དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཆུ་ལོག་འབྱུང་སྐབས་རང་ཉིད་སྲུང་སྐྱོབ་བྱེད་ཐབས།

2024-09-09 15:26:59   |   145

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


图片1.jpg

01.སྔོན་འགྲོའི་གྲ་སྒྲིག

དུས་རྒྱུན་གནམ་གཤིས་སྔོན་བརྡ་ལ་དོ་སྣང་བྱས་ཏེ། ཆུ་ལོག་གི་གནོད་འཚེ་འབྱུང་རྒྱུའི་ཉེན་ཁ་ཚོར་མ་ཐག་སྔོན་འགྲོའི་གྲ་སྒྲིག་ལེགས་པོ་བྱ་དགོས། དཔེར་ན།  དགོས་ངེས་ཀྱི་བཟའ་བཅའ་དང་བཏུང་ཆུ། དྲོད་སྲུང་ལྭ་བ། བརྡ་འཕྲིན་དང་འཚོ་བའི་ཡོ་བྱད་སོགས་གྲ་སྒྲིག་ཚགས་སུ་ཆུད་པ་བྱ་དགོས། དུས་མཚུངས་སུ། རྒྱུན་སྤྱོད་ཀྱི་སྨན་བཅོས་ཡོ་བྱད་ཁ་ཤས་གྲ་སྒྲིག་བྱ་རྒྱུ་བརྗེད་མི་རུང་ལ།  དངོས་པོ་རྩ་ཆེན་དམ་ཉར་བྱ་རྒྱུའང་ཧ་ཅང་གལ་ཆེ་བ་ཡིན། 

02.དོགས་ཟོན་མི་ལྷོད་པ།

གལ་ཏེ་ཁྱོད་རང་ཆུ་འགྲམ་དང་མཚོ་འགྲམ་སོགས་གཤོང་སར་ཡོད་ན། བསྟུད་མར་ཆར་བབས་པའམ་དྲག་ཆར་བབས་ཚེ་ཆུ་ལོག་འབྱུང་སླ་བས། སྐབས་འདིར་ཁྱོད་ཀྱིས་ངེས་པར་དུ་ཆུ་ལོག་ཉེན་བརྡ་ལ་དོ་སྣང་དམ་ཟབ་བྱ་དགོས་པར་མ་ཟད། ཉེ་འཁོར་གྱི་ཆུ་གནས་འགྱུར་ལྡོག་ལ་རྟོག་ཞིབ་བྱ་དགོས་ཤིང་། མཚན་མོར་ཡང་དོགས་ཟོན་མི་ལྷོད་པར་བདེ་འཇགས་ངང་གནས་སྤོར་བར་གྲ་སྒྲིག་བྱ་དགོས། 

03.རི་ཁུལ་སྡོད་དམངས་ཀྱིས་མཉམ་འཇོག་བྱ་དགོས་ས། 

རི་ཁུལ་དུ་བསྟུད་མར་དྲག་ཆར་བབས་ན་ཆུ་ལོག་འབྱུང་ངེས་པས། རི་ཁུལ་སྡོད་དམངས་ཀྱིས་རི་ངོས་ཀྱི་ཉེན་ཡོད་ས་ཁུལ་ལ་མཉམ་འཇོག་ནན་མོ་བྱ་དགོས་པར་མ་ཟད། དེ་མ་ཐག་བདེ་འཇགས་ཡིན་སར་གནས་སྤོར་དགོས་ལ། གནས་སྤོར་བའི་གོ་རིམ་ཁྲོད་རི་ཉིལ་དང་རྦབ་རྡོ། འདམ་རུད་སོགས་ཀྱི་ཉེན་ཁར་དོགས་ཟོན་བླ་ལྷག་བྱ་དགོས། དུས་མཚུངས་སུ་ཆུ་ལ་བརྒལ་མི་རུང་སྟེ།  དེ་ལྟར་བྱས་ན་ཆུ་ལོག་གིས་ཁུར་བའི་ཉེན་ཁ་ཡོད། 

04. ཆུ་ལོག་ཁང་ཁྱིམ་དུ་ལྡུག་པ་འགོག་དགོས། 

ས་སྒྱེ་ཡིས་སྒོ་བར་བཅད་དེ་ཆུ་ལོག་ཁང་ཁྱིམ་དུ་ལྡུག་པ་འགོག་དགོས། 

05.མཐོ་སར་བྲོས་ཏེ་ཉེན་གཡོལ་བྱ་དགོས། 

ཆུ་ལོག་སླེབ་པ་མགྱོགས་དྲགས་ཏེ་གནས་སྤོར་ལོངས་མ་བྱུང་ཚེ། ལམ་སང་མཐོ་སར་བྲོས་ནས་ཉེན་ཡོལ་བྱ་དགོས། དཔེར་ན།   སྲ་བརྟན་གྱི་ཐོག་ཁང་ཀླད་དང་སྡོང་བོ་མཐོན་པོའི་རྩེ་སོགས་སུ་འགོས་ནས་རོགས་སྐྱོབ་ལ་སྒུག་དགོས།  ཡིན་ནའང་མཉམ་འཇོག་བྱ་དགོས་པ་ཞིག་ལ། གློག་སྡོང་དང་ལྕགས་ལྕོག་སོགས་ཉེན་ཁའི་དངོས་པོའི་ཉེ་སར་འགྲོ་མི་རུང་། 

06.ཆུ་ཁར་གཡེང་སླ་བའི་དངོས་པོར་འཇུས་ཏེ་གནས་སྤོར་བ།

གལ་ཏེ་ཆུ་ལོག་གིས་ཡོངས་སུ་བསྐོར་བར་མ་ཟད། ཆུ་གནས་ཀྱང་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། རོགས་སྐྱོབ་བྱེད་མཁན་ཡུན་རིང་ལ་མ་ཐོན་ཚེ། ཆུ་ལོག་གི་རྒྱུག་ཚད་ཇེ་དལ་དུ་འགྲོ་བའི་གནས་ཚུལ་འོག་ཏུ། ཁྱོད་རང་ཆུ་ཁར་གཡེང་སླ་བའི་དངོས་པོ་སྟེ་ཤིང་སྒོ་དང་ཤིང་གི་གཞོང་པ། ཚགས་དམ་པའི་ལྦུ་སོབ་སྤོས་འགྱིག་སོགས་ལ་འཇུས་ཏེ་གནས་སྤར་ཆོག  ཆུ་ཁར་གཡེང་སླ་བའི་དངོས་པོར་མ་འཇུས་གོང་ལ། དངོས་པོ་དེས་ཁྱོད་རང་ཐེགས་ཐུབ་མིན་ལ་བརྡར་ཤ་གསལ་བོ་ཞིག་གཅོད་དགོས་པ་དང་། དུས་མཚུངས་སུ་ལུས་ཤུགས་གསོག་འཇོག་བྱ་དགོས་ཏེ། རབ་ཡིན་ན་སྔོན་ལ་ཟ་མ་ཟ་དགོས་ཤིང་། པི་པི་དང་གློག་ཞུ་སོགས་བརྡ་རྒྱག་བྱེད་ཀྱི་ཡོ་བྱེད་འཁྱེར་དགོས། 

07.རླངས་འཁོར་བསྐོར་ཏེ་ཆུ་ནང་དུ་ལྷུང་སྐབས་རང་སྐྱོབ་བྱེད་ཐབས། 

གལ་ཏེ་རླངས་འཁོར་སྐོར་སྐབས་སྟབས་མ་ལེགས་པར་ཆུ་ནང་དུ་ལྷུང་ན། ཐོག་མར་སྐྱོབ་ཐག་གྲོལ་རྗེས་རླངས་འཁོར་སྒོ་ཕྱེ་ནས་སྲོག་ཐར་ཐུབ་མིན་ལ་བལྟ་དགོས། གལ་ཏེ་རླངས་འཁོར་གྱི་སྒོ་ཕྱེ་མི་ཐུབ་ཚེ། སྲོག་སྐྱོབ་ཐོ་བ་དང་རླངས་འཁོར་སྔས་འབོལ་གྱི་སྣེ་མོ་རྣོན་པོའི་ཁག་གིས་རླངས་འཁོར་སྒེའུ་ཁུང་གི་གྲུ་ཟུར་ལ་ཤེད་ཆེན་པོས་བརྒྱབ་སྟེ། ཤེལ་སྒོ་བཅག་ནས་འབྲོ་ཐབས་བྱ་དགོས། 

08.ཆུ་ལོག་རྗེས་ཀྱི་རིམས་འགོག་བྱ་བ།

ཆུ་ལོག་བྱུང་རྗེས། འཕྲོད་བསྟེན་རིམས་འགོག་གི་བྱ་བའང་ཧ་ཅང་གལ་ཆེ་བ་སྟེ། ང་ཚོས་རང་རང་སྡོད་སའི་ཁོར་ཡུག་ལ་གཙང་སྦྲ་ཡག་པོ་བྱས་ཏེ་རིམས་ནད་འབྱུང་བ་སྔོན་འགོག་བྱ་དགོས། 

རང་བྱུང་གནོད་འཚེར་གདོང་གཏོད་སྐབས། ང་ཚོས་ངེས་པར་དུ་སེམས་ལྷོད་ལ་བབས་ཏེ་ཡང་དག་པའི་བྱེད་ཐབས་སྤྱད་ནས། རང་ཉིད་དང་ཁྱིམ་མིའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་གང་ལེགས་བྱ་དགོས། 


མཉམ་སྤྱོད།