དེ་རིང་ནི2025ལོའི་ཟླ12པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་སོར་མོས་རེག་པ་ཟེར།

2025-12-19 09:17:53   |   175

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


རེག་པ་ལུས་ཡུལ་ཚ་གྲང་འབུར་འཇམ་བརྟག ཁྱད་པར་བརྡ་སྦྱོར་འཕྲིན་པ་རྩ་ལ་བརྟག འདི་ནི་དཔྱོད་པ་དོན་རིག་བརྟག་པ་ཡིན། ཞེས་གསུངས་པ་སྟེ། རེག་པའི་སྒོ་ནས་ནད་ངོས་འཛིན་པ་ནི། ལུས་ཀྱི་ཡུལ་དུ་གྱུར་པའི་རེག་པར་བྱ་བ་ཐམས་ཅད་ལ་བྱ་ཞིང་། དེ་ཡང་སྨན་པའི་ལག་པས་ནད་པའི་ལུས་ཁམས་ཀྱི་རེག་བྱ་ཚ་གྲང་དང་། སྐྲངས་འབུར། འཇམ་རྩུབ། སྲ་སྙི་སོགས་ལ་བརྟག་དགོས་པར་མ་ཟད། ཁྱད་པར་དུ་ནད་དང་སྨན་པ་གཉིས་ཀྱི་བར་དུ་ཕན་ཚུན་བརྡ་སྦྱོར་བར་བྱེད་པའི་འཕྲིན་སྐྱེལ་བ་དང་མཚུངས་པའི་འཕར་རྩར་བརྟག་པར་བྱ་བ་ཡིན་ཞིང་། བརྟག་པ་འདི་ནི་རེག་པ་ཚོར་བའི་དོན་ལ་དཔྱད་དེ་ལྐོག་ཏུ་གྱུར་པའི་ནད་གཞིའི་དོན་རྣམས་མངོན་སུམ་དུ་རྟོགས་པར་བྱེད་པའི་ཐབས་ཤིག་ཡིན་པས་དཔྱོད་པ་དོན་གྱི་རིག་པའི་བརྟག་པ་ཞེས་བྱ་བ་ཡིན་ནོ།


མཉམ་སྤྱོད།