དེ་རིང་ནི2025ལོའི་ཟླ05པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཝེ་ཧེ་གྲོང་ཁྱེར་དུ་འཚམས་འདྲི་དང་རྟོག་ཞིབ་བྱས།

2023-04-24 09:37:51   |   668

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།     བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ4ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ཝེ་ཧེ་གྲོང་ཁྱེར་དུ་འཚམས་འདྲི་དང་རྟོག་ཞིབ་གནང་བྱས། དེའི་རིང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཝེ་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡན་ཅན་པོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་ནས་གསུང་བཤད་བྱས། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་དཔོན་ཁུང་ཧྥན་ཕིང་གིས་ཝེ་ཧེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་གིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ། འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཙུང་ཞིག་གིས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས།

4.jpg

བཞུགས་མོལ་ཚོགས་འདུའི་ཐོག  ཡན་ཅན་པོ་ཡིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་བྱང་གིས་དུས་ཡུན་རིང་པོའི་ནང་ཝེ་ཧེ་ཡི་མཚོ་སྐྱོར་ལས་བྱེད་པར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ཕྲག་ཏུ་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན། ལོ13རིང་། ཝེ་ཧེ་ཡིས་རོགས་སྐྲུན་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རོགས་སྐྲུན་ལམ་སྲོལ་ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བྱས་ནས་ཕུགས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་དངོས་སྒྲུབ་རྣམ་གྲངས་ཁག་གཅིག་བཏོད་པ་དང་། མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་གཅིག་བསྒྲུབས་ནས་མཚོ་བྱང་ཁུལ་དང་བརྩེ་དུང་ཟབ་མོ་ཆགས་ཡོད། རྒྱང་སྐྱོད་ཀྱི་ལམ་ཁ་གསར་པར་སླེབས་སྐབས་ང་ཚོས་མཚོ་བྱང་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་བཏང་ནས་ད་ཡོད་ཀྱི་རོགས་སྐྲུན་རྣམ་གྲངས་སྲ་བརྟན་དང་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག  རྒྱུན་མཐུད་འབབ་འཕར་ཐུབ་པའི་ཐོན་ལས་རྣམ་གྲངས་དེ་བས་མང་བ་བཏོད་དེ་ཁྱད་ལྡན་རིག་གནས་གནས་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་གསབ་རེས་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་མི་སྣའི་སྤེལ་རེས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཝེ་ཧེ་དང་མཚོ་བྱང་གི་མཛའ་བརྩེ་ཕྱི་ཐག་རིང་ཞིང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར། 

2.jpg

ཀྲང་ཧྲིང་ཡོན་གྱིས་ཁུལ་གྱི་ཚན་ཁག་ཆེན་པོ་བཞི་དང་མཚོ་བྱང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚབ་ཞུས་ནས་ལོ་མང་རིང་མཚོ་བྱང་ལ་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཝེ་ཧེ་ཡིས་འཇུ་ལག་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་སོགས་ཀྱི་ཐད་རོགས་རམ་ཆེན་པོ་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཝེ་ཧེའི་སྟོབས་ཤུགས་ཕུལ་བ་དང་།   རྨང་གཞི་རང་བཞིན་དང་ཡུན་ཕན་རང་བཞིན་གྱི་དོན་ཆེན་དང་དཀའ་གནད་མང་པོ་བསྒྲུབས་པས་མཚོ་བྱང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་སེམས་སུ་བརྟན་པོར་བཅངས་ཡོད་ཞེས་བཤད།  ཝེ་ཧེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།  དེའི་བསམ་ཕྱོགས་དང་བྱེད་ཐབས་རྣམ་པ་དེ་ཚན་རིག་དང་མཐུན་ཞིང་སྔོན་ཐོན་ཡིན་པས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད། མཚོ་བྱང་གིས་ད་ཐེངས་ཀྱི་རྟོག་ཞིབ་སློབ་སྦྱོང་དེ་སྔོན་ཐོན་ཚད་གཞི་དང་སློབ་སྦྱོང་ཉམས་ལེན་བྱེད་པར་བརྩིས་ནས་ཝེ་ཧེ་ཡི་བསམ་ཕྱོགས་འདུ་ཤེས་དང་། ཉམས་མྱོང་དང་བྱེད་ཐབས། འཕེལ་རྒྱས་གཏོང་སྟངས་བཅས་མཚོ་བྱང་གི་དོན་དངོས་སུ་སྤྱད་དེ་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན། ཝེ་ཧེ་གྲོང་ཁྱེར་གྱིས་ཐོན་ལས་དང་། ཤེས་ལྡན་མི་སྣ། ཐོན་ཁུངས་བཅས་ཀྱི་ལེགས་ཆ་སྔར་བཞིན་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ལྗང་མདོག་སྐྱེ་ལྡན་ཕྱུགས་ལས། སྐྱེ་ཁམས་གནས་སྐོར་ལས་རིགས། དམངས་འཚོ་འགན་ལེན་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་རིག་གནས་གནས་སྐོར་ཐོན་རྫས་དེ་བས་མང་བ་ཝེ་ཧེ་དང་ཧྲན་ཏུང་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཝེ་ཧེའི་ཚོང་པ་དེ་བས་མང་བ་མཚོ་བྱང་དུ་མ་འཇོག་ལས་གཏོད་བྱེད་པར་སྐུལ་སློང་བྱས་ཏེ། ས་གནས་གཉིས་དབར་འགྲོ་འོང་མཉམ་འདྲེས་དང་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས།

3.jpg

ཝེ་ཧེ་རུ་སྡོད་པའི་རིང་།  འཐུས་མི་ཚོགས་པས་ལིའུ་ཀུང་གླིང་ཕྲན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། ཏི་ཧྲང་སྡེ་ཚོགས། ཝེ་ཀོ་སྡེ་ཚོགས་བཅས་སུ་ཡུལ་དངོས་ནས་རྟོག་ཞིབ་གནང་བ་དང་། འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བསམ་བློ་བརྗེ་རེས་གཏིང་ཟབ་གནང་།

1.jpg

ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཁྲེན་ཧུང་ཧུའུ་དང་། ཝེ་ཧའེ་གྲོང་ཁྱེར་གྱི་མགོ་ཁྲིད་ལི་ཅན། ལིན་ཆང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། མཚོ་བྱང་ཁུལ་གྱི་མགོ་ཁྲིད་པད་རྒྱལ་བཀྲ་ཤིས་དང་། རུང་ཧུང་ཀྲི། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་རྫོང་བཞིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།


མཉམ་སྤྱོད།