དེ་རིང་ནི2025ལོའི་ཟླ05པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-27 08:42:14   |   347

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ནམ(越共)གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཧྲི་མེ་དང་མཇལ་འཕྲད་གནང་།

  • ཚེས26ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གློག་འཕྲིན་ཐོག་ནས་བཀའ་མོལ་གནང་།  ཕྱོགས་གཉིས་པོས་ཀྲུང་གོ་དང་ཡུག་རེན་གྱི་འབྲེལ་བ་དང་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་།

  • ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་མཉམ་ལས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་དྲན་གསོ་དང་དྲིལ་བསྒྲགས་གཟའ་འཁོར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཚེས26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག གསར་དུ་བཟོ་བཅོས་བརྒྱབ་པའི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

  • ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་ཞུགས་བརྟན་གཏོང་གི་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྲིག་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་འཕེལ་རྒྱས་དང་དམངས་འཚོར་ཕན་པ་འདོགས་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ3པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན7021ཞིབ་བཤེར་ཐག་གཅོད་བྱས།

  • དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། དུས་ཚིགས་དང་པོར་དམངས་གཉེར་ཁེ་ལས་ལ་བཏང་བའི་དངུལ་བུན་སྒོར་དུང་ཕྱུར་ཁྲི3.7གསར་སྣོན་བྱུང་། དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི1འཕར་ཡོད།

  • ཚེས26ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི2301དཔུང་རུས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན(钓鱼岛)གྱི་མཚོ་ཁོངས་སུ་སྐོར་ཞིབ་བྱས།

  • སྤྱི་བདེ་པུས་ཨ་རིས་ཀྲུང་གོའི་ཁྲིམས་འཛིན་མི་སྣར་ཞུ་གཏུག་བྱས་པར་ཨ་རིའི་ཁྲིམས་འཛིན་སྡེ་ཚན་ལ་རྒོལ་གཏམ་ནན་པོ་བཏང་།

  • ཨ་རིར་སྡོད་པའི་དོམ་ཁྲ“ཡ་ཡ”ས་གནས་དེ་གའི་དུས་ཚོད་ཚེས26ཉིན་གྱི་སྔ་དྲོ། ཐེན་ན་ཤིས་ཀྲོའུ་མོང་ཧྥེ་སི་སྲོག་ཆགས་གླིང(田纳西州孟菲斯动物园)ནས་ཁ་བྲལ་ཏེ་རང་རྒྱལ་དུ་ཕྱིར་ལོག་བྱས།

སྤྱི་ཚོགས།

  • དེ་རིང་ནས་ཚེས29ཉིན་བར། ནུབ་བྱང་ས་ཁུལ་གྱི་ས་ཁུལ་མང་ཆེ་བ་དང་ཧྭ་བྱང་སོགས་ས་ཁུལ་གྱི་དྲོད་ཚད་ཏུའུ4~6℃མར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་ཏུའུ10℃ཡས་མས་ཆག་རྒྱུ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་ལྔས་བརྡ་ཐོ་བཏང་ནས་དྲ་རྒྱའི་ཁ་ཆད་རླངས་འཁོར(网约车)མཉམ་འདུས་ལས་སྟེགས་ཚད་ལྡན་དོ་དམ་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

  • རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར268.9ཡོངས་འགྲུབ་བྱས། དུས་མཚུངས་ལས11.0%འཕར་ཡོད།

  • རིག་གནས་གནས་སྐོར་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་གཅིག”ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་གནས་སྐོར་མཛེས་ལྗོངས་ཁུལ་ཚང་མ་ལས་གཉེར་བྱེད་མགོ་ཚུགས་ཡོད།

  • འབྲི་ཆུའི་འགག་གསུམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་ལྔའི་རིང་། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱིས་རིམ་རྩིས་བྱས་ན་ཆུ་ལོག་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར752གསོག་འཇོག་བྱས་ཤིང་། དེ་ཕོ་དབྱང་མཚེའུ(鄱阳湖)གསུམ་གྱི་ཆུ་འབོར་དང་མཚུངས་ཀྱི་ཡོད།

2.png

  • ཚེས26ཉིན། རི་དམག་གི་དམག་མིའི་རོལ་ཆས་དང་ཨ་རིའི《ཉིའུ་ཡོ་སྐབས་དོན་ཚགས་པར》སོགས་ཕྱི་རྒྱལ་གྱི་རིག་དངོས་ལོ་རྒྱུས་དཔྱད་གཞི98(ཆ་སྡེབ)ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་ཉར་ཚགས་བྱས་ཡོད།

  • ཚེས26ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཚངས་ཐིག་ཆེན་པོའི་ཕུབ་སྲུང་གཉིས་ལྡན་གྱི་ས་གནོན་སྡེབ་སྒྲིག་རྣམ་པའི་རྐོ་འདྲུའི་འཕྲུལ་འཁོར་ཐོག་མ་དེ་ཧུའུ་ནན་ཁྲང་ཧྲ(湖南长沙)རུ་ཐོན་སྐྱེད་བྱས།

  • ཚེས26ཉིན། ཧྲན་ཏུང་ཙི་པོས(山东淄博)“ལྔ་གཅིག”རིང་ཙི་པོ་ཡི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྣེ་ལེན་བྱེད་ནུས་ལས་བརྒལ་ཡོད་པ་དང་། འོས་འཚམ་གྱི་དུས་ཚོད་སྤྱད་ནས་གནས་སྐོར་དུ་འགྲོ་རྒྱུའི་གྲོས་མགོ་བཏོན་ཡོད་ཅེས་བཤད་པ་རེད།

3.jpg

  • ཤིན་ཅང་གིས་ལུས་ཧྲིལ་པོར་ཚེར་མ་སྐྱེས་པའི་སེར་མར་ཏི་པུའུ་ལ་ཁེ་འབུའི(赛尔玛尔布拉克虫)འགྱུར་རྡོ་ཅིག་རྙེད། དེ་ནི་ད་བར་དུ་རང་རྒྱལ་གྱིས་ཤེས་རྟོགས་བྱུང་བའི་ཚྭ་མེད་ཆུའི་རྐང་ལག་ཚིགས་ལྡན་པའི་སྲོག་ཆགས་སྔ་ཤོས་ཡིན་པ་དང་། ལོ་ངོ་དུང་ཕྱུར4.2ཙམ་གྱི་གོང་དུ་འཚོ་གནས་བྱས་པ་ཞིག་རེད། 

སྲིད་ཇུས།

  • ཀོང་ཤིས་ཀྱིས་གཞུང་ཁོངས་ཁེ་ལས(国企)ཀྱི་མགོ་ཁྲིད་པ་དང་མགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་བ་དང་། མགོ་ཁྲིད་ལས་བྱེད་པས་དོན་གནད་གལ་ཆེན་ལ་ཐེ་ཇུས་གཏོང་བ་ཐོ་འགོད་བྱེད་པའི་ལམ་ལུགས(干预重大事项记录制度)ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན།

  • ཧྲང་ཧེ་ཡིས་ཕྱི་རྒྱལ་གྱི་སྒེར་སྡོམ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྣམ་གྲངས་གལ་ཆེན་སྔོན་ལ་གཏོར་བའི་ཐོན་ལས་རྣམས་གྲངས་ནང་འདྲེན་བྱེད་པར་མང་ཤོས་ལ་སྒོར་དུང་ཕྱུར1གི་རྒྱབ་སྐྱོར་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

  • ཀྲེ་ཅང་ཧང་ཀྲོའུ(浙江杭州)ཡིས་འབྲིང་རྒྱུགས་ཀྱི་སྐར་མ་སྣོན་པའི་སྲིད་ཇུས་ལེགས་སྒྲིག་བྱས་ནས་ཕྱི་རྒྱལ་གྱི་ཀྲུང་གོ་བའི་བུ་ཕྲུག་ལ་སྐར་མ་སྣོན་རྒྱུ་མེད་པ་བཟོས་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། མཚོ་སྔོན་ལྷོ་རྒྱུད་དང་། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། བྱང་ཤར་ས་ཁུལ་གྱི་ལྷོ་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་གཞོང་སའི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་། ཧྭ་བྱང་གི་བྱང་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་དབུས་རྒྱུད། ཧེ་ནན་གླིང་ཕྲན་སོགས་ས་ཁུལ་མང་ཆེ་བར་ཆར་པ་ཆུང་བ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་ཀྱི་རེད།

4.jpg

  • རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། ཟླ4ཚེས29ཉིན་ནས་ཟླ5ཚེས3ཉིན་བར་རྒྱུན་གཏན་ལྟར་སྒོ་དབྱེ་བ་དང་(གཟའ་ཟླ་བར་ངལ་གསོ་མི་བྱ།)། སྤ་སེ་གཏོང་བའི་དུས་ཚོད་ཉིན་རེའི་ཆུ་ཚོད17:00བར་བསྒྱུར་ཡོད།

  • ནན་ཉིང(南宁)། ལུས་རྩལ་འབྲིང་རྒྱུགས་དེ་ཟླ5ཚེས8ནས20ཉིན་བར་སྤེལ་རྒྱུ་དང་། རྒྱུག་རྩལ་རིགས་ཀྱི་རྣམ་གྲངས་དེ་རླུང་འཕྲིན་ལུས་སྦྱོང(广播体操)དུ་ལེགས་སྒྲིག་བྱ་རྒྱུ་རེད།


མཉམ་སྤྱོད།