མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-29 09:12:51   |   158

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཚན་རྩལ་རང་ཚུགས་རང་སྟོབས་སྐོར་གླེང་བ》ཞེས་པ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

  • ནོར་སྲིད་པུའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་དབང་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར14388.1ཟིན་པ་དེ་དུས་མཚུངས་ལས15.1%འཕར་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་གློག་ཤུགས་དང་ཚ་ནུས། སོལ་རླངས། ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བཅས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར1852.7ཟིན་པ་དང34.1%འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར་ཉི་ནུས་གློག་གཏོང་ཐད་མ་དངུལ་སྒོར་དུང་ཕྱུར743བཏང་བ་དེ་དུས་མཚུངས་ལས156.3%འཕར་ཡོད།

  •  མཁོ་སྒྲུབ་དོ་དམ་པུས་ཉེ་དུས་བཟོ་ཚོང་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། བྱུར་རྐྱེན་ཁྲི10.5ཤེས་རྟོགས་དང་དག་ཐེར་བྱས།

    微信图片_20230529091110.jpg

  • ཚེས28ཉིན། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲས་ཏེ། C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱིས་ཚོང་ལས་ཀྱི་འགྲུལ་པ་སྐྱེལ་བའི་འཕུར་སྐྱོད་ཐེངས་དང་པོ་ལེགས་གྲུབ་བྱུང་།

  • ཚེས28ཉིན། ལྷ་གྲུ་ཨང་བཅུ་དྲུག་པའི་ལས་འགན་དེ་ཆེས་མཐའ་མའི་ལྗོངས་ཡོངས་ཀྱི་མཉམ་སྦྱོང་དུ་སླེབས་ནས་མཉམ་སྦྱོང་བྱས་པ་དང་། འཕེན་གཏོང་བྱ་ཡུལ་གྱིས་འཕེན་གཏོང་མ་བྱས་གོང་གི་གྲ་སྒྲིག་ཡག་པོ་བྱས།

    微信图片_20230529091118.jpg

  • ཚེས28ཉིན། ཏི་པན་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་སྡུར་གྱི་བུད་མེད་ཁེར་འགྲན་གྱི་རྟིང་རྩོད་འགྲན་སྡུར་ཁྲོད། སུན་དབྱིང་ཧྲ་རུ་མི་ཁྲེན་མོང་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས།

    微信图片_20230529091126.jpg

  • ཚེས28ཉིན། ཏི་པན་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་སྡུར་གྱི་སྐྱེས་པའི་ཁེར་འགྲན་གྱི་རྟིང་རྩོད་འགྲན་སྡུར་ཁྲོད་ཧྥན་ཀྲེན་ཏུང་རུ་མི་ཝང་ཁྲུའུ་ཆིན་ལས་རྣམ་པར་རྒྱལ་ནས་རྒྱལ་ཐབས་བརྟན་པོར་བཟུང་། 

  • སྤྱི་ཚོགས།

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་སྔོན་ཟོན་བཏང་བ་སྟེ། སྔོན་དཔག་བྱས་ན། དེ་རིང་ཨན་ཧེའི་ནུབ་རྒྱུད་ཀྱི་ས་ཆ་ཁ་ཤས་དང་ཧོ་ནན་ལྷོ་རྒྱུད་ཀྱི་ས་ཆ་ཁ་ཤས་སོགས་ས་ཁུལ་ཁག་ཅིག་ཏུ་ས་གཤིས་གནོད་འཚེ་འབྱུང་བའི་ཉེན་ཁ་ཆེ་ཙམ་ཡོད།

  • ཉེ་ཆར་ནོར་སྲིད་པུས་ཆུ་བེད་པུ་དང་མཉམ་དུ་ཆུ་བེད་གེགས་སེལ་མ་དངུལ་སྒོར་དུང་ཕྱུར7.28གཤམ་འགྲེམ་བྱས།

    微信图片_20230529091134.jpg

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་ཚེས28ཉིན་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཚན་རིག་ཁྱབ་གདལ་རྟེན་གཞི་ཁག་དང་པོ་སྟེ། རྟེན་གཞི57ཡོངས་བསྒྲགས་བྱས་པ་དང་། དེའི་ཁྲོད་དུ་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་དང་ཧོ་པེ་ཞིང་ཆེན་སའེ་ཧན་པ་འཕྲུལ་ཆས་ནགས་ར་སོགས་ཚུད་ཡོད།

    微信图片_20230529091140.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སྤྱི་ལེ་སྟོང་གི་བར་མཐུད་མེད་པའི་འོད་སྐུད་ཀྱི་ཚད་རྡུལ་གསང་ལྡེ་བགོས་འགྲེམ་མངོན་གྱུར་བྱུང་བ་དང་འཛམ་གླིང་གི་ཟིན་ཐོ་བརྒལ། འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་དབང་ཐང་ལྡན་པའི་རིག་གཞུང་དུས་དེབ《དངོས་ལུགས་དཔྱད་གཏམ་མྱུར་འཕྲིན》ཐོག་སྤེལ་ཡོད།

  • ཉེ་ཆར་ཧྲན་ཏུང་ཆིང་ཏོ་ཉེན་རྟོག་ཕྱོགས་ཀྱིས་ཧྲན་ཏུང་དང་ཧུ་པེ། ནང་སོག ལོ་ཉིང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་དང་འབྲེལ་བ་ཡོད་པའི་འབྲེལ་ཐག་ཧྲིལ་བོ་ཅན་གྱི་དུག་འཐེན་དུག་ཚོང་ཚོགས་པ་ཞིག་མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན51འཛིན་བཟུང་བྱས།

    微信图片_20230529091146.jpg

  • ཧང་ཀྲོའུ་ཡི་ལོ91ལ་སླེབས་པའི་རྒན་པ་དབྱང་ཕུའུ་ཁྲེང་ཚེ་ལས་འདས་རྗེས་ནང་མིས་ཁོང་གི་སྐུ་ཕུང་ཞལ་འདེབས་སུ་ཕུལ་བ་དང་། ཁོང་གི་མིག་སྐྱི་ཡི་གནས་ཚུལ་ཧ་ཅང་ལེགས་པས་ནད་པ4ལ་སླར་ཡང་འོད་སྣང་བསྩལ།

  • སྲིད་ཇུས།

  • ཐེན་ཅིན་གྱིས་རང་གྲོང་ཁྱེར་དུ་ཁང་བ་གསུམ་པ་དང་དེ་ཡན་གྱི་སྡོད་ཁང་ཉོས་པའམ་ཡང་ན་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཐེངས་གཉིས་བཏང་མྱོང་བའི་ལས་བཟོའི་ཁྱིམ་ཚང་ལ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་མི་གཏོང་བ་ཁ་གསལ་བཏོན།

  • ལོ་ཉིང་གིས་ཕུལ་བྱུང་ལས་གཏོད་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི500སྤྲད། 

  • ཉིང་ཞ་ཡིས་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣས་གཏན་འབེབས་ལྟར་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་གུན་སྐྱོབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་འཇལ་བའི་རིགས་ལ་ལོ་འཁོར་སྔོན་མའི་མི་སྒེར་གྱི་སྤྱི་ཚོགས་གུན་སྐྱོབ་གྱི་གྲོན་དངུལ་སྤྲོད་པའི་མས་མཐའ་ཡི50%གཞིར་བཟུང་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཁ་གསལ་བཏོན། 

    འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཞིན་ཅང་གི་ཐེན་ཧྲན་རི་བོའི་རྒྱུད་ཀྱི་ས་ཁུལ་དང་ཧྲའན་ཞིའི་ཤར་ལྷོའི་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་བྱང་རྒྱུད། ཧོ་ནན་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཧུའུ་པེའི་བྱང་ཤར་རྒྱུད། ཨན་ཧེའི་ས་ཆ་མང་ཆེ་བ། ཅང་སུའུ་ཡི་ས་ཆ་མང་ཆེ་བ། ཀྲེ་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་སི་ཁྲོན་བྱང་ཤར་རྒྱུད་དང་ཨན་ཧེའི་བྱང་རྒྱུད། ཅང་སུའུ་བྱང་རྒྱུད་ཀྱི་ས་ཁུལ་ཁ་ཤས་བཅས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

    微信图片_20230529091152.jpg


མཉམ་སྤྱོད།