དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབྲུ་རིགས་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་འབྲུ་རིགས་བདག་གཉེར་པའི་ཁྲིམས་འགལ་བྱ་སྤྱོད་གང་དག་ལ་སྒོར་ཁྲི20མན་ཆད་ཀྱི་དངུལ་ཆད་གཅོད་ཆོག

2024-10-23 15:31:17   |   857

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

གཤམ་གྱི་གནས་ཚུལ་གཅིག་ཡོད་ཚེ། འབྲུ་རིགས་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། ཐ་ཚིག་བསྒྲག་དགོས། ཡང་ན་སྒོར་ཁྲི20མན་ཆད་ཀྱི་དངུལ་ཆད་གཅོད་ཆོག གནས་ཚུལ་ཚབས་ཆེ་ཚེ། ད་དུང་བདག་གཉེར་བྱེད་མཚམས་འཇོག་ཏུ་འཇུག་པ་དང་། ཡང་ན་འབྲུ་རིགས་སྡུད་ཉོའི་ཐོབ་ཐང་མེད་པར་བཟོ་དགོས། 

(1)འབྲུ་རིགས་སྡུད་ཉོ་བྱེད་མཁན་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་སྤུས་ཚད་ཚད་གཞི་ལག་བསྟར་མི་བྱེད་པ།

(2)འབྲུ་རིགས་འཚོང་མཁན་གྱིས་མཚང་བཏོན་ཀྱང་འབྲུ་རིགས་སྡུད་ཉོ་བྱེད་མཁན་གྱིས་འབྲུ་རིན་མི་སྟེར་བ།

(3)འབྲུ་རིགས་སྡུད་ཉོ་བྱེད་མཁན་གྱིས་ཚབ་འཐེན་དང་། ཁྲལ་དང་གྲོན་ཚབ་སྤྲོད་པ།

(4)འབྲུ་རིགས་སྡུད་ཉོ་དང་སིལ་འཚོང་། མཛོད་འཇོག ལས་སྣོན་སོགས་རྒྱ་ཆེན་པོ་བྱེད་པའི་འབྲུ་རིགས་བདག་གཉེར་པ་དང་། གཟན་ཆས་དང་བཟོ་ལས་སུ་བཀོལ་བའི་འབྲུ་རིགས་ཁེ་ལས་དག་གིས་འབྲུ་རིགས་བདག་གཉེར་རྩིས་ཐོ་བཙུགས་མེད་པ་དང་། ཡང་ན་འབྲུ་རིགས་ཀྱི་རྩ་བའི་གྲངས་ཀ་དང་འབྲེལ་ཡོད་གནས་ཚུལ་གཏན་འབེབས་ལྟར་ཡར་ཞུ་མི་བྱེད་པ།

(5)མངག་བཅོལ་ལྟར་འབྲུ་རིགས་བདག་གཉེར་བྱེད་མཁན་གྱིས་སྲིད་ཇུས་རང་བཞིན་དུ་བཀོལ་བའི་འབྲུ་རིགས་ཉོ་འཚོང་བྱ་འགུལ་ཁྲོད་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་མི་བྱེད་པ་བཅས་སོ།


མཉམ་སྤྱོད།