དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གནས་ཚུལ་ག་འདྲ་ཞིག་གི་དབང་དུ་ཀྲུང་དབྱང་གི་གྲབས་གཤོམ་འབྲུ་རིགས་བཀོལ་ཆོག

2024-10-25 15:22:14   |   988

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

གཤམ་གྱི་གནས་ཚུལ་གཅིག་བྱུང་བ་ན། ད་གཟོད་ཀྲུང་དབྱང་གི་གྲབས་གཤོམ་འབྲུ་རིགས་བཀོལ་ཆོག་སྟེ།

(1)རྒྱལ་ཡོངས་དང་ཡང་ན་ས་ཁུལ་ཁ་ཤས་ལ་འབྲུ་རིགས་ཀྱི་མཁོ་བ་ཆེ་བས་སྤྲོད་པ་མི་འདང་བ་དང་།  ཡང་ན་ཚོང་རའི་འབྲུ་གོང་ལ་འཕར་ཆག་བྱུང་ཡོད་པ་དང་།

(2)རང་བྱུང་གི་གནོད་པ་ཆེན་པོ་དང་ཡང་ན་ཐོལ་བྱུང་དོན་རྐྱེན་ཆེན་པོ་བྱུང་བས་ཀྲུང་དབྱང་གི་གྲབས་གཤོམ་འབྲུ་རིགསབཀོལ་དགོས་པ་དང་།

(3)རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་གི་གྲབས་གཤོམ་འབྲུ་རིགས་བཀོལ་དགོས་པར་བསམས་པའི་གནས་ཚུལ་གཞན་དག་བཅས་སོ། ལས་ཁུངས་གང་རུང་དང་མི་སྒེར་གང་རུང་གིས་ཀྲུང་དབྱང་གི་གྲབས་གཤོམ་འབྲུ་རིགས་བཀའ་ཁྱབ་དང་འགལ་མི་རུང་ལ་སྒྱུར་ཀྱང་མི་རུང་ངོ་།


མཉམ་སྤྱོད།