དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུ་གུ་རྩེབ་པའི་བདེ་འཇགས་ཇི་ལྟར་ཁག་ཐེག་བྱ་དགོས།

2026-02-28 11:44:50   |   22

རྩོམ་སྒྲིག    སངས་དོན།     ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།    བཤེར་འབེབས།    རིན་ཆེན་ཚེ་རིང་།


题图_proc.jpg

ཐོན་སྐྱེད་ལག་ལེན་ཁྲོད། གསོ་སྤེལ་ཁྱིམ་ཚང་དང་གསོ་སྤེལ་ར་བས་མོ་ལུག་གིས་ལུ་གུ་མང་བོ་རྩེབ་པའི་བརྒྱུད་རིམ་ཐད་གཤམ་གྱི་ཕྱོགས་འགའ་ནས་ལུགས་མཐུན་སྒོས་བདག་སྐྱོང་ཡག་པོ་བྱ་དགོས།

 8888.jpg

གཅིག མོ་ལུག་སྦྱོར་སྡེབ་བྱེད་པའི་དུས་ཚོད་དང་ལུག་ཁྱུ་སོ་སོའི་སྦྱོར་སྡེབ་བྱེད་པའི་དུས་ཡུན་ཡང་དག་པར་ཟིན་ཐོ་རུ་བཀོད་དེ། མོ་ལུག་གི་མངལ་སྦྲུམ་པའི་དུས་ཡུན་ནི་ཉིན145ནས160བར་ཡིན་པའི་གཞི་རྩའི་ཆོས་ཉིད་ལྟར། དུས་ཐོག་ཏུ་བརྩེབ་ལ་ཉེ་བའི་མོ་ལུག་རྣམས་ལུག་ཁང་དུ་ལོགས་སུ་བཀར་ནས་དོ་དམ་བྱས་ཏེ། ལུ་གུ་བརྩེབ་པར་བསྒུག་དགོས།

གཉིས། བརྩེབ་ལ་ཉེ་བའི་མ་མོ་རྣམས་ལ་ལྟ་ཞིབ་དང་བདག་སྐྱོང་ལེགས་པོ་བྱེད་པ་དང་། བརྩེབ་ལ་ཉེ་བ་མངོན་གསལ་ཡིན་པའི་མ་མོར་དམིགས་བསལ་གྱིས་ལྟ་སྐྱོང་བྱ་དགོས། རྩེབ་པའི་གོ་རིམ་ཁྲོད་ཀྱི་རྐྱེན་སྣ་ཚོགས་དང་བྱེ་བྲག་གི་གནད་དོན་དུས་ལྟར་ཐག་གཅོད་བྱས་ཏེ། མ་མོས་ལུ་གུ་བདེ་བླག་ངང་རྩེབ་ཐུབ་པ་དང་། ལུ་གུའི་ཚེ་སྲོག་གི་བདེ་འཇགས་ལ་ཁག་ཐེག་བྱ་དགོས།

གསུམ། མོ་ལུག་གིས་ཐོག་དང་པོར་ལུ་གུ་མང་བོ་རྩེབ་པའི་བརྒྱུད་རིམ་ཧྲིལ་བོར་ལྟ་སྲུང་ནན་ཏན་བྱས་ནས། དེས་སྦྲུམ་པའི་ལུ་གུ་ཚང་མ་བརྩེབས་ཚར་བར་ཁག་ཐེག་བྱ་དགོས། ཐོག་དང་པོར་རྩེབ་བཞིན་པའི་གོ་རིམ་ཁྲོད་མོ་ལུག་སྐྲག་པའམ་མངལ་ལམ་དོག་པའི་དབང་གིས་ལུ་གུ་རྩེབ་ཡུན་རིང་བ། ལུ་གུ་རྒྱུན་མཐུད་ངང་རྩེབ་མི་ཐུབ་པའི་སྐབས་སུ་དུས་ལྟར་ལུགས་མཐུན་སྒོས་ཐག་གཅོད་བྱ་དགོས།

བཞི། ཤ་ཤེད་ཞན་པའི་དབང་གིས་མོ་ལུག་གིས་ལུ་གུ་རྩེབ་པའི་རྣམ་པ་རྒྱུན་མཐུད་མི་ཐུབ་པ་ལ་དུས་ཐོག་ཏུ་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་མིས་རོགས་སྐྱོབ་བྱ་དགོས།

ལྔ། མོ་ལུག་རྩེབ་སྐབས་བུ་སྣོད་ཀྱི་འཁུམ་ཤུགས་ཞན་པ་དང་། ལུ་གུ་ཆེ་དྲགས་པ། འཕྱིལ་བ་སོགས་རྩེབ་དཀའ་བའི་སྐབས་སུ། དུས་ཐོག་ཏུ་མོ་ལུག་གི་ཤ་གནད་ལ་མངལ་འཁུམ་རྒྱུ་སོགས་ཀྱི་སྨན་ཁབ་བརྒྱབ་ནས་བུ་སྣོད་སླར་གསོ་དང་དེའི་འཁུམ་ཤུགས་ཇེ་དྲག་ཏུ་བཏང་སྟེ། ལུ་གུ་རྩེབ་པའི་གོ་རིམ་རྒྱུན་མཐུད་དང་བདེ་བླག་ངང་རྩེབ་ཐུབ་པར་ཁག་ཐེག་བྱ་དགོས།

དྲུག ལུ་གུ་མང་བོ་སྦྲུམ་པའི་མོ་ལུག་ཁ་ཤས་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལུ་གུ1ནས2བརྩེབས་རྗེས། ལུ་གུ་གཞན་མངལ་སྒོར་མ་ཐོན་པའི་སྔ་རོལ་ཏུ་རྩེབ་པའི་ངང་ཚུལ་རིམ་བཞིན་ཡལ་བ་དང་སེམས་ཤུགས་ཉམས་པ། གཟན་ཆས་ཟ་འདོད་ཀྱི་འདུན་པ་ཇེ་ཞན་ནམ་མེད་པར་འགྱུར་བ། ཕྱི་ངོས་ནས་ཕོ་བར་ན་ཟུག་དང་སྦོས་པའི་སྣང་ཚུལ་བཅས་བྱུང་ན། ཐོག་མར་མ་མོས་ལུ་གུ་བརྩེབས་མ་ཚར་བའམ་ཤ་མ་ཕྱིར་ཐོན་མེད་པར་བསམ་བློ་གཏོང་དགོས།  གསོ་སྐྱོང་པས་རེག་པའི་ཐབས་ལ་བརྟེན་ནས་དེ་ལྟར་ཡིན་པ་གཏན་འཁེལ་བྱས་ཚེ། མོ་ལུག་གི་ཤ་གནད་ལ་མངལ་འཁུམ་རྒྱུ་སོགས་ཀྱི་སྨན་ཁབ་བརྒྱབ་སྟེ། བུ་སྣོད་སླར་གསོ་དང་དེའི་འཁུམ་ཤུགས་ཇེ་དྲག་ཏུ་བཏང་ནས་ཕྲུ་གུ་རྩེབ་པའི་གོ་རིམ་ལེགས་འགྲུབ་བྱུང་སྟེ། མངལ་ན་གནས་པའི་ཕྲུ་གུ་འཕྱིལ་ཡོད་མེད་གང་ཡིན་རུང་དུས་ཐོག་ཏུ་ཡོངས་སུ་ཕྱིར་འདོན་པ་དང་ཤ་མའི་ལྷག་རོ་ཕྱིར་ལེན་དགོས།

བདུན། མོ་ལུག་གིས་ལུ་གུ་བརྩེབས་ནས་ཟུངས་ཟད་པའི་སྐབས་སུ་མྱུར་མོར་རྩ་ལམ་དུ25%ཡི་རྒུན་འབྲུམ་མངར་ཆ་དང་། 10%ཡི་རྒུན་འབྲུམ་མངར་ཆའི་ཚྭ་ཆུ། ག་བུར་ཧྥོན་སྐྱུར་ནཱ། འཚོ་རྒྱུCདང་།  ཆིང་ཏཱ་མེ་སུའུ་སོགས་ཀྱི་སྨན་ཁབ་བརྒྱབ་སྟེ། བརྩེབས་པའི་མོ་ལུག་གི་ལུས་ཟུངས་གསོ་དགོས་པ་དང་། མ་མོ་དང་ལུ་གུའི་བདེ་ཐང་ལ་ཁག་ཐེག་བྱ་དགོས་པར་མ་ཟད། བསམ་ཡུལ་ལས་འདས་པའི་གནས་ཚུལ་འབྱུང་བ་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས།


མཉམ་སྤྱོད།