དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ལས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་སྲིད་ཇུས།

2024-08-26 09:57:26   |   190

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg

ཅི་ཞིག་ལ་ཞིང་ལས་དེང་རབས་ཅན་ཟེར།

ཞིང་ལས་དེང་རབས་ཅན་ཞེས་པ་ནི། སྲོལ་རྒྱུན་ཞིང་ལས་དེ་དེང་རབས་ཅན་གྱི་ཞིང་ལས་ལ་སྒྱུར་བའི་གོ་རིམ་དང་བྱ་ཐབས་ལ་སྟོན་པའོ། སྒྱུར་རིམ་འདིའི་ཁྲོད་དུ། ཞིང་ལས་ཐོན་སྐྱེད་ནུས་ཤུགས་དེ་རྗེས་ལུས་ཀྱི་སྲོལ་རྒྱུན་ཞིང་ལས་ནས་ཉིན་བཞིན་དུ་དེང་རབས་འཛམ་གླིང་དུ་སྔོན་ཐོན་ཆུ་ཚད་ལྡན་པའི་ཞིང་ལས་སུ་སྒྱུར་ཆེད། དེང་རབས་བཟོ་ལས་དང་། དེང་རབས་ཚན་རིག་ལག་རྩལ་དང་། དེང་རབས་དཔལ་འབྱོར་དོ་དམ་བྱ་ཐབས་བཅས་ཀྱིས་ཞིང་ལས་སྤྲས་པར་བྱེད་པ་དང་། སྒྱུར་རིམ་འདི་མངོན་འགྱུར་བྱུང་བའི་ཞིང་ལས་ལ་ཞིང་ལས་དེང་རབས་ཅན་ཟེར། ཞིང་ལས་དེང་རབས་ཅན་ཟེར་བ་ནི་བརྒྱུད་པའི་རིམ་པ་ཞིག་ཡིན་པ་དང་། ཆབས་ཅིག་ཏུ་ཞིང་ལས་དེང་རབས་ཅན་དེ་ཡང་བྱ་ཐབས་ཤིག་ཡིན་པས། མདོར་བསྡུས་ནས་བཤད་ན། ཞིང་ལས་དེང་རབས་ཅན་ནི་དེང་རབས་ཅན་བཟོ་ལས་ཀྱིས་ཞིང་ལས་སྤྲས་པ་དང་། དེང་རབས་ཚན་རིག་ལག་རྩལ་གྱིས་ཞིང་ལས་སྒྱུར་བཅོས་བྱེད་པ་དང་། དེང་རབས་ཀྱི་དོ་དམ་བྱ་ཐབས་ཀྱིས་ཞིང་ལས་དོ་དམ་བྱེད་པ། དེང་རབས་ཚན་རིག་རིག་གནས་ཡོན་ཏན་གྱིས་ཞིང་པའི་རྒྱུ་སྤུས་མཐོར་འདེགས་གཏོང་བའི་གོ་རིམ་ཞིག་ཡིན། ཞིང་ལས་དེང་རབས་ཅན་ལ་མདོར་བསྡུས་ན“ཅན་བཞི”ཟེར་ཆོག་པ་སྟེ། འཕྲུལ་ཆས་ཅན་དང་། རྫས་འགྱུར་ཅན་དང་། ཆུ་བེད་ཅན་དང་། གློག་ཤུགས་ཅན་བཅས་བཞིའོ། འཕྲུལ་ཆས་ཅན་དེ་ཞིང་ལས་དེང་རབས་ཅན་གྱི་ཐོག་མར་འཇོག་པའོ།


མཉམ་སྤྱོད།