དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མཁྲིས་པའི་རྩྭ་ནི་མགྱོགས་རྒྱས་གྲིམས་པ་ཡིན། ཞེས་པའི་དོན་ཅི་ཡིན།

2025-01-09 15:29:00   |   169

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རྣམ་གྱུར་མཁྲིས་པའི་རྩྭ་ནི། གནད་ཀྱི་ལྡེ་མིག་ལས། སྣོད་མཁྲིས་དེ་ཉིད་ཚ་བ་ཁྲག་མཁྲིས་ཀྱི་རྟེན་ཡིན་པའི་ཆ་ནས་རྩ་རྒྱུད་ཁོང་གྲིམས་པ་ཅན་འཕར་བའོ། ཞེས་དང་། སྐྱེམ་པའི་ཕྱི་མ་རྒྱུད་ཀྱི་རྣམ་བཤད་ལག་ལེན་གསལ་བྱེད་ལས། དྲག་མགྱོགས་ལྷན་ཅིག་པའི་རྣམ་པ་ཅན་གྲིམས་པར་འཕར། ཞེས་དང་། སྨྲ་བ་མཆོག་ཐོབ་ལས། རྣོ་ཡང་གི་ལས་མྱུར་བས་མགྱོགས་པ་དང་། ཁྲག་དང་བཅས་པས་རྒྱས་པ་སྟེ་སྟོབས་ཆེ་བའོ། དྲག་པ་དང་མྱུར་བ་གཉིས་ལྡན་གྱི་ཉམས་ཡོད་པས་གྲིམས་པར་འཕར་བ་ཡར་མཆོངས་པ་ལྟར་མཁྲིས་པ་འཕེལ་བ་དང་མཚན་ཉིད་མཚུངས་པའོ། ཞེས་པའི་དོན་ནོ།


མཉམ་སྤྱོད།