དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐར་རྩིས་ལས་བརྩི་བའི་བྱ་བར་འཇུག་དུས་དགོས་པའི་མ་བྲལ་བ་གསུམ་ནི་གང་དག་ཡིན།

2024-12-25 14:39:12   |   693

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


སྤྱིར་སེམས་ལྡན་ཞིག་གིས་བྱ་བ་སྒྲུབ་ཚེ་སྒོ་གསུམ་གང་རུང་ལ་བརྟེན་དགོས་པས། རྩིས་ཀྱི་ས་རིས་ལག་ལེན་སྐབས་སུ་ཡང་དེ་བཞིན་དུ་སྒོ་གསུམ་སོ་སོར་ལས་སོ་སོ་བསྒྲུབ་རྒྱུ་ཡོད་དེ། ལུས་ཀྱི་ལས་ལག་བྲིས་དང་མ་བྲལ་བ། ངག་དགུ་མཐའ་དང་མ་བྲལ་བ། ཡིད་གནས་གཞན་དང་མ་བྲལ་བ་ཞེས་པ་རྣམས་སོ།  དེ་ལས་དང་པོ་གྲངས་མཚོན་བྱེད་ཀྱི་ཨང་གཟུགས་འབྲི་བ་རྒྱུན་མི་ཆད་པ་ནི་ལག་པས་སྒྲུབ་དགོས་ལ། གྲངས་ཀྱི་འཕེལ་འགྲིབ་གང་ཡིན་ནི་དགུ་གཅིག་གཅིག་དགུ་དགུ་རང་ཡིན་ཞེས་པ་སོགས་ངག་ཚིག་ཏུ་བརྗོད་པས་ཡིད་ལ་རམ་འདེགས་དགོས་ལ། དེ་དུས་ཡིད་ཀྱིས་ཀྱང་གྲངས་གནས་སྔ་ཕྱིའི་གོ་རིམ་དང་འདང་མིན་ཇི་ལྟར་འགྱུར་བའི་ཚུལ་རྣམས་ངེས་པར་བྱེད་དགོས་པས་མ་བྲལ་བ་གསུམ་ཞེས་པ་དེ་བྱུང་བ་ཡིན། གཞན་སྐར་རྩིས་རང་ལུགས་སུ་དགུ་གཅིག་གཅིག་དགུ་དགུ་རང་ཡིན་ཞེས་པ་ནས་གཅིག་གཅིག་གཅིག་ཉིད་ཐིག་ལེ་སྟོང་ཞེས་པའི་བར་གྱིས་བསྟན་པའི་དགུ་མཐའ་དང་། དེང་དུས་གྲངས་རིག་པར། གཅིག་གཅིག་གཅིག་ལ། གཅིག་གཉིས་གཉིས་ལ། ཞེས་པ་ནས། དགུ་དགུ་བརྒྱད་ཅུ་གྱ་གཅིག་ཅེས་པའི་བར་གྱིས་བསྟན་པའི་དགུ་མཐའ་གཉིས་ཕན་ཚུན་བསྡུར་ན་ཡང་། སྔ་མ་ཚིག་ཉུང་ཞིང་ཟློས་སྐྱོན་མེད་པའི་ཡོན་ཏན་གྱིས་འཕགས་པ་ཡིན་ནོ།


མཉམ་སྤྱོད།