དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐབས་དང་པོའི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་སྒར་འདེབས(སྒར་འདེབས་ཐོན་རྫས་འགྲེམས་ཚོང+ཉམས་ལེན)འདུ་ཚོགས་གྲ་སྒྲིག་བྱེད་སྒང་ཡིན།

2023-04-26 11:08:07   |   360

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མཚོ་བྱང་སྨྱན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


སྐབས་དང་པོའི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་སྒར་འདེབས་དུས་ཚིགས(སྒར་འདེབས་ཐོན་རྫས་འགྲེམས་ཚོང་དང་ཉམས་ལེན)ཀྱི་བྱེད་སྒོ་དེ་ཟླ4ཚེས27ནས་ཚེས་28ཉིན་བར་མཐོན་པོ་སྒང་འདབས་སུ་གཟབ་རྒྱས་ངང་སྤེལ་རྒྱུ་རེད། བྱེད་སྒོའི་ཚོགས་ར་མིག་སྔར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། ལས་གྲྭ་གཙོ་བོ་གཞི་རྩའི་སྟེང་ལེགས་འགྲུབ་བྱུང་ཞིང་།  གཞན་པའི་ཆ་སྡེབ་བཟོ་སྐྲུན་དག་ཟླ4ཚེས25ཉིན་གྱི་ཕྱི་དྲོ་ལེགས་འགྲུབ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་ཆེད། གཙོ་སྒྲུབ་ལས་ཁུངས་ཀྱིས་ལས་རིམ་དམ་འཛིན་གང་ལེགས་སྒོས་སྣ་སོ་སོའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།  མིག་སྔའི་བར།  ཞིང་ཆེན་ཕྱི་ནང་གི་སྒར་འདེབས་ཐོན་རྫས་ཁེ་ལས25དེ་སྐབས་དང་པོའི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་སྒར་འདེབས་དུས་ཚིགས(སྒར་འདེབས་ཐོན་རྫས་འགྲེམས་ཚོང་དང་ཉམས་ལེན)ཀྱི་འདུ་ཚོགས་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད།  ཚོགས་རའི་ཆུ་འབུད་དང་། གློག་ཤུགས། འཕྲིན་གཏོང་བཅས་ཀྱི་ལས་གྲྭ་ལེགས་གྲུབ་བྱུང་ཡོད་པ་དང་། འདུས་གྲུབ་དོས་སྒམ4དང་། སྐར་ཚོམས་ཁང་པ1དང་། སྐར་ཚོམས་དོས་སྒམ1དང་། གནས་སྐོར་སྣེ་ལེན་ལྟེ་གནས1དང་གནས་སྐོར་གསང་སྤྱོད5བཅས་ཀྱི་ལས་གྲྭ་ཡོངས་འགྲུབ་བྱས་ཤིང་། སྒར་འདེབས་རས་གུར2དང་ཕྱི་རོལ་རས་གུར་ཆེ་གྲས1(མགོ་ཚུགས་མཛད་སྒོའི་གུར་གཙོ་བོ)བཅས་ཚེས25ཉིན་གྱི་ཕྱི་དྲོ་ཚང་མ་ལེགས་འགྲུབ་བྱས་ཡོད། 


མཉམ་སྤྱོད།