དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དེ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་གཉེར།

2023-05-18 10:18:13   |   335

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དར་སྤེལ་གཏོང་ཆེད། ཟླ5བའི་ཚེས8ཉིན་ནས་ཚེས12ཉིན་བར། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་གཉེར།

微信图片_20230518102716.jpg

微信图片_20230518102722.jpg

微信图片_20230518102727.jpg

         དུས་ཡུན་ཉིན་ལྔ་ཡི་གསོ་སྦྱོང་རིང་། ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་དང་ཆེད་དོན་འཆད་ཁྲིད་ལ་ཉན་པ། བགྲོ་གླེང་བརྗེ་རེས་གཏིང་ཟབ་བྱས་པ་བརྒྱུད། སྤྲོ་སེམས་འཁོལ་བའི་སློབ་སྦྱོང་གི་རྣམ་པ་ཞིག་བཏོད་དེ་སློབ་མ་ཚོར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྟོབས་ཤུགས་ཆེན་པོ་ཚོར་ཐུབ་པར་བྱས་ཤིང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྡུ་ལེན་བྱས་ཏེ་ལས་བྱེད་པ་དང་ལས་བཟོ་བའི་བསམ་ཕྱོགས་དང་འཆར་འགོད་ཁྱོན་ཡོངས་གཅིག་ཏུ་བསྡུས་ནས། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

微信图片_20230518102711.jpg

微信图片_20230518102706.jpg

微信图片_20230518102700.jpg

       སློབ་མ་ཚོས་ཐེངས་འདིའི་གསོ་སྦྱོང་ནང་དོན་ཕུན་སུམ་ཚོགས་པ་དང་ཁ་གཏད་རང་བཞིན་ཆེ་བས་ཕན་འབྲས་ཆེན་པོ་ཐོབ་པ་དང་། མ་འོངས་པར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དར་སྤེལ་ཤུགས་ཆེན་གཏོང་བ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ས་ཁོངས་ཧྲིལ་བོའི་གནས་སྐོར། གནས་སྐོར་དབུལ་སྐྱོར། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཕྱོགས་ལ་ཤུགས་བསྣན་ནས། མཚོ་སྔོན་པོར་སྲུང་སྐྱོབ་ཆེན་པོ་དང་བཅོས་སྐྱོང་ཆེན་པོ། མཉམ་འབྲེལ་ཆེན་པོ། འཕེལ་རྒྱས་ཆེན་པོ་བཏང་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྣང་བརྙན་གསར་བ་གཏོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།       


མཉམ་སྤྱོད།