དེ་རིང་ནི2025ལོའི་ཟླ11པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉིན་རེར་ཤིང་ཏོག་ག་ཚོད་ཟ་དགོས།

2025-11-10 08:47:26   |   17

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་ཕྱོགས་སྟོན(2022)》དུ་མི་དར་མ་ཞིག་གིས་ཉིན་རེར་ཤིང་ཏོག་གསར་བ་ཁེ200ནས350ཟ་དགོས་པའི་གྲོས་གཞི་བཏོན་ཡོད། ཚད་འདི་ནི་ཀུ་ཤུ་འབྲིང་ཙམ་ལ་འབྲི་ཏ་ས་འཛིན་ཆུང་ངུ་ཞིག་གམ་ངང་ལག་གཅིག་དང་ཚ་ལུ་མ་གཅིག་བསྣན་པ་འདྲ། དོ་སྣང་བྱ་དགོས་པ་ཞིག་ལ། ཤིང་ཏོག་ཟ་སྐབས་ཐེངས་གཉིས་ནས་གསུམ་ལ་བགོས་ཏེ་ཟ་དགོས་པ་ལས་ཉིན་རེར་མཁོ་བའི་ཚད་ཐེངས་གཅིག་གིས་ཟ་མི་རུང་། དེ་ལྟར་བྱས་ན་དུས་ཡུན་ཐུང་ངུའི་ནང་མངར་ཆ་མང་དྲགས་པ་བསྡུ་བར་གཡོལ་ཐུབ་ལ། འཚོ་བཅུད་ཀྱི་གྲུབ་ཆ་དེ་བས་ལེགས་པའི་སྒོ་ནས་བསྡུ་ལེན་བྱེད་པར་ཡང་ཕན།

དམིགས་བཅད་མི་ཚོགས་ཀྱིས་ཤིང་ཏོག་བསྡུ་ལེན་བྱེད་ཚད་ལ་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས་པ་སྟེ།

གཅིག གཅིན་སྙི་ཟ་ཁུའི་ནད་པ། ཤིང་ཏོག་ཏུ་ཤིང་ཏོག་མངར་ཆ་དང་རྒུན་འབྲུམ་མངར་ཆ་ཡོད་པས་ཐད་ཀར་ཁྲག་མངར་གྱི་ཚད་གཞི་ལ་ཤུགས་རྐྱེན་ཐེབས། དེར་བརྟེན། གཅིན་སྙི་ཟ་ཁུའི་ནད་པསGIགྲངས་ཐང་དམའ་བའི་རིགས་གདམ་དགོས་པར་མ་ཟད། སྨན་པའམ་འཚོ་བཅུད་ཆེད་མཁས་པས་བཏོན་པའི་མཛུབ་སྟོན་ལ་བརྩི་སྲུང་ནན་མོ་བྱས་ཏེ། ཟ་མ་ཐེངས་གཉིས་ཟ་བའི་བར་གསེང་དུ་ཤིང་ཏོག་ཟ་དགོས། དེ་ལྟར་བྱས་ན་ཟ་མ་ཟོས་པའི་རྗེས་ལ་ཤིང་ཏོག་ཟོས་ནས་ཁྲག་མངར་མྱུར་དུ་ཡར་འཕར་བར་སྔོན་འགོག་བྱེད་ཐུབ།

གཉིས། ཚོ་བྱང་དུ་འཇུག་པའི་མི་ཚོགས། ཟས་རིགས་གཞན་དང་བསྡུར་ན་ཤིང་ཏོག་གི་ཚ་ཚད་ཅུང་དམའ་མོད། འོན་ཀྱང་ཚད་ལས་བརྒལ་ཏེ་བསྡུ་ལེན་བྱས་ན་ཧ་ལམ་ལུས་པོའི་ཚིལ་ཞག་ཏུ་གྱུར་ནས་གསོག་འཇོག་བྱེད་སྲིད། ཚོ་བྱང་དུ་འཇུག་པའི་སྐབས་སུ་ཤིང་ཏོག་འོས་འཚམ་ཟོས་ཆོག་མོད།  དེ་ཉིན་ཧྲིལ་བོའི་སྤྱིའི་ཚ་ཚད་ཀྱི་ཁྱབ་ཁོངས་སུ་བརྩི་དགོས་ཏེ། ཤིང་ཏོག་ལ་བརྟེན་དྲགས་པའི་དབང་གིས་སྔོན་དཔག་གི་ཚ་ཚད་དེ་སྔོན་རྩིས་ལས་བརྒལ་བར་སྔོན་འགོག་བྱ་དགོས།

གསུམ། ཕོ་རྒྱུའི་བྱེད་ནུས་ཅུང་ཞན་པའི་ནད་པ། ཟས་རིགས་ཚི་སྣ་ནི་ལུས་ཕུང་བདེ་ཐང་ལ་ཕན། ཡིན་ནའང་ཕོ་རྒྱུའི་བྱེད་ནུས་ཅུང་ཞན་པའི་མི་ལ་མཚོན་ན། ཟོས་དྲགས་ཏེ་ལྟོ་བ་སྦོས་པའམ་ཁོག་པ་བཤལ་བའི་ནད་རྟགས་འབྱུང་སྲིད། མི་ཚོགས་དེ་རིགས་ཀྱིས་འཇུ་སླ་བའི་ཟས་རིགས་གདམ་དགོས་པར་མ་ཟད། ཐེངས་རེར་ཟ་བའི་གྲངས་འབོར་ལ་ཚོད་འཛིན་ཡག་པོ་བྱ་དགོས།


མཉམ་སྤྱོད།