དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སྐར་རྩིས་སྟོན་པའི་གཞུང་གང་དག་ཡིན།

2024-12-19 11:01:02   |   56

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


སྐར་རྩིས་སྟོན་པའི་གཞུང་ནི་དུས་འཁོར་རྩ་རྒྱུད། དུས་འཁོར་བསྡུས་རྒྱུད། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད། དཔལ་ལྡན་སྭ་རོད་ཀྱི་རྒྱུད(དབྱངས་འཆར་གྱི་རྒྱུད)མིག་བཅུ་གཉིས་པའི་མདོ། སྟག་རྣའི་རྟོགས་བརྗོད། ཉི་མའི་སྙིང་བོའི་མདོ་སོགས་མདོ་རྒྱུད་མང་པོ་དང་སྟོད་འགྲེལ། བོད་གཞུང་ལ་མཚོན་ན། རྗེ་རང་བྱུང་ཞབས་ཀྱི་རྩིས་གཞུང་ཀུན་ལས་བཏུས་པ། བུ་སྟོན་གྱི་ཁས་པ་དགའ་བྱེད། མཁས་གྲུབ་རྗེའི་ཌིཀ་ཆེན་དེ་ཉིད་སྣང་བ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དྲི་མེད་འོད་རྒྱན། ཕུག་པ་ལྷུན་གྲུབ་རྒྱ་མཚོའི་པད་དཀར་ཞལ་ལུང་མ་བུ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻཌཱུར་དཀར་པོ་གཡའ་སེལ། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་དགེ་ལྡན་རྩིས་གསར་མ་བུ། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་མཁས་པའི་སྙིང་ནོར། ཕྱག་མཛོད་གསུང་རབ་ཀྱི་རིགས་ལྡན་སྙིང་ཐིག བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི་རིགས་ལྡན་མཆོད་པའི་འོད་སྣང་སོགས་ལས་གསལ་ལོ།


མཉམ་སྤྱོད།