དེ་རིང་ནི2025ལོའི་ཟླ05པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2030ལོའི་སྔོན་དུ་ཀྲུང་གོ་བ་ཟླ་བའི་གོ་ལའི་ཐོག་བསྐྱོད་ཐུབ་བམ།

2023-04-25 15:40:50   |   400

རྩོམ་སྒྲིག   སངས་དོན་།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4ཚེས24ཉིན་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ་ཐེངས་བརྒྱད་པ་དེ་ཡིན་ཞིང་། གསར་འགོད་པས་ཉིན་ཤས་གོང་པེ་ཅིང་དུ་ཡོད་པའི་མཁའ་དབྱིངས་འཚོལ་ཞིབ་རྟོག་འཇལ་ཁང་དུ་སོང་ནས་ཀྲུང་གོའི་ཟླ་དཔྱད་བཟོ་སྐྲུན་གྱི་སྤྱི་ཁྱབ་ཇུས་འགོད་པ། ཡོན་ཧྲི་ཝུའུ་ཝུའེ་རིན་ལ་ཆེད་དོན་བཅར་འདྲི་བྱས་ཤིང་། ཝུའུ་ཝུའེ་རིན་གྱིས་ཟླ་བའི་ལྷ་མོ་ཨང་བདུན་པའི་ལས་འགན་ནི་རྗེས་མཐུད་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་དུས་ཐེངས་བཞི་པའི་ལས་འགན་ཁྲོད་ཀྱི་གོམ་སྟབས་དང་པོ་དེ་ཡིན་པ་དང་། འབྱུང་འགྱུར་དེས་ཟླ་བའི་ལྷ་མོ་ཨང་བརྒྱད་པ་དང་མཉམ་དུ་རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་ཀྱི་གཞི་རྩའི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་དང་། སྤྱི་ལོ2030ལོའི་སྔོན་དུ་བསྐྲུན་ཐུབ་པ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་ཡོད།

1.png

ཡོན་ཧྲི་ཝུའུ་ཝུའེ་རིན་གྱིས་ཟླ་བའི་ལྷ་མོ་ཨང་བརྒྱད་པ་ནི2028ལོའི་སྔ་རྗེས་སུ་འཕེན་གཏོང་བྱ་རྩིས་ཡོད་པ་དང་། དེའི་ལས་འགན་གཙོ་བོ་ནི་ཟླ་བའི་གོ་ལའི་ཐོག་གི་ཐོན་ཁུངས་རྩད་ཞིབ་བྱ་རྒྱུ་དང་འབྲེལ་ཐོན་ཁུངས་བསྐྱར་དུ་སྤྱོད་རྒྱུར་ཚོད་ལྟ་བྱ་རྒྱུ་དེ་རེད། དཔེར་ན། དེའི་ཐོག་ཁང་པ་རྒྱག་ཐུབ་མིན་དང་སོ་ཕག་རྒྱག་ཐུབ་མིན། གཞན་ཡང་ད་དུང་དེའི་ཐོག་འཕྲིན་གཏོང་བྱེད་པ་སོགས་ཡིན་ཞིང་། དེ་དག་ནི་ཟླ་བའི་ལྷ་མོ་ཨང་བརྒྱད་པའི་ཐོག་ཚོད་ལྟ་གང་ལེགས་བྱེད་ཆོག དེ་དག་ཀྱང་སླད་ཕྱིན་གཞི་ཁྱོན་ཆེ་བའི་ཟླ་བའི་གོ་ལའི་ཚན་རིག་རྟོག་ཞིབ་བྱ་རྒྱུར་འགན་ལེན་བྱ་ཆེད་རེད་ཅེས་བརྗོད་ཡོད།

2.png

གསར་འགོད་པས་ད་ཆ་ཚང་མས་ཀྲུང་གོའི་མི་བཞུགས་འཕུར་གྲུ་ཟླ་བའི་སྟེང་དུ་སླེབས་རྒྱུར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས། སྤྱི་ལོ་2030ལོའི་སྔོན་དུ་ཀྲུང་གོ་བ་ཟླ་བའི་གོ་ལའི་ཐོག་བསྐྱོད་ཐུབ་པའི་རེ་བ་ཡོད་དམ་ཞེས་དྲིས་པར།  ཝུའུ་ཝུའེ་རིན་གྱིས་དེའི་ལན་དུ2030ལོའི་སྔོན་དུ་ཀྲུང་གོ་བའི་རྐང་རྗེས་དེ་ཟླ་བའི་གོ་ལའི་ཐོག་འཇོག་ངེས་ཡིན་ཞེས་བརྗོད་ཡོད།


མཉམ་སྤྱོད།