དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-08 09:11:07   |   353

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས7ཉིན་མཁའ་གྲུ་ཨང་དྲུག་པའི་གྲུ་མདའ་མཉམ་སྒྲིག་གཟུགས(天舟六号船箭组合体)ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་ཐད་ཀར་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས་ནས་ཉེ་ཆར་གོ་སྐབས་བཙལ་ནས་འཕེན་གཏོང་བྱ་རྒྱུ་རེད།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི2.3སླེབས་པ་དེ་དུས་མཚུངས་ལས5.1%འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གློག་གཏོང་ཁེ་ལས་གཙོ་བོའི་གློག་ཁུངས་བཟོ་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར1264བཏང་བ་དེ་དུས་མཚུངས་ལས་55.2%འཕར་ཡོད།

  • རྒྱལ་ཁབ་སྨན་སྐྱོབ་ཅུས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་གསུམ་པའི་བར་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཐེབས་རྩ(བུ་བཙའི་གུན་སྐྱོབ་ཚུད་པ)ཡི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9100.48ཡིན་པ་དེ་དུས་མཚུངས་ལས9.5%འཕར་ཡོད།

  • ཚེས6ཉིན་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་རང་རྒྱལ་གྱི་བཟའ་བཏུང་ཆུད་ཟོས་བཀག་འགོག་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཡོད་ཅེས་བཤད།

  • སློབ་གསོ་པུས་ཡིག་ཆ་བཀྲམ་ནས་སློབ་གྲྭ་ཆུང་འབྲིང་གི་བསླབ་གཞིའི་ནང་ཚོང་ལས་བརྡ་ཁྱབ་བམ་ཡང་ན་སློབ་ཁྲིད་རམ་འདེགས་དཔྱད་གཞིའི་སྦྲེལ་མཐུད་དྲ་གནས་དང་རྩ་གཉིས་ཨང་རྟགས་སོགས་ཀྱི་ཆ་འཕྲིན་གང་ཡང་ཡོད་མི་ཆོག་པ་གསལ་བོར་བྱས།

  • ཚེས6ཉིན་ཀྲུང་གོ་དངོས་རྒྱུག་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས2022ལོར་རང་རྒྱལ་གྱི་དངོས་རྒྱུག་ཚོང་རའི་གཞི་ཁྱོན་ལོ་བདུན་ལ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་ཅེས་བཤད།

  • ཟླ་གསུམ་པའི་ཟླ་མཇུག་བར་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གི་ཀུན་ཕན་དངུལ་བུན་ཆུང་ཕྲན་ཀྱི་ལྷག་གྲངས་སྒོར་དུང་ཕྱུར1700ལས་བརྒལ་བ་དང་། རིམ་རྩིས་བྱས་ན་ཁེ་ལས་ཆུང་ཕྲན་ཁྲི32ཡས་མས་ལ་ཞབས་འདེགས་ཞུས་ཡོད།

    2.jpg

  • ཚེས7ཉིན། འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐྱལ་མཆོང་འཛམ་གླིང་བུམ་པའི་མོང་ཐེ་ལི་ཨེར་ས་ཚིགས་ཀྱི་བུད་མེད་གཉིས་ཀྱི་སྨི10ཡི་སྟེགས་བུའི་རྟིང་རྩོད་འགྲན་བསྡུར་ཁྲོད། ཀྲུང་གོའི་ཚན་སྡེབ་ཁྲེན་ཡུས་ཧེང་དང་ཆོན་ཧྲེང་གིས་སྐར་མ378.60ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས།

སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་སྔོན་ཟོན་བཏང་བ་ནི། དེ་རིང་ཀོང་ཏུང་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆུ་ལོག་གི་གནོད་འཚེ་འབྱུང་ཉེན་ཡོད་པ་རེད།

    3.jpg

  • མིག་སྔར་རྒྱལ་ཡོངས་ཀྱིས་གྲོ་ཡི་ཁྲི་མེ་ནད(赤霉病)འགོག་སྡོམ་གྱི་འགོག་ཁབ་བརྒྱབ་ཁྱོན་མུའུ་དུང་ཕྱུར3.53ལ་སླེབས་པས། འགོག་སྡོམ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་ཤས་གོང་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོའི་དུས་ཚིགས་དང་པོར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁ་བསླུས་ཉེས་གསོག་མཁན10923འཛིན་བཟུང་བྱ་བའི་ཆོག་མཆན་སྤྲད་འདུག།

  • ཚེས7ཉིན་བཟོ་འཕྲིན་པུས་བརྡ་ཁྱབ་བཏང་ནསAPP(SDK)56ལ་མཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་ནང་ངེས་མེད་པར་ལེན་དང་ངོ་གདོང་སོགས་ཚུད་ཡོད།

  • སྒྲོན་སྟེགས་ཀྱི་ཆེད་ལས་པར་གཞིའི་གྲངས་གཞིར་གཞིགས་ན། ཚེས7ཉིན་གྱི10:40བར2023ལོའི་ལོ་འཁོར་གྱི་སྡེར་ཆེན་པོའི་སྤ་སེ(སྔོན་ཚོང་ཚུད་པ)སྒོར་དུང་ཕྱུར200ལས་བརྒལ་ཡོད།

  • ཚེས7ཉིན་གྱི་ཐོ་རེངས་སུ་ཧྥུ་ཅན་ལུང་ཡན་ཤིན་ལུའོ་ཆུས་ཀྱི(龙岩新罗区)ལས་བྱེད་པ་བཞིས་ལུང་ཁྲོན་ཤིས་ཆུ་བོའི་ཟམ་པ་ཞིག་ཏུ་ཆུའི་གནས་ཚུལ་ལ་ལྟ་ཞིབ་བྱེད་སྐབས་ཟམ་པ་གློ་བུར་དུ་བརྡིབས་ནས་མི4ཆུ་ནང་དུ་ལྷུང་ནས་འབྲེལ་བ་ཆད་པ་རེད།

    4.jpg

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཉི་མ་འཕྱུར་བའི་བསྐྱར་གྲུབ་བརྒྱུད་རིམ་གསལ་སྟོན་བྱས་པ་དང་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉིན་ཤས་གོང་སྤེལ་བ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་མཆན་བཀོད་པ་བརྒྱུད། ཚེས7ཉིན་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ནན་ཅིང་གི་བུད་མེད་སློབ་ཆེན་སློབ་མ་གནོད་འཚེ་ཕོག་པའི་གྱོད་གཞིར”ཉེས་ཅན་གཏེ་བོ་ཧུང་ཡུས་ལ་ཁྲིམས་ལྟར་སྲོག་ཁྲིམས་བཅད།

    4.gif

  • ཧྲན་ཏུང་ཝུའེ་ཧའེ་ཡི་སྨན་པ་ཚུའེ་ཡཱ་ལས་ཀར་འགྲོ་བའི་ལམ་བར་དུ་རྒན་པ་ཞིག་འགྱེལ་ནས་དྲན་པ་ཐོར་བར་འཕྲད་པ་དང་། ཁོ་མོས་མྱུར་སྐྱོབ་ཁ་པར་བརྒྱབ་རྗེས་གློ་སྙིང་སླར་གསོའི་སྨན་བཅོས་བྱས་ཤིང་སྐར་མ་5ཙམ་སོང་རྗེས་རྒན་པའི་དབུགས་འབྱིན་རྔུབ་དང་སྙིང་ལྡིང་ཚད་སླར་གསོ་བྱུང།

སྲིད་ཇུས།

  • ཧྲའན་ཞིས(山西)ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་སྣུམ་རྒྱུའི་སྐྱེ་དངོས་དངོས་སུ་འདེབས་འཛུགས་བྱེད་པོར་མུའུ་རེར་ཁ་གསབ་སྒོར10སྤྲོད་རྒྱུ་རེད།

  • སི་ཁྲོན་དང་ཁྲུང་ཆིང་གིས་མཉམ་འབྲེལ་ཐོག་གསལ་ཐོ་པར་འགྲེམས་བྱས་ནས། ཐེམ་ཐོ་དང་རྒན་གསོ་གུན་སྐྱོབ་སོགས་ཁྱབ་ཁོངས་ཀྱི་འགུལ་ཚད་མཐོ་བའི་སྲིད་དོན་ཞབས་ཞུའི་དོན་ཚན་ལ“སི་ཁྲོན་དང་ཁྲུང་ཆིང་ཀུན་སྒྲུབ”མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་།

  • ཨན་ཧུའེ་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པའི་ནང་། གཞུང་གི་བོགས་གཏོང་ཁང་པ་དང་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་འཕྲུལ་སྒུལ་འཁོར་རིགས་ཀྱི་རླངས་འཁོར་འཇོག་ས་དེ་སྡོད་ཁང་གི་རྣམ་པ་ལྟར་དུད་ཚང་རེར་རླངས་འཁོར0.6དང་ཉལ་ཁང་གི་རྣམ་པ་སྨི་ངོས་གྲུ100རེར་རླངས་འཁོར0.4ལས་མི་དམའ་བའི་ཚད་གཞི་ལྟར་བཀོད་སྒྲིག་བྱེད་དགོས་པའི་གཏན་འབེབས་བྱེད་རྩིས་ཡོད་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་བྱང་རྒྱུད་དང་མཚོ་སྔོན་གྱི་ལྷོ་རྒྱུད། བོད་ལྗོངས་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འབབ་ཀྱི་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་ཆེན་ཡོད་པ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་ཀོང་ཞིའི་ཤར་ལྷོའི་རྒྱུད་དང་ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་ཡོད།

    5.jpg

  • ཕ་ཡུལ་དུ་ལོག་པའི་ལག་ཁྱེར་ནི། དེ་ནས་བཟུང་་ལག་ཁྱེར་གྱི་གོ་ཆོད་དུས་བཀག་མཚམས་འཇོག་པའི་དུས་ཚོད་ནི2020ལོའི་ཟླ1ཚེས1ཉིན་ནས2023ལོའི་ཟླ12ཚེས30ཉིན་ཡིན་པའི་ཤང་ཀང་དང་ཨའོ་མོན་གྱི་སྡོད་དམངས་ནང་ལོག་ཏུ་འགྲོ་འོང་བྱེད་པའི་ལམ་ཡིག(རྒྱུན་དུ་ཕ་ཡུལ་དུ་ལོག་པའི་ལག་ཁྱེར)ཡིན་པ་དང་། གོ་ཆོད་དུས་ཚད་དེ2023ལོའི་ཟླ12ཚེས31ཉིན་བར་རིང་དུ་གཏོང་རྒྱུ་རེད།

  • པེ་ཅིང་དུ་དེ་རིང་ནས་ཚེས14ཉིན་བར་ཆུས་སོ་སོས་ཐེམ་ཐོ་གནས་ཡུལ་དང་ཁྱིམ་ཚང་གི་དངོས་ཡོད་སྡོད་གནས་སུ་ལོག་ནས་སློབ་ཆུང་ནས་དམའ་རིམ་སློབ་འབྲིང་དུ་འཕར་བའི་རེ་ཞུའི་འགྲོ་ལུགས་སྔ་རྗེས་སུ་གཉེར་མགོ་རྩོམ་རྒྱུ་རེད།


མཉམ་སྤྱོད།