའི་མཚོ་བྱང་འཛིན་གྲྭའི་དགེ་སློབ་ལ་ལྟ་བར་བསྐྱོད་དེ། མཚོ་བྱང་ཁུལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་མཁན་ལོ་ཁྲིན་སློབ་འབྲིང་གསུམ་པའི་དགེ་རྒན་དང་ལས་བཟོར་ཐུགས་རྗེ་ཆེ་ཞུས་པ་དང་། ལོ་ཁྲིན་གྲོང་ཁྱེར་དུ་སློབ་གཉེར་བྱེད་བཞིན་པའི་མཚོ་བྱང་གི་སློབ་མར་རེ་བ་བཏོན། ཁོང་གིས་བསྟན་དོན། རྟག་ཏུ་དྲིན་ཚོར་གྱི་བསམ་པ་བཅངས་ནས་ཕ་ཡུལ་དུ་ཡོད་པའི་ཕ་མའི་རེ་བ་དང་མངགས་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཧྲན་ཏུང་གིས་མཚོ་བྱང་ལ་བཅངས་པའི་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་དགོས་པ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་འཆང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་མེས་རྒྱལ་དང་ཕ་ཡུལ་འཛུགས་སྐྲུན། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་བཅངས་ནས་དགེ་རྒན་གྱི་བཀའ་དྲིན་དང་སློབ་གྲོགས་ཀྱི་བརྩེ་མདངས་ལ་སྣང་ཆེན་བྱེད་པ།  མི་རིགས་ཁག་གི་སློབ་གྲོགས་དང་གྲོགས་པོ་བསྒྲིགས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན།

4.jpg

ལོ་ཁྲིན་དུ་སྡོད་པའི་རིང་། ཁ་གཏད་རོགས་སྐྱོར་དང་འབྲེལ་མཐུད་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལོ་ཁྲིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་དཔོན་ཀྲང་པའེ་ཧྲུན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཞེ་ཀྲའོ་ཚོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་ཀྲུའུ་རིན་དབྱང་ཧེ་ལུང་གིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། རྐང་ཚ་རྫོང་གིས“ལྔ་བཅུ་བཞིའི”ཚུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རོགས་སྐྲུན་ལས་དོན་སྙན་སེང་ཞུས།

5.jpg

བཞུགས་མོལ་ཚོགས་འདུའི་ཐོག  ལོ་ཁྲིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་དཔོན་ཀྲང་པའེ་ཧྲུན་གྱིས་མཚོ་བྱང་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་བྱང་གིས་དུས་ཡུན་རིང་པོའི་ནང་ལོ་ཁྲིན་མཚོ་སྐྱོར་ལས་བྱེད་པར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ལོ་ཁྲིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་།  ཁོང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ནི་ས་ཁོངས་དོ་མཉམ་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཆེན་པོ་ཞིག་རེད། ལོ་ཁྲིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཕྱོགས་ཡོངས་ནས་རོགས་སྐྱོར་དང་། གནད་སྨིན་རོགས་སྐྱོར། ཡུན་རིང་རོགས་སྐྱོར་བཅས་མཐའ་འཁྱོངས་བྱས་ཏེ། མཚོ་བྱང་དང་རྐང་ཚ་གཉིས་ཀྱི་དོན་དག་དེ་ལོ་ཁྲིན་གྱི་དོན་དག་ཞིག་ཏུ་བརྩིས་ནས་ཆ་སྒྲིག་རོགས་སྐྱོར་ལེགས་སུ་གཏོང་བ་དང་། ཁ་གཏད་གྲོང་རྡལ་དང་གྲོང་ཚོའི་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཉམ་ལས་བྱེད་ཐབས་ཁག་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ“ལམ་སྲོལ་མཉམ་འཛུགས”ཐད་ནུས་ཤུགས་གཅིག་སྒྲིལ་གྱིས་ཚད་བརྒལ་ཡོང་བ་བྱ་རྒྱུ་དང་། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཞིང་ཕྱུགས་ལས་དང་། རིག་གནས་གནས་སྐོར། ཚོང་འགུགས་མ་འདྲེན་བཅས་ལ་དམིགས་ཏེ“འཕེལ་རྒྱས་མཉམ་སྐྱོད”ཐད་ནུས་ཤུགས་གཅིག་སྒྲིལ་གྱིས་ཚད་བརྒལ་ཡོང་བ་བྱེད་པ། ཤེས་ལྡན་མི་སྣ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན་བཅས་ཀྱི་བྱ་གཞག་ཡག་པོ་བསྒྲུབས་ཏེ།“དམངས་འཚོ་མཉམ་སྤྱོད”ཐད་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་དགོས་པ་བསྟན།

6.jpg

ཀྲང་ཧྲིང་ཡོན་གྱིས་ཁུལ་གྱི་ཚན་ཁག་ཆེན་པོ་བཞི་དང་མཚོ་བྱང་མི་རིགས་ཁག་གི་མང་ཚོགས་ཀྱི་ཚབ་ཞུས་ནས་ལོ་མང་རིང་མཚོ་བྱང་ལ་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ལོ་ཁྲིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་དེའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། བསམ་ཕྱོགས། བྱེད་སྟངས་བཅས་ནི་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་སྒོ་འབྱེད་པའི་ནུས་པ་གལ་ཆེན་ལྡན་པས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད། མཚོ་བྱང་གིས་སྔོན་ཐོན་ལ་ཁ་གཏད་པ་དང་བསམ་ཕྱོགས་གསར་གཏོད་བྱས་ཏེ། ལོ་ཁྲིན་གྲོང་ཁྱེར་གྱི་སྔོན་ཐོན་བསམ་ཕྱོགས་འདུ་ཤེས་དང་། ཉམས་མྱོང་བྱེད་ཐབས། འཕེལ་རྒྱས་གཏོང་སྟངས་བཅས་མཚོ་བྱང་གི་དོན་དངོས་ཐོག་སྤྱད་དེ་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ལོ་ཁྲིན་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་མཚོ་བྱང་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ་ཐོན་ལས་དང་། ཤེས་ལྡན་པ། ཐོན་ཁུངས་སོགས་ཀྱི་ལེགས་ཆ་རྒྱུན་མཐུད་འདོན་སྤེལ་དང་། ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་དང་། སྐྱེ་ཁམས་གནས་སྐོར་ལས་རིགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་ལེན་སོགས་ཐད་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། རིག་གནས་གནས་སྐོར་ཐོན་རྫས་དེ་བས་མང་བ་ལོ་ཁྲིན་དང་ཧྲན་ཏུང་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། ལོ་ཁྲིན་གྱི་ཚོང་པ་དེ་བས་མང་བ་མཚོ་བྱང་དུ་མ་འཇོག་ལས་གཏོད་བྱ་རྒྱུར་སྐུལ་སློང་བྱས་ཏེ། ཚོང་ལས་ཀྱི་གོ་སྐབས་བཙལ་ནས་ཐུན་མོང་ཐོག་ས་གནས་གཉིས་ཀྱི་འགྲོ་འོང་དང་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་བཏོད་པར་རེ་བ་ཆེན་པོ་ཡོད་ཟེར།


མཉམ་སྤྱོད།