དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚ་བོ་ཚ་མོས་སྤོ་བོ་རྨོ་བོའི་ཚབ་ཏུ་ཤུལ་འཛིན་བྱས་ཆོག་གམ།

2024-08-11 11:02:31   |   241

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   ཁྲིམས་ལུགས་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》ལས་ཚབ་བྱེད་ཤུལ་འཛིན་མཁན་གྱི་ཁྱབ་ཁོངས་ཇེ་ཆེར་བཏང་ཡོད་དེ།ཤུལ་འཇོག་མཁན་གྱི་གཅེན་གཅུང་མིང་སྲིང་ཤུལ་འཇོག་མཁན་གྱི་སྔོན་ལ་ཚེ་ལས་འདས་པ་ཡིན་ན། ཤུལ་འཇོག་མཁན་གྱི་གཅེན་གཅུང་མིང་སྲིང་གི་བུ་ཕྲུག་གིས་ཚབ་ཏུ་ཤུལ་འཛིན་བྱས་ཆོག འོན་ཀྱང་དོན་ཚན་འདི་ནི་ཤུལ་འཇོག་མཁན་ལ་གོ་རིམ་དང་པོའི་ཤུལ་འཛིན་མཁན་མེད་ཅིང་།གོ་རིམ་གཉིས་པའི་ཁྲོད་ཀྱི་ཤུལ་འཇོག་མཁན་གྱི་གཅེན་གཅུང་མིང་སྲིང་རྣམས་ཤུལ་འཇོག་མཁན་ལས་སྔོན་ལ་འདས་ཟིན་པས།སྐབས་དེར་ཤུལ་འཇོག་མཁན་གྱི་གཅེན་གཅུང་མིང་སྲིང་གི་བུ་ཕྲུག(ཚ་བོ་དང་ཚ་མོ་སོགས)གིས་ཚབ་ཏུ་ཤུལ་འཛིན་བྱས་ཆོག

《དམངས་དོན་ཁྲིམས་གཞུང》གི་དོན་ཚན1128པའི་གཏན་ཁེལ་ལྟར་ན། “ཤུལ་འཇོག་མཁན་གྱི་བུ་ཕྲུག་གང་ཞིག་ཤུལ་འཇོག་མཁན་གྱི་སྔོན་ལ་ཚེ་ལས་འདས་པ་ཡིན་ན་ཤུལ་འཇོག་མཁན་གྱི་བུ་ཕྲུག་གི་རྒྱུད་འབྲེལ་སྤུན་མཆེད་ཀྱིས་ཚབ་བྱས་ནས་ཤུལ་འཛིན་བྱ་རྒྱུ་དང་། ཤུལ་འཇོག་མཁན་གྱི་གཅེན་གཅུང་མིང་སྲིང་རྣམས་ཤུལ་འཇོག་མཁན་ལས་སྔོན་ལ་ཚེ་ལས་འདས་ན་ཤུལ་འཇོག་མཁན་གྱི་གཅེན་གཅུང་མིང་སྲིང་གི་བུ་ཕྲུག་གིས་ཚབ་བྱས་ནས་ཤུལ་འཛིན་བྱ་རྒྱུ། ཚབ་བྱེད་ཤུལ་འཛིན་མཁན་གྱིས་སྤྱིར་བཏང་དུ་ཚབ་བྱེད་ཤུལ་འཛིན་མཁན་ལ་ཤུལ་འཛིན་བྱེད་དབང་ཡོད་པའི་ཤུལ་དངོས་ཐོབ་སྐལ་ཁོ་ན་ཤུལ་འཛིན་བྱ་དགོས”ཞེས་བཀོད་ཡོད།


མཉམ་སྤྱོད།