དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་གཞོན་ནུའི་འཕེལ་རྒྱས་ཀྱི་རམ་འདེགས་རོལ་དབྱངས་དཀྲོལ།

2023-05-06 11:51:01   |   440

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཤེས་ལྡན་མི་སྣ་དར་སྤེལ་གཏོང་བར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞོན་ནུའི་འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོའི་སྤྱི་ཚོགས་ཀྱི་གནས་ཚུལ་ཡུན་གཏན་ཡར་རྒྱས་ལ་སྐུལ་འདེད་བཏང་། ལས་ཞུགས་རོགས་སྐྱོར་དང་ཤེས་ལྡན་པ་གསོ་སྐྱོང་གི་རོལ་དབྱངས་གཉིས་མཉམ་འབྲེལ་སྒོས་བློ་རྩེ་གཅིག་སྒྲིམ་དང་། སེམས་ཤུགས་འདོན་པ། སྤྲོ་སེམས་འཁོལ་བ་བཅས་རྒྱ་ཆེའི་གཞོན་ནུ་རྣམས་མདོ་ལའི་ས་གཞི་ཆེ་མོ་རུ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་ལང་ཚོའི་རོལ་དབྱངས་དཀྲོལ།

“སྲིད་ཇུས་ཀྱི་རོགས་སྐྱོར་རོལ་དབྱངས”ཡག་པོར་བརྡུངས་ནས་ལས་ཞུགས་ལས་གཏོད་ཀྱི“དབྱངས་རྟ་མཐོ་ཤོས”དཀྲོལ་བ། མདོ་ལ་རྫོང་གིས་དྲ་ཐོག་དང་དྲ་ཕྱིའི་བྱེད་ཐབས་སྤྱད་དེ་ལས་ཞུགས་རོགས་སྐྱོར་ལས་དོན་རྒྱུན་མཐུད་ངང་ཡག་པོར་བསྒྲུབས་ཤིང་། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་། “སྲིད་ཇུས་སྐྱེལ་བ་དང་། ལས་གནས་སྤྲོད་པ། ཁ་གསབ་སྤྲོད་པ། གསོ་སྦྱོང་སྐྱེལ་བ”བཅས་ཀྱི་བྱེད་སྒོ་ཧུར་ཐག་ཏུ་སྤེལ་ནས། ལས་ཞུགས་ལས་གཏོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བར་རྒྱུན་ཆད་མེད་པར་རྒྱབ་སྐྱོར་བྱས། དམངས་གཉེར་ཁེ་ལས་དང་མཐོ་སློབ་མཐར་ཕྱིན་སློབ་མའི་མཁོ་སྤྲོད་ངོ་འཕྲད་ཆེད་དོན་གདན་ཞུའི་ཚོགས་འདུ། དེ་བཞིན2023ལོའི་མཚོ་བྱང་ཁུལ་གྱི་དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི་གདན་ཞུའི་ཚོགས་འདུ་ཆེ་གྲས(མདོ་ལའི་ཆེད་དོན་ཚོགས་ཆེན)གཅིག་སྡུད་ཐོག་གཉེར་བ་བརྒྱུད། “ངོ་འཕྲད་གྲོས་མོལ་དང་ཡོངས་བསྒྲགས་གདན་ཞུའི”རྣམ་པའི་ཐོག་ནས་སློབ་ཆེན་སློབ་མར་ལས་གནས་འཚོལ་བ་དང་ཁེ་ལས་ལ་ཤེས་ལྡན་པ་འཚོལ་བ་བཅས། དྲ་ལམ་གདན་ཞུ་ཐེངས36སྤེལ་བ་དེ་རྫོང་ཕྱི་ནང་གི་གདན་ཞུའི་ཁེ་ལས35དང་འབྲེལ་ཡོད། དྲ་ལམ་གདན་ཞུ་དང་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཁེ་ལས21ནང་ཞུགས་པ་དང་། མི་ཐེངས60ལྷག་ཙམ་གྱི་ལས་ཞུགས་འདོད་འདུན་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་ལས་གཏོད་ཁག་ཐེག་གི་གྲངས་ཉུང་དངུལ་བུན་ཁག50སྒོར་ཁྲི573སྤྲད་པ་དང་། ལས་གཏོད་པ50ལ་རོགས་སྐྱོར་བྱས་ནས་མི102ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཤིང་། ལས་གཏོད་ཁ་གསབ་ཐོག་མ་ལོངས་སྤྱོད་བྱེད་མཁན་མི18ལ་སྒོར་ཁྲི3.6དང་། མི2ལ་རྟིང་སྐུལ་ཁ་གསབ་ཐེངས་གཅིག་མ་སྒོར10000སྤྲད།

“ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་རོལ་དབྱངས”བརྡུངས་ཏེ་གྲོང་གསེབ་དར་སྤེལ་གཏོང་བའི“རང་རྟོགས་ཀྱི་རྒྱུད་སྐུལ”དཀྲོལ་བ། མདོ་ལ་རྫོང་གིས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་གྲོང་གསེབ་དར་སྤེལ་གྱི་ཚད་རིམ་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། “ཁྲུང་ཁྲུང་ཚང་དུ་ལོག་པའི་ལས་གྲྭ”སོགས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་སྒོ་སྤེལ་བ་བརྒྱུད། གསེར་གྱི་ཁྱུང་ཆེན་དག་མདོ་ལའི་ཡུལ་དུ་ཟམ་མ་ཆད་པར་བཀུག་ནས། མ་དངུལ་གྱི་རྒྱབ་སྐྱོར་དང་། སྲིད་ཇུས་འགན་ལེན། ནོར་སྲིད་གཟིགས་སྐྱོང་། སྤྱི་པའི་ཞབས་ཞུ། མ་འཇོག་ཁོར་ཡུག ལས་སྟེགས་འཛུགས་སྐྲུན་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས། གྲོང་གསེབ་ཏུ་ཤེས་ལྡན་པ་ནང་འདྲེན་བྱེད་པར་ཕྱོགས་ཡོངས་ཀྱི་འགན་སྲུང་སྒྲིག་གཞི་འཛུགས་སྐྱོང་བྱས་ཤིང་། ཤེས་ལྡན་མི་སྣ་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས། དེ་དང་ཆབས་ཅིག ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། “སྦྲང་ཆར་འཆར་གཞི”དང“ཞིང་བའི་དགོང་ཐུན་སློབ་གྲྭ”སོགས་བརྒྱུད་དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་ཡུལ་སྐོར་དང་གསོ་ཚགས་སོགས་རྩལ་ནུས་གསོ་སྦྱོང་དང་། ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྦྱོང་། ལས་རིགས་ཞིང་བ་གསར་བ་གསོ་སྦྱོང་སོགས་བྱས་ཏེ། ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་སྡེའི་དངོས་སྤྱོད་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་རྒྱ་བསྐྱེད། མཐོར་འདེགས་སུ་བཏང་ཞིང་། ཞིང་ལས་རྣམ་པ་གསར་བའི་ལས་གཉེར་བྱེད་པོ་དང་ལས་རིགས་ཞིང་བའི་གསོ་སྐྱོང་བྱེད་ཤུགས་རྒྱ་བསྐྱེད་བྱས། རྩལ་ནུས་གསོ་སྦྱོང་དུས་ཐེངས7སྤེལ་བ་མི850དང་འབྲེལ་ལ། གསོ་སྦྱོང་སྤེལ་རྗེས་ལས་ཞུགས་ཐུབ་ཚད60%ཡན་ཟིན་ཡོད།


མཉམ་སྤྱོད།