དེ་རིང་ནི2025ལོའི་ཟླ05པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-26 10:54:09   |   354

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་མནའ་འབྲེལ(亚洲文化遗产保护联盟)ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • 2023ལོའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཀྲུང་དབྱང་གི“དམིགས་བསལ་ལས་གནས་འཆར་གཞིའི(特岗计划)”གདན་ཞུའི་ལས་དོན་ཉེ་ཆར་སྤེལ་མགོ་ཚུགས་པ་དང་། རྒྱལ་ཡོངས་སུ་དམིགས་བསལ་ལས་གནས་ཀྱི་དགེ་རྒན52300བསྡུ་རྩིས་ཡོད།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་དུ་གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ཡོད།

  • བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར24415ཡིན། དུས་མཚུངས་ལས13.5%འཕར་ཡོད།

  • ཞིང་ལས་དང་གྲོང་གསེབ་པུས་བརྡ་ཐོ་བཏང་ནས་ཟླ5ཚེས1ཉིན་ནས་བཟུང་། ཆུ་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་སྤེལ་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཀྲེ་ཅང་ཅིན་ཧྭའི(浙江金华)བཟོ་གྲྭ་གཅིག་ལ་མེ་སྐྱོན་ལས་འཛོལ་ཚབས་ཆེན་བྱུང་བར། ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་ལྟ་སྐུལ་ལག་བསྟར་བྱ་རྒྱུ་རེད།

a.jpg

  • ཕྱི་འབྲེལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས29ཉིན་ནས་བཟུང་། ཀྲུང་གོར་ཡོང་མཁན་ཚང་མས་གནམ་གྲུར་མ་འཛུལ་གོང་གི་ཆུ་ཚོད48ནང་ཚུན་དུ་གདོད་འགོག་ཞིབ་དཔྱད་ཚད་ལེན(抗原体检测)གྱིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཚབ་བྱེད་ཆོག་པ་དང་། མཁའ་འགྲུལ་ཀུང་སིས་གནམ་གྲུར་མ་འཛུལ་གོང་གི་ཞིབ་དཔྱད་ཚད་ལེན་དཔང་ཡིག་ལ་ཞིབ་བཤེར་བྱ་རྒྱུ་མིན།

  • ཚེས25ཉིན། རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཐེངས་གསར་པའི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཕིང་ཕང་སྤོ་ལོའི་སྐྱེས་པའི་རྐྱང་རྒྱག་གིས་འཛམ་གླིང་གི་ཨང་དང་པོ་ནས་གསུམ་པ་བླངས་པ་དང་། བུད་མེད་རྐྱང་རྒྱག་གིས་འཛམ་གླིང་གི་ཨང་དང་པོ་ནས་དྲུག་པ་བླངས་པ་རེད།

  • ཚེས25ཉིན། ཨ་རིའི་ཙུང་ཐུང་དང་དམངས་གཙོ་ཏང་མི་པེ་ཏེང་གིས་སྐབས་རྗེས་མའི་ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་ནང་ཞུགས་རྒྱུའི་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

  • མ་འོངས་པའི་གཟའ་འཁོར་གཅིག་རིང་། བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོའི་འགུལ་སྐྱོད་སྔར་བཞིན་མང་དུ་འགྲོ་བཞིན་ཡོད། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་། ནང་སོག་གི་དབུས་ནུབ་རྒྱུད་དང་ཧྭ་བྱང་སོགས་སུ་རླུང་ཆེན་གྱི་ཤུགས་རྐྱེན་ཐེབས་ནས་བྱེ་རླུང་ལྡང་བའམ་ཡང་ན་ཐལ་རྡུལ་གྱི་གནམ་གཤིས་འབྱུང་རྒྱུ་རེད།

  • ཀྲུང་གོ་གསེར་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གསེར་འཛད་སྤྱོད་བྱེད་ཚད་ཏུན291.58ཟིན་པ་དང་། དུས་མཚུངས་ལས12.03%འཕར་ཡོད།

  • པེ་ཅིང་གིས་དྲན་སྐུལ་བསླབ་བྱའི་ཡི་གེ་ཁྱབ་བསྒྲགས་བྱས་ནས“ལྔ་གཅིག”ངལ་གསོའི་རིང་མགྲོན་ཁང་དང་བཟའ་བཏུང་གི་རིན་གོང་དེ་གཏན་ཁེལ་བྱས་པའི་ཚད་གཞི་ལས་གོང་དུ་སྤར་མི་ཆོག

b.jpg

  • ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུ་ཡིས་ལྐོག་འདྲེན་འཛིན་བཟུང་བྱ་སྤྱོད་ནང་རང་སྲོག་བློས་བཏང་བའི་དབང་ཞའོ་ལུང་ལ་སྔོན་གཤེགས་དཔའ་བོ་དང་། བྱས་རྗེས་རིམ་པ་དང་པོ། རིམ་པ་དང་པོའི་རྒྱལ་སྲུང་དྲན་གསོའི་རྟགས་མ་རྗེས་སྤྲོད་བཅས་བྱ་རྒྱུའི་ཆོག་མཆན་གནང་།

  • ཉེ་ཆར། ཝུན་ཀྲོའུ(温州)གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་དོགས་ཡོད་ཉེས་པའི་ཐོག་ནས་དབྱང་ཀྲི་ཡོན་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།

  • འགྲུལ་པ་སྐྱེལ་འདྲེན་མི་བྱེད་པ་དང(拒载)།  སྐོར་བ་རྒྱག་པ(绕行)།  རིན་གོང་ཚད་ལྡན་མིན་པ(要价不规范)སོགས་ཀྱི་བྱེད་སྤྱོད་ཡོད་པའི་དབང་གིས་ཞུས་ཀྲོའུ(徐州)ཡི་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བ3ལ་ཆད་པ་བཅད་པ་རེད།

  • འབྲི་ཆུའི་འགག་གསུམ་ཚོགས(三峡集团)པས་གནས་ཚུལ་སྤེལ་བར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང་འབྲི་ཆུའི་འགག་གསུམ་གྱིས་རིམ་རྩིས་བྱས་ན་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར7.3ལས་བརྒལ་ཡོད་པ་རེད།

c.png

  • ཉེ་ཆར། ཧོ་ནན་ཀྲེང་ཀྲོའུ་དབྱིན་ཅིའི་སྲོག་ཆགས་གླིང(河南郑州银基动物王国)དུ་གསོ་ཚགས་བྱས་པའི་བྷང་ག་ལའི(孟加拉)སྟག་དཀར་པོ་“ལྷིང་འཇགས་”ཀྱིས་ཕྲུ་གུ་དྲུག་སྐྱེས་པ་དང་། བདེ་བླག་ངང་འཚོ་གནས་བྱས་ཡོད།

c.gif

  • ཨན་ཧུའེ་ཧྥུ་དབྱང་གི(安徽阜阳)བུད་མེད་ཅིག་གཙང་པོར་མཆོངས།  ལམ་བར་དུ་ཡོད་པའི་གློག་ཤུགས་བཟོ་པ་ལི་ཙི་ཧྲན་མྱུར་དུ་ཆུར་མཆོངས་པ་དང་། མི་མང་པོའི་རོགས་རམ་འོག་བུད་མེད་དེ་ཆུ་འགྲམ་དུ་བསྐྱབས།

སྲིད་ཇུས།

  • བོད་ལྗོངས་ཀྱིས་རྒྱལ་སྤྱིའམ་ཡང་ན་རྒྱལ་ནང་གི་སྤུས་རྟགས་གྲགས་ཅན་ཁེ་ལས་ཀྱིས་ཚོང་ཁང་ཐོག་མ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་རེད།  ཚོང་ཁང་ཐོག་མ་དེའི་བོགས་དངུལ་ལམ་ཡང་ན་མཛེས་བཟོའི་མ་གནས་ལ་རྣམ་གྲངས་ཞིབ་བཤེར་གཏན་འཁེལ་བྱས་པའི་དངོས་ཡོད་མ་འཇོག་སྡོམ་འབོར་གྱི30%ལྟར་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་ཀྱི་རེད།

  • ཧོ་ནན(河南)གྱིས་ཀྲེང་ཀྲོའུ(郑州)གྲོང་ཁུལ་དུ་རང་ཉིད་ཀྱི་སྡོད་ཁང་ཉོས་པ་དང་། དངུལ་བུན་མང་ཤོས་དེ་སྔའི་སྒོར་ཁྲི80དང་སྒོར་ཁྲི60ནས་གཅིག་གྱུར་ཐོག་སྒོར་ཁྲི100བར་ལེགས་སྒྲིག་བྱས་ཡོད།

  • ནང་སོག་གིས་ཡིག་ཆ་བཀྲམ་ནས“སྒེར་གཉེར་ནས་ཁེ་ལས་སུ་བསྒྱུར་བའི”གཉེར་སྐྱོང་བརྟན་པོ་བྱས་ནས་ལོ་གཉིས་ཡན་དང་། ཚུལ་མིན་ཡིད་རྟོན་གྱི་ཟིན་ཐོ་མེད་པའི་ཁེ་ལས་ལ་ཐེངས་གཅིག་ལ་ཁ་གསབ་སྒོར་ཁྲི10སྤྲོད་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་ལྷོ་རྒྱུད། ཧྭ་བྱང་བྱང་རྒྱུད། ཅང་ཧོའེ་ནུབ་རྒྱུད། ཅང་ཧན་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་བྱང་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་བྱང་རྒྱུད། ཡུན་ནན་ཤར་ལྷོའི་རྒྱུད། ཧྭ་ལྷོའི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་པ་དང་། དེའི་ནང་། ཁྲུང་ཆིང་དབུས་ནུབ་རྒྱུད་དང་ཀུའེ་ཀྲོའུ་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་ཀྱི་རེད།

d.jpg

  • འགྲིམ་འགྲུལ། ལྔ་གཅིག་ངལ་གསོའི་རིང་རྐུབ་སྟེགས་བདུན་(རྐུབ་སྟེགས་བདུན་ཚུད)མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མྱུར་བགྲོད་གཞུང་ལམ་ཐོག་རིན་མེད་ངང་བསྐྱོད་ཆོག

  •  རྒྱུགས་སྤྲོད།  2023ལོའི་ཐོ་འགོད་རྩིས་གཉེར་པའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་གྱི་མིང་ཐོ་འགོད་རྒྱུ་དེ་ཚེས28ཉིན་གྱི་ཆུ་ཚོད20བར་མཚམས་འཇོག་རྒྱུ་རེད།


མཉམ་སྤྱོད།