དེ་རིང་ནི2026ལོའི་ཟླ04པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིག་ནད་ལིང་ཏོག

2026-04-16 08:42:08   |   18

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ལིང་ཏོག་ཟེར་བ་ནི་མིག་གི་སྤྱིན་སྐྱིའི་སྟེང་དུ་རྨ་ངན་སྐྱ་ཐིག་ཅན་དོན་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ལ། དེའི་རྒྱུ་རྐྱེན་ནི་མིག་ཆུ་དང་མཆི་མའི་སྣོད་ཚད་ཀྱི་ནད་ཕོག་པ། དེ་མིན་མིག་ལ་རྨས་སྐྱོན་ཕོག་པའི་སྐབས་སུ་དུས་ཐོག་ཏུ་སྨན་བཅོས་མ་བྱུང་བ་དང་། ཟས་སྤྱོད་མི་འཚམ་སོགས་ཀྱིས་སློང་བ་ཡིན།

ནད་རྟགས།

མིག་ནང་ཧྲེབ་ཆེན་པོ་རྒྱག་པ་དང་། ན་ཟུག་དྲག་པོ་གཏོང་བ། མཆི་མ་དོན་པ། མིག་སྤྲིན་ནང་ཁྲག་རྒྱས་ནས་དམར་པོར་ཆགས་པའམ་མཛེར་རྒྱས་པ། མགོ་བོ་ན་བ། འོད་མི་བཟོད་པ། ལྷག་པར་མིག་གི་སྤྱིན་སྐྱིའི་སྟེང་དུ་སྐྱ་ཐིག་ཅན་ལིང་ཐོག་དོན་པ་སོགས་ཀྱི་མངོན་ཚུལ་འབྱུང་བར་མ་ཟད། ནད་འདི་དུས་ཐོག་ཏུ་སྨན་བཅོས་མ་བྱས་ན་རྨ་ཁུང་གཏིང་ཟབ་ཏུ་ཕྱིན་ནས་བརྡོལ་བ་དང་། མིག་རིལ་འཁུམས་ཏེ་རྡིབ་པ། ལིང་རོས་རྒྱལ་མོ་བཀབ་པས་མཐོང་ཤུགས་ཉམས་པ་དང་། ཐ་ན་ཡོངས་སུ་ལོང་བར་འགྱུར་བ་ཡིན།

སྔོན་འགོག

མིག་ཆུ་དང་མཆི་མའི་སྣོད་ཚད་ཀྱི་ནད་ཕོག་པ། མིག་ལ་རྨས་སྐྱོན་ཕོག་པའི་སྐབས་སུ་དུས་ཐོག་ཏུ་སྨན་བཅོས་བཟང་བོ་བྱས་ཏེ་ནད་གཞུག་མི་ལུས་པར་བྱ་དགོས།

གསོ་ཐབས།

1 བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་ལ་སྤང་ཁྲག་བཅུ་གཉིས་དང་། བྱ་ཁུད་བདུད་རྩི་སུམ་སྦྱོར། གུར་ཁྱུང་། རྡོ་ཁྲག གསལ་བྱེད་མདུང་རྩེ་ཉེར་ལྔ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་བབ་དང་བསྟུན་ནས་གཏོང་རྒྱུ་དང་། སྐྱེར་བའི་ཁཎྜ་དང་དོམ་མཁྲིས་ཆུ་གཙང་ནང་སྦངས་པའི་ཁུ་བ་མིག་ནང་དུ་ཡང་ཡང་གཏིགས་དགོས།

2 ཟས་སྤྱོད་ཀྱིས་བཅོས་པ་ལ། མིག་གི་ནད་ལ་ཤ་རུལ་དང་ཙོང་སྒོག ཆང་སྐྱུར་དང་སྔོ་ངད། སྐྱབས་དང་ཁུར་ཚོད། ཆུ་བསིལ་སོགས་ཁྱད་པར་དུ་གནོད་པས་སྤང་བ་དང་། སྤྱོད་ལམ་དྲག་ཤུལ་རིགས་ལ་འཛེམ་དགོས་པ་ཡིན།


མཉམ་སྤྱོད།