དེ་རིང་ནི2026ལོའི་ཟླ01པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མགོ་ཕྱེད་ན་བ།

2026-01-14 16:38:16   |   32

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མགོ་ཕྱེད་ན་བ་ལ་རྒྱུད་འདེད་པ་ཡིན། ནད་པའི་གཉེན་ཉེའི་ཁྲོད་དུ་མགོ་ཕྱེད་ན་བའི་ནད་པ་གཞན་པའི་ཁྱིམ་མི་ལས་ལྡབ་འགས་མང་། ནད་འདི་དར་མའི་སྐབས་ནས་མགོ་བཟུང་སྟེ་ན་བ་དང་། ལོ་ཚོད་རིམ་བཞིན་ཇེ་ཆེར་སོང་བ་དང་བསྟུན་ནས་མགོའི་ན་ཚད་ཇེ་ཡང་དུ་འགྲོ་ཡང་། ལོ་བཅུ་ཕྲག་འགའ་ལ་ན་སྟེ་སུན་སྣང་སྐྱེ་བ་ཞིག་ཡིན།

ནད་འདི་ལ་འཁོར་ཡུན་རང་བཞིན་གྱིས་ལྡང་བའི་མགོ་ན་བ་ཡོད། ཐེངས་རེར་ལྡང་བའི་ན་ཚུལ་འདྲ་བ་དང་། ལྡིང་སྟེ་ན་བ་དང་། སྦོས་ཏེ་ན་བ་དང་། འཕར་ཏེ་ན་བ་ཡིན། མང་ཆེ་བ་ན་གཞོན་གྱི་སྐབས་སུ་བྱུང་བ་དང་ལྷག་པར་དུ་བུད་མེད་ལ་འབྱུང་མང་། ནད་དེ་དུས་ཚོད་གང་དུ་ཡང་འབྱུང་ལ། ཕལ་ཆེ་བ་སྔ་དྲོ་དང་བུད་མེད་ལ་ཟླ་མཚན་སླེབས་པའི་སྐབས་སུ་འབྱུང་ཚད་ཅུང་ཆེ། 

ནད་རྟགས།

རྒྱུན་མཐོང་གི་སྔ་ལྟས་ལ། མཐོང་ཤུགས་ཞན་པ་དང་། མིག་ལམ་དུ་འོད་འཚེར་བ། ཡན་ལག་སྦྲིད་པ་དང་། དེ་དང་བསྟུན་ནས་མགོ་ན་བ་དང་། རིམ་བཞིན་ཇེ་ལྕི་རུ་འགྲོ་ལ། ཚབས་ཆེ་ན་སྐྱུག་མེར་ལངས་པ་དང་། སྐྱུགས་པ། མིག་ཆུ་བཞུར་བ། སྣ་ཆུ་བཞུར་བ་སོགས་ཡོད། ནད་འདི་ཡང་ཡང་དུ་འབྱུང་བ་དང་། ཐེངས་རེར་དུས་ཚོད1ནས2དང་ཉིན1ནས2བར་ན་བ་ཡིན། ནད་པ་ཉུང་ཤས་ཤིག་ལ་དེ་དང་མཉམ་དུ་མགོ་བོ་ཟི་འཁོར་དང་། རྔུལ་ཆུ་བཞུར་བ། སྙིང་འཕྱོ་བ། གདོང་མདོག་སྐྱ་བོར་ལོག་པ་དང་། ན་ཟུག་མཚམས་བཞག་དུས་རྒྱུན་ལྡན་གྱི་མི་དང་གཅིག་འདྲ་ཡིན། ནད་པ་རྒྱུན་དུ་གཉིད་ལས་སད་རྗེས་མགོ་ན་བ་མངོན་གསལ་གྱི་བདེ་རུ་སོང་བའམ་མེད་པ་སོགས་ཡོད། གལ་ཏེ་དར་མའི་རྗེས་སུ་བྱུང་བའི་མགོ་ཕྱེད་ན་བ་དང་། ཐེངས་རེར་མགོ་བོའི་གཞོགས་གཅིག་གཏན་པོར་ན་ན། ཀླད་པའི་ཁྲག་རྩ་གཟུགས་འགྱུར་བའམ་ཀ་ལིའི་ནང་གི་འཕར་རྩར་འབྲས་ནད་བྱུང་བར་བསམ་བློ་གཏོང་དགོས།

སྔོན་འགོག

བཤང་གཅི་བདེ་བར་རྒྱུ་བ་དང་། ཕོག་ཐུག་ཆེ་བའི་ཟས་མི་ཟ་བ་དང་། དུ་ཆང་གཅོད་པ། ངལ་དུབ་ཆེ་མི་རུང་། རྒྱུན་ལྡན་ལྟར་ཉི་མ་རེའི་གཉིད་འདང་བར་བྱ་དགོས། 

གསོ་ཐབས།

1 མགོ་ན་ཚབས་ཡང་བ་ལ་ཨ་སི་ཕི་ལེན་ལེབ་མོ1-2(0.3/ལེབ་མོ་རེར)རེ་བསྟེན་པ་དང་། ཡང་ན་མགོ་ཕྱེད་ཐོག་མར་ན་བའི་སྐབས་སུ་མྱུར་དུ་གྲོ་སྣོད་ཨེན་ཁ་ཧྥེ་རྐྱེན(麦角胺咖啡因片)ལེབ་མོ2བསྟེན་དགོས། དཔེར་ན་སྐར་མ30ཡི་རྗེས་ད་དུང་ན་ཟུག་མི་འཇགས་ན་ཡང་བསྐྱར་ལེབ་མོ1ནས2བསྟེན་ཆོག འོན་ཀྱང་ཉིན་གཅིག་ལ་ལེབ་མོ6ལས་མང་མི་ཆོག གཟའ་འཁོར་གཅིག་གི་ནང་ལེབ་མོ10ལས་མང་མི་ཆོག

2 གནོན་ཕུར་གྱི་བཅོས་ཐབས། མགོ་བོ་ཡུན་རིང་བོར་ཤིན་ཏུ་ན་ན། ཐབས་འདི་བཀོལ་ཆོག ནད་པ་བཙོག་ཏུ་བཅུག་སྟེ། ལག་པ་གཅིག་གི་མཐེབ་མོ་དང་དཀྱིལ་མཛུབ་གཉིས་ཀྱིས་གཞོགས་གཉིས་ཀྱི་ཉི་མའི་གསང(太阳穴)དྲག་ཏུ་གནོན་པ་དང་། ལག་པ་གཞན་པའི་མཐེབ་མོ་དང་མཛུབ་མོ་གཉིས་ཀྱིས་སྐེ་རྒྱབ་ཀྱི་གཤོང་འབུར་གཡས་གཡོན་དུ་ན་ཟུག་འཇགས་པའི་བར་དུ་ཕུར་གནོན་བྱེད་དགོས།

3 གལ་ཏེ་མགོ་བོ་ཤིན་ཏུ་ན་སྟེ་མི་བདེ་ན། སྨན་ཁང་གི་དབང་རྩའི་ཚན་ཁག་ཏུ་སོང་ནས་ནད་བསྟུན་གྱི་གསོ་བཅོས་བྱེད་དགོས། རྒྱུན་པར་ཀྲུང་ལུགས་ཚན་ཁག་ཏུ་སོང་ནས་ཀྲུང་སྨན་གྱིས་གསོ་བཅོས་བྱེད་ཆོག

4 བོད་ལུགས་གསོ་རིག་ལྟར་ན། སྨན་ལ་གསེར་མདོག་བཅུ་གཅིག་དང་བྱུ་དམར་ཉེར་ལྔ། སྤྲུ་ནག་ཉེར་དགུ། ཏིག་ཏ་བརྒྱད་པ། འཆི་མེད་སྲིན་སེལ། གསེར་མདོག་ལྔ་པ། རྟ་ཟི་དམར་པོ། གུར་ཁྱུང་།(གུར་ཀུམ་བཅུ་གསུམ་སྟེང་ཁྱུང་ལྔ་བསྲེས་པ)སོགས་ནད་དང་བསྟུན་ཏེ་བསྟེན་དགོས།


མཉམ་སྤྱོད།