དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གླང་ཆེན་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-10-29 08:37:22   |   733

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

གླང་ཆེན་བཅོ་བརྒྱད།

གུར་གུམ་སྲང་གང་ཞོ་ལྔ། ཙན་དཀར་ཞོ་བཞི། ཙན་དམར་སྲང་གང་། ཨར་ནག་ཞོ་བཞི། སྐྱུ་རུ་སྲང་གང་ཞོ་ལྔ། མ་ནུ་སྲང་གང་། འུ་སུའི་ལོ་འབྲས་སྲང་གང་། བྲག་ཞུན་ཁཎྜ་ཞོ་བརྒྱད། རུ་རྟ་ཞོ་བརྒྱད། ཅུ་གང་སྲང་གང་། བ་ལེ་ཀ་ཞོ་བརྒྱད། སུམ་ཏིག་སྲང་གང་། རེ་སྐོན་སྲང་གང་། ཨུཏྤལ་སྔོན་པོ་སྲང་གང་། བ་ཤ་ཀ་སྲང་གང་། གསེར་མེ་ཞོ་བཞི། པྲི་ཡང་ཀུ་སྲང་གང་། གི་ཝང་སྐར་ཕྱེད་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གླང་ཆེན་བཅོ་བརྒྱད་བཟོ་མེད་ཅུང་ཟད་བསིལ། ཁྲག་ངན་མཐོ་དང་མཆིན་ཁྲག་སྨུག་པོ་རྒྱས། སྟོད་གཟེར་རྒྱབ་མདུན་ཕོ་མཆིན་སྦྲགས་ནས་ན། ཁྲག་རླུང་ནད་དང་འབམ་རིགས་སྟོད་འཚངས་ཆེ། སྨད་དུ་རིམ་བཞིན་འབེབས་པར་བྱེད་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།