དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-05 07:47:54   |   336

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི“ལྔ་གཅིག”ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་ཁྱོན་སྡོམ་མི་ཐེངས་ཁྲི26971.6ཟིན་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི5394.3སྐྱེལ་འདྲེན་བྱས་ཡོད།

  • ད་ལོའི“ལྔ་གཅིག”ངལ་གསོའི་རིང་། རྒྱལ་ཡོངས་ཀྱིས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཐེངས47554སྒྲིག་འཛུགས་བྱས་པ་དང་། མི་ཐེངས་དུང་ཕྱུར1.66ཞུགས་ཡོད་པ་རེད།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི“ལྔ་གཅིག”ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་དཔེ་སྟོན་རྐང་ཐང་ཁྲོམ་གཞུང་གི་འགྲུལ་པ་དང་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་སོ་སོ121.4%དང་87.6%འཕར་ཡོད།

  • ནོར་སྲིད་པུའུ་སོགས་སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་ནས་གཞུང་ཁོངས་ཁེ་ལས་ཀྱིས་རྩིས་པའི་ལས་དོན་ཁང་གཅིག་བསྟུད་མར་གདན་ཞུ་བྱེད་པར།  རྩ་དོན་ཐོག་ལོ8ལས་བརྒལ་མི་ཆོག་པའི་གཏན་འབེབས་བྱས་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན11གིས་མཉམ་འབྲེལ་ཐོག་བསམ་འཆར་པར་འགྲེམས་བྱས། སྨན་བཅོས་མཛེས་བཟོ་ཞབས་ཞུ་དེ་སྨན་བཅོས་བྱེད་སྒོའི་ཁོངས་སུ་གཏོགས་པ་གཏན་འབེབས་ཁ་གསལ་བྱས་ཡོད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ4པར་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས53.8%ཟིན་པ་དང་། རྒྱ་སྐྱེད་ཀྱི་བར་མཚམས(扩张区间)མུ་མཐུད་དུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

11.jpg

  • ཉེ་ཆར། ཤོག་སྒྲིག་ཅུན73པའི(第73集团军)པུའུ་ཞིག་དང་ཤར་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་པུའུ་ཞིག་གིས་ཤར་ལྷོའི་མཚོ་ཁོངས་ཤིག་ཏུ་མཉམ་དུ་སྦྱོང་བརྡར་བྱས་པ་རེད།

  • 《“ཧེག་པའི་བཙན་རྒྱལ(黑客帝国)”གྱི་བརྟག་དཔྱད་སྙན་ཞུ། ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུསCIA(གྲས་ཤིག)》དེ་ཚེས4ཉིན་ཁྱབ་བསྒྲགས་བྱས།

22.jpg

  • ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱིས་དྲ་རྒྱའི་མཚོན་ཆ་སྤྱད་དེ་གོ་ལ་ཧྲིལ་པོའི་གསང་འཕྲིན་རྐུ་བ་དང་དྲ་རྒྱའི་ཕར་རྒོལ་བྱེད་མཚམས་འཇོག་དགོས་ཞེས་བཤད་པ་རེད།

སྤྱི་ཚོགས།

33.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཁམས་ཆེན་མོའི་ཁ་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་། ཧུའུ་པེ་དང་། ཧུའུ་ནན། ཅང་ཤིས་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ8-10ཡི་རླུང་ཆེན་དང་སེར་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་རེད།

  • 2023ལོའི་ལྔ་གཅིག་གློག་བརྙན་གྱི་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར15.19ཟིན་པ་དང་། གློག་བརྙན《མིའི་འགྲོ་ལམ་རྒྱུས་མངའ་མེད་པ།(人生路不熟)》《མཁའ་དབྱིངས་ཀྱི་རྒྱལ་པོ(长空之王)》《ལོ་མང་པོ་འདི་འདྲ་རིང(这么多年)》ཞེས་པ་བཅས་སྤ་སེ་བཙོང་ཚད་ཀྱི་མདུན་གྲལ་གྱི་ཨང་གསུམ་པར་སླེབས་ཡོད་པ་རེད།

  • དངུལ་ཁང་འགན་བཅོལ་ལྟ་སྐུལ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་འགན་བཅོལ་སྒྲིག་གཞི1424ལ་ཆད་པ་བཅད་པ་དང་།  སྒོར་དུང་ཕྱུར3.1གཞུང་བཞེས་དང་ཆད་པ་བཅད།

  • ཧྲེན་ཀྲེན་ཉོ་ཚོང་སོ(深交所)ཡི་ཁྲོམ་འགྲེམས་ཀུང་སིའི་དུས་ཚིགས་དང་པོའི་ཡོང་འབབ་དུས་མཚུངས་ལས5.2%འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་རིག་གནས་གནས་སྐོར་ཟ་ཁང་ལས་རིགས་ཀྱི་ཁེ་གཙང་འཕར་ཚད་ཚང་མ60%ཡན་ཟིན་ཡོད།

  • ཀྲེ་ཅང་ཞིང་ཆེན་སྲིད་གྲོས་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཀྲུའུ་ཚུང་ཅིག་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་པ་དང་། མིག་སྔར་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • པེ་ཅིང་ཧེ་ཏེན(海淀)གྱི་ཐོབ་ཐང་མེད་པའི་སྒྲིག་གཞིས(地下黑机构)སྒྲིག་འགལ་ངང་གསོ་སྦྱོང་བརྡ་ཁྱབ་བཏང་བ་དང་། ཁྲིམས་འགལ་ངང་ལག་ཁྱེར་མེད་པར་སློབ་གཉེར་བྱས་པས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

  • ཧེ་ལུང་ཅང་ཉེན་རྟོག་ཕྱོགས་ཀྱིས་རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་བརྒྱབ་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི6588.8ཟིན་ཡོད།

  • ཀོང་ཀྲོའུ་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་དུ་གནས་པའི་པ་ཀྲོའུ་ཀང་ཨའོ་འགྲུལ་སྐྱེལ་འགག་སྒོ(琶洲港澳客运口岸)ཚེས4ཉིན་དངོས་སུ་ཤར་གཏོང་ཐུབ་པ་དང་། ཀོང་ཀྲོའུ་གྲོང་ཁུལ་ནས་གྲུ་གཟིངས་བསྡད་དེ་ཆུ་ཚོད་གཉིས་རིང་ཤང་ཀང་དུ་འབྱོར་གྱི་ཡོད།

44.jpg

  • ཉེ་ཆར་། ཡུན་ནན་ལུང་ལིན(龙陵)ནས་པེ་ཐུང་བེ་སྤྲེའུ(北豚尾猴)རྩ་ཆེའི་པར་རིས་ལེན་ཐུབ་པ་བྱུང་ཡོད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་བའི་སྲིད་ཇུས་དེ2024ལོའི་ལོ་མཇུག་བར་རྒྱུན་མཐུད་ལག་བསྟར་བྱ་རྒྱུ་རེད།

  • ཁྲུང་ཆིང་གིས་རིམ་པ་གསུམ་པ་དང་། རིམ་པ་གཉིས་པ། རིམ་པ་དང་པོ་བཅས་དང་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་གཞན་དག་གི་རྒྱུན་གཏན་གྱི་སོ་ནད་འདེབས་འཛུགས་ཞབས་ཞུའི་རིན་གོང་གི་བརྒྱུད་རིམ་ཧྲིལ་པོའི་སྙོམས་སྒྲིག་ཚད་གཞི་སོ་སོར་སྒོར4312དང་། སྒོར3920སྒོར3724སྒོར3528བཅས་ཡིན་པ་ཁ་གསལ་བཏོན་ཡོད།

  • ཨན་ཧོས་ཀྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་ལོ་རིམ་དང་པོ་ནས་དགུ་པའི་བར་སྒྱུ་རྩལ་སློབ་ཚན་བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ལིའོ་ཏུང་ཕྱེད་གླིང་དང་། ཧུའུ་ནན་བྱང་རྒྱུད་དང་ཤར་རྒྱུད། ཅང་ཞིའི་བྱང་ཤར་རྒྱུད། ཨན་ཧོས་ལྷོ་རྒྱུད། ཅང་སུའུ་ལྷོ་རྒྱུད། ཧྲང་ཧེ། ཀྲེ་ཅང་གི་ས་ཆ་མང་ཆེ་བ། ཧྥུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་ཡོད་པ་དང་། དེའི་ནང་། ཅང་ཤིས་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་ཡོད།

55.jpg

  • རྒྱུགས་སྤྲོད། 2023ལོའི་ལོ་སྟོད་དུ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན(ངོ་རྒྱུག)དུས་ཚོད་ནི་ཟླ5ཚེས13དང14ཉིན་ལེན་རྒྱུ་རེད། 

  • པེ་ཅིང་། རྒྱལ་སའི་དངོས་མང་སྟོན་ཚོགས་ཟླ5ཚེས1ཉིན་ནས་ཟླ6ཚེས3ཉིན་བར་ཉིན་ལྟར་དུས་ཚོད་ཕྱིར་འགྱངས་བྱས་ནས་19:30བར་སྒོ་འབྱེད་རྒྱུ་རེད།



མཉམ་སྤྱོད།