དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཉིད་ཡུན་རིང་ན་ལུས་ཕུང་ལ་གནོད་པའི་རྒྱུ་མཚན་ཅི།

2026-01-07 09:59:08   |   46

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《ཤེས་བྱ་དྲིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


མི་གཉིད་པ་ན་དབུགས་ཀྱི་རྒྱུ་བ་ཇེ་དལ་དུ་འགྱུར་བ་དང་། ཟུངས་ཁྲག་ནང་གི་དབྱང་གཉིས་ཐཱན་འགྱུར་ཇེ་མང་དུ་འགྲོ་སྲིད།

གཉིད་ཡུན་རིང་ན་ཁྲག་ནང་གི་དབྱང་གཉིས་ཐཱན་འགྱུར་ནི་བཟི་རྫས་སུ་གྱུར་ཏེ་མི་ནི་ཡམ་ཡོམ་དང་གཉིད་མ་སད་དུ་འགྱུར་བར་མ་ཟད། རྫས་དེས་ཀླད་ཆེན་གྱི་སྐྱི་ལྤགས་རིམ་པར་ཚོད་འཛིན་བྱེད་ཡུན་ཇེ་རིང་དུ་སོང་སྟེ་ཚོར་བ་ཇེ་རྟུལ་དང་དྲན་པ་ཉམས་སུ་འཇུག་སྲིད། མིའི་ལུས་སྟེང་གི་ཁྲག་གི་འཁོར་སྐྱོད་ཇེ་དལ་དུ་སོང་བ་ན་ཀླད་པས་དབྱང་འགྱུར་བྱེད་ཚད་དང་ནུས་བཅུད་ལེན་ཚད་མི་འདང་བས། རྙིང་ཚབ་གསར་བརྗེ་བྱས་པའི་སྙིགས་མ་དང་དུག་རྫས་དུས་ཐོག་ཏུ་ཕྱིར་ཕུད་མ་ཐུབ་པར། ནད་འགོག་ནུས་བ་ཇེ་ཞན་དུ་གྱུར་ཏེ་ནད་འབྱུང་སླ་བར་འགྱུར་བ་ཡིན།


མཉམ་སྤྱོད།