དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་རྒྱལ་ཐོག་མའི་མཚན་ལ་ཅི་ཟེར། དེ་ལྟར་ཐོགས་དོན་ཅི།

2025-04-09 17:12:53   |   344

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཤེས་བྱ་དྲིས་བརྒྱ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


བོད་རྒྱལ་ཐོག་མའི་མཚན་ལ་འོ་ལྡེ་སྤུ་རྒྱལ་ལམ་གཉའ་ཁྲི་བཙན་པོ་ཟེར་ཞིང་། རྗེ་འདི་ཡི་བྱོན་ལུགས་ལ་གསང་བ་ཆོས་ལུགས་སུ་རྒྱལ་པོ་ལས་ཆད་པ་དང་། བསྒྲགས་པ་བོན་ལུགས་སུ་ལྷ་ལས་ཆད་པ། ཡང་གསང་འཆང་ལུགས་སུ་ཐེ་བྲང་ལས་ཆད་པ་ཞེས་གསུམ་དུ་བཞེད་ཀྱང་། ཡོངས་གྲགས་སུ་ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མ་སྙ་ཨུ་བེ་ར་བྱ་བ་ཐུ་དྲགས་ནས་བཤུག་དགོས་ཞེས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་རྗེ་འཚོལ་བ་དང་ཕྲད་དེ། ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས་ཤིང་། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་འོ། ། 


མཉམ་སྤྱོད།