དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-25 09:08:01   |   321

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

微信图片_20230525090702.jpg

  • ཟླ5ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཕྲད་གནང་།

  • ཟླ5ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་གྱི་ལམ་ནས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5ཚེས23ཉིན“ཨའོ་མོན་ཚན་རིག་ཨང་དང་པོའི”སྲུང་སྐར་ཞིབ་བཟོའི་ཁྲོད་ཞུགས་མཁན་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མིར་འཕྲིན་ལན་སྤྲིངས་ཏེ་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་། 

  • ཟླ5ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ལི་ཐེ་ལི་ཡ(厄立特里亚)ཡི་ཙུང་ཐུང་དབྱི་ས་ཡ་སི(伊萨亚斯)གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས།

  • སློབ་གསོ་པུས་ད་ལོ་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ལ་མངགས་ཐོའི་གནས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་དངོས་གཞི་ཚན་ཁག་གི་གསོ་རིག་སློབ་མ6150གསོ་སྐྱོང་བྱ་རྒྱུའི་བརྡ་ཐོ་བཏང་། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ6པ་ནས10པའི་བར་རྒྱལ་ཁབ་སྨན་བཅོས་རུ་ཁག་མངགས་ནས་སྐོར་སྐྱོད་སྨན་བཅོས་ལས་དོན་སྤེལ་རྒྱུ་ཡིན་པ་དང་། པེ་ཅིང་ཞེ་ཧོ་སྨན་ཁང་སོགས་སྨན་ཁང16ཚུད་པའི་རུ་ཁག་བཙུགས་ཡོད་ཟེར།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་སྐྱིན་གསབ་གྱི་རེ་ཞུའི་དུས་ཡུན་གྱི་ཁྲིམས་འཛིན་འགྲེལ་བཤད་བཏོན་པ་དང་། དེས་སྐྱིན་གསབ་རེ་འདུན་ཞུ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གང་ལེགས་བྱས་ལ། ཟླ6ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཧྲན་ཏུང་ཞིང་ཆེན་ལུའུ་ཞིས་དབྱང་གཉིས་ཆུའི་རྒྱུ་ཆ་གསར་པའི་ཚན་རྩལ་ཚད་ཡོད་སྤྱི་གཉེར་གྱི་འབར་གས་དང་མེ་ཤོར་བའི་ལས་འཛོལ་ཚབས་ཆེན་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱ་རྒྱུའི་གཏན་འབེབས་བྱས།

  • ཚེས24ཉིན་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་པེན་དཔུང1302པ་རང་རྒྱལ་གྱི་ཏོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་སྐྱོད་བྱས།

  • ཨ་རིར་བཅའ་སྡོད་བྱས་པའི་ཀྲུང་གོའི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེན་མོ་ཞེ་ཧྥུན་ཚེས23ཉིན་ཨ་རིར་འབྱོར་ཞིང་ལས་འགན་གསར་བའི་འགན་བླངས།

སྤྱི་ཚོགས།

  • སྐྱེ་ཁམས་ཁོར་ཡུག་པུས་ཟླ4པའི་གཙོ་གནད་གྲོང་ཁྱེར168ཀྱི་མཁའ་རླུང་སྤུས་ཚད་ཀྱི་ཨང་རིམ་བརྡ་ཁྱབ་བཏང་བ་སྟེ། ཧེ་ཁོའུ་དང་ལྷ་ས། ཀྲང་ཅ་ཁོའུ་བཅས་ཀྱི་མཁའ་རླུང་སྤུས་ཚད་ལྟོས་བཅས་ཀྱིས་ཡག་པ་དང་། ཁྲང་ཁྲུན་དང་། ཧྲེན་དབྱང་། ཧར་པིན་བཅས་ཀྱི་མཁའ་རླུང་སྤུས་ཚད་ལྟོས་བཅས་ཀྱིས་ཞན།

  •  བཟོ་འཕྲིན་པུའི་སྡོམ་རྩིས་ལས་མངོན་པ་ལྟར་ན། ཟླ་བཞི་པའི་ཟླ་མཇུག་བར་དུ་རྒྱལ་ཡོངས་ཀྱི5Gཡི་གཞི་གནས་སྡོམ་འབོར་ཁྲི273.3ཟིན་པ་དེས་སྤོ་འགུལ་གཞི་གནས་སྡོམ་འབོར་གྱི24.5%ཟིན།

  • ཉེ་དུས་མི་འགའ་ཞིག་གིས“རྒྱལ་ཁབ་ཀྱི་ཞན་ཆ་གསབ་པ་དང་སྟོབས་ཆེར་གཏོང་བའི་མགོ་ཁྲིད་ཚན་ཆུང་”ཞེས་པའི་མིང་ཐོག་ནས་ཆ་འཕྲིན་རྫུན་མ་ཁྱབ་བསྒྲགས་བྱས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནང་ཁུལ་དུ་འབྲེལ་ཡོད་སྒྲིག་གཞི་དང་བྱེད་སྒོ་མེད་པས་མགོ་སྐོར་འོག་ཚུད་རྒྱུ་སྔོན་འགོག་བྱེད་དགོས་པ་གསལ་བསྒྲགས་བྱས།

  • རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་སྔོན་དུ། ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡོ་མིང་གིས་མུ་མཐུད་དུ་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨེ་ཤེ་ཡ་ཁུལ་གྱི་ཀྲུའུ་ཞིའི་འགན་བཞེས་པ་དང་། འགན་འཁུར་ཡུན་ལོ་བཞི་ཡིན།

    微信图片_20230525090708.jpg

  • བོད་ལྗོངས་ནགས་ལས་རྩྭ་ཐང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དུ་གསའ་ཡི་གྲངས་འབོར་མང་དུ་ཕྱིན་པ་དང་། ཚོད་དཔག་རགས་ཙམ་བྱས་ན་གྲངས་འབོར100ལས་བརྒལ་ཡོད། 

    微信图片_20230525090715.jpg

  • ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སུའོ་ཡི་ཞིབ་འཇུག་ཚོགས་པས་ཉེ་ཆར་ཅང་ཞིས་ཅིའུ་ཅང་ནས་ལོ་ངོ་དུང་ཕྱུར4.38གོང་གི་ཅིའུ་ཅང་གཙང་པོའི་ཞ་ཉའི་འགྱུར་རྡོ་ཤེས་རྟོགས་བྱུང་།

微信图片_20230525090726.jpg

  • ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)གྱི་ལོ24ལ་སླེབས་པའི་ཞིབ་འཇུག་སློབ་མ་ལུང་ཞིན་ཡུས་ལ་གློ་བུར་དུ་ནད་གཞི་ཕོག་ནས་ཚེ་ལས་འདས་པ་དང་། ནང་མིས་ཁོང་འཚོ་བཞུགས་སྐབས་ཀྱི་རེ་འདུན་ལྟར་དབང་པོ་ཞལ་འདེབས་སུ་ཕུལ་ནས་མི་བཞི་ལ་སླར་ཡང་ཚེ་སྲོག་བསྩལ།

སྲིད་ཇུས།

  • ཅི་ལིན་ཞིང་ཆེན་གྱིས་གཞུང་དོན་སྣེ་ལེན་གྱི་བྱ་ཐབས་གསར་པ་དཔར་འགྲེམ་བྱས་པ་སྟེ། ལས་ཀའི་ཟས་རིན་གྱི་ཚད་གཞི་མི་རེར་སྒོར120ལས་བརྒལ་མི་ཆོག་པ་དང་གྲོང་ཁྱེར་ནང་ཁུལ་གྱི་གཞུང་དོན་བྱེད་སྒོར་ཟ་མ་བཀོད་སྒྲིག་མི་བྱེད་པའི་གཏན་འབེབས་བྱས།

  • ཨན་ཧུའེ་ཡིས་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཆ་རྐྱེན་དང་མཐུན་པའི་གཙོ་གནད་ཚོགས་པས་ཐོ་འགོད་བྱས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་ལས་གཏོད་ཁག་ཐེག་དངུལ་བུན་མཐོ་ཤོས་སྒོར་ཁྲི50རེ་ཞུ་བྱས་ཆོག 

  • ཧྥུ་ཅན་ཞིང་ཆེན་སྨན་བཅོས་གུན་སྐྱོབ་ཅུ་ཡིས་ཟླ6ཚེས1ཉིན་ནས་བཟུང་། མི་སྒེར་གྱིས་སྔོན་ལ་སྤྲོད་པའི་སྡུར་ཚད་ཡོད་པའི་སྨན་སྤྱོད་ཡོ་བྱད་ལ་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་(ཚུད་པ)ནང་ཚུན་གྱི་མི་སྒེར་གྱིས་སྔོན་ལ་སྤྲོད་པའི་སྡུར་ཚད20%ནས15%བར་ལེགས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧྭ་བྱང་གི་བྱང་རྒྱུད་དང་ཧོང་ཧེ་ཡི་ས་ཆ་མང་ཆེ་བ། ཅང་ཧན་གྱི་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་ས་ཆ་མང་ཆེ་བ་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧུའུ་ནན་གྱི་དབུས་བྱང་རྒྱུད་དང་། སི་ཁྲོན་གཤོང་སའི་ཤར་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།

微信图片_20230525090732.jpg


མཉམ་སྤྱོད།