དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱ་ཁྱུང་ཤེལ་རལ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-04-23 09:42:15   |   229

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


བྱ་ཁྱུང་ཤེལ་རལ།

ཁྱུང་ལྔ། བྱུ་རུ་སྲང་གང་། མུ་ཏིག་ཞོ་གཉིས། ཛཱ་ཏི་སྲང་གང་། ལི་ཤི་ཞོ་ལྔ། ཨ་གར་སྲང་གང་། སིནྡྷུ་ར་ཞོ་ལྔ། ཁབ་ལེན་ཞོ་ལྔ། ཤིང་མངར་སྲང་གང་། དབང་ལག་ཞོ་ལྔ། ཡུངས་དཀར་ཞོ་ལྔ། ཀླུ་བདུད་སྲང་གང་། གུ་གུལ་དཀར་ནག་ཞོ་ལྔ་རེ།(ཉ་ཕྱིས་སྲང་གང་། གུར་གུམ་སྲང་གང་། རྡོ་གྲུ་བཞི་ཞོ་ལྔ། བིལ་བ་སྲང་གང་། འབྲུག་རུས་ཞོ་ལྔ། རྒྱ་ཏིག་སྲང་གང་། ཅོག་ལ་ཞོ་གསུམ། གླ་རྩི་སྐར་ལྔ།)

ཕན་ནུས།

བྱ་ཁྱུང་ཤེལ་རལ་བཟི་འབྲིང་ཅུང་ཟད་བསིལ། སྙིང་ཤུགས་དམན་དང་མཁལ་རྩ་ཉམས་པ་ཡིས། ཁྲག་རྩའི་རྒྱུ་བ་འགག་དང་རྩ་གྲུམ་དང་། ཕྱི་ནང་རྩ་དཀར་རིགས་དང་རྩ་གྲིབ་ནད། ཆུ་སེར་ཆུ་རྒྱུས་རེངས་འཁུམས་དྲེག་གྲུམ་འབམ། རྩ་ཆད་འཐུད་ཅིང་ཞ་སྦྲིད་སྐམ་པ་སོགས། གཞོགས་ཕྱེད་ཉམས་དང་རླུང་ཁྲག་འཁྲུགས་པ་ཡིས། ཁ་ཡོ་མིག་ཀྱོག་བཙོག་གཅིན་ཤོར་བ་སོགས། མགོ་གཟེར་མགོ་འཁོར་སྨྱོ་བརྒྱལ་ནད་ཀུན་སེལ། ཚ་གྲང་རྟ་སྐྱོན་སྨན་ནད་ཐོན་ཙམ་བཏང་། བར་བར་སྤྱིར་བཏང་སྨན་བཏང་ཉིན་ལྟར་མིན། འདི་ཉིད་རྩ་ཆེའི་སྨན་ཡིན་ཉིན་གསུམ་མམ། ལྔ་བདུན་ལ་སོགས་ནད་སྟོབས་དག་དང་བསྟུན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།