དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དེ་རིང་དགོང་མོ་ཟླ་བ་ཕྱེད་འཛིན་ཡོད།

2023-05-05 09:56:33   |   1398

རྩོམ་སྒྲིག   སངས་དོན།   ཡོངས་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་བྱེད།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


དེ་རིང་དགོང་མོ་ད་ལོའི་ཟླ་འཛིན་ཐོག་མ་སྟེ། ཟླ་བ་ཕྱེད་འཛིན་ཡོད་ཅིང་། རང་རྒྱལ་གྱི་ས་ཁོངས་ནས་ཟླ་འཛིན་གྱི་བརྒྱུད་རིམ་ཧྲིལ་པོ་མཐོང་ཐུབ་ཀྱི་ཡོད། 

    1.jpg

གནམ་རིག་སྐར་རྩིས་སྔོན་བརྡ་ལས་མངོན་པར། ཐེངས་འདིའི་ཟླ་བ་ཕྱེད་འཛིན་ནི་པེ་ཅིང་གི་དུས་ཚོད་ཚེས5ཉིན་གྱི་ཆུ་ཚོད23དང་སྐར་མ12ལ་སྒྲིབ་མགོ་ཚུགས་པ་དང་། ཚེས6ཉིན་གྱི་ཆུ་ཚོད01དང་སྐར་མ23ལ་སྒྲིབ་པའི་མཐར་ཐུག དེ་ནས་ཆུ་ཚོད03དང་སྐར་མ34ལ་ཟླ་བ་ཕྱེད་འཛིན་མཇུག་འགྲིལ་བ། ཟླ་འཛིན་གྱི་དུས་ཡུན་ཆུ་ཚོད་བཞི་ལྷག་ཙམ་འགོར་ཞིང་། ཟླ་བ་སྒྲིབ་ཚད་ཆེ་ཤོས་ཟླ་བའི་དཀྱིལ་འཁོར་གྱི0.989སྒྲིབ་ཀྱི་ཡོད་པ་སྟེ། ཟླ་བའི་དཀྱིལ་འཁོར་གྱི98.8%སའི་གོ་ལའི་གྲིབ་ནག་ཕྱེད་ཀར་ཚུད་ཀྱི་ཡོད།


མཉམ་སྤྱོད།