དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུང་སོ་སུམ་ཅུ་སོ་གཉིས་ནི་གང་དག་ཡིན།

2025-06-12 15:09:23   |   163

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


བཤད་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་ཀུན་གསལ་ལས། སོ་གྲངས་སུམ་ཅུ་རྩ་གཉིས་ཀྱང་། སྨྲ་ལ་གཅེས་པའི་མདུན་སོ་བརྒྱད། རབ་མཛེས་མཆེ་བ་བཞི་ཡིན་ཏེ། གཅོད་བྱེད་འགྲམ་སོ་གཉིས་འབྲེལ་བརྒྱད། ཆུང་བ་སྟེང་འོག་གཉིས་གཉིས་ཏེ། འདི་ནི་ཤས་ཆེའི་དབང་དུ་མཛད། མང་ན་བཟང་ཞིང་ཉུང་ན་ངན། མཚན་དཔེ་ལྡན་ལ་བཞི་བཅུ་འབྱུང་། ཞེས་གསུངས་པ་ལྟར་སྨྲ་བརྗོད་སོགས་བྱེད་པ་ལ་གལ་ཆེ་བའི་ཡས་ཀྱི་མདུན་སོ་བཞི་དང་། མས་ཀྱི་མདུན་སོ་བཞི་སྟེ་བརྒྱད། མཛེས་བྱེད་ཀྱི་མཆེ་བ་ཡས་ལ་གཉིས་དང་མས་ལ་གཉིས་ཏེ་བཞི། བཟའ་བཏུང་ལ་སོགས་པ་ལྡད་ཅིང་གཅོད་པར་བྱེད་པའི་འགྲམ་སོ་གཡས་གཡོན་གཉིས་སྦྲེལ་གྱི་ཡས་ལ་བརྒྱད་དང་མས་ལ་བརྒྱད་དེ་བཅུ་དྲུག མཐའ་སོ་ཆུང་བ་ཡས་ལ་གཉིས་དང་མས་ལ་གཉིས་ཏེ་བཞི། དེ་དག་དྲིལ་བས་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། འདི་དག་ནི་ཐ་མལ་ནད་མེད་ཀྱི་སོ་སོ་སྐྱེ་བོ་སྤྱིའི་དབང་དུ་བྱས་ནས་གསུངས་པ་ཡིན་པ་ལས། མཐའ་གཅིག་ཏུ་ངེས་པ་མ་མཆིས་ཏེ། མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་ཚང་བའི་ཉན་རང་སངས་རྒྱས་རྣམས་ལ་ནི་ཚེམས་ཕྲེང་བཞི་བཅུ་ཡོད་པར་གསུངས་པའང་སྣང་ངོ།


མཉམ་སྤྱོད།