དེ་རིང་ནི2026ལོའི་ཟླ01པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་བུར་དུ་ཡར་ལངས་ཚེ་མགོ་ཡོམ་འཁོར་བའི་རྒྱུ་མཚན་ཅི།

2026-01-05 09:40:35   |   59

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《ཤེས་བྱ་དྲིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


54c48390cad96fbe11b9c98b9375cc90.jpg

མི་རྣམས་ཙོག་ནས་སྡོད་སྐབས་མགོ་ཁྲག་འཁོར་རྒྱུག་བྱེད་ཚད་ཅུང་མང་ཞིང་། གློ་བུར་དུ་ཡར་ལངས་ཚེ་མགོ་ཁྲག་འབོར་ཆེན་ཞིག་ལུས་སྨད་དུ་བཞུར་བ་ཡིན། སྐབས་དེར་མགོ་ན་རྒྱུ་བའི་ཁྲག་ཇེ་ཉུང་དུ་སོང་བའི་སྣང་ཚུལ་འབྱུང་སྲིད། ཀླད་པའི་ནང་གི་ཁྲག་ཇེ་ཉུང་དུ་གྱུར་ན་ཀླད་པའི་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཏེ་མི་རྣམས་ལ་མགོ་ཡོམ་འཁོར་དུ་བཅུག་པ་རེད། ཡིན་ནའང་། ཅང་མི་འགོར་བར་རང་ལུས་རང་གིས་སྙོམ་སྒྲིག་བྱས་ནས་མགོ་ཁྲག་ཁ་གསབ་བྱེད་པ་ཡིན་ནོ།།


མཉམ་སྤྱོད།