དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱིས་པའི་མཐོང་ནུས་སྲུང་སྐྱོབ་བྱེད་ཐུབ་པའི་ཁོར་ཡུག་ཇི་ལྟར་བསྐྲུན་དགོས།

2024-10-22 10:35:34   |   1401

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱང་སྒྲིབ་མིག་ནད་འབྱུང་བ་ལ་རྒྱུད་རྒྱུ་དང་འཚོ་བའི་གོམས་གཤིས། ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་དང་། རྒྱུ་རྐྱེན་དེ་དག་རེ་རེ་ཡིས་མིག་གི་མཐོང་ནུས་ལ་ངན་ཤུགས་ཐེབས་སྲིད། དེ་ལས་ཀྱང་ང་ཚོས་རྒྱུན་དུ་དོ་སྣང་མི་བྱེད་པ་ཞིག་ནི་ཁོར་ཡུག་གི་རྒྱུ་རྐྱེན་ཡིན། གལ་ཏེ་ཁོར་ཡུག་ལ་བཀོད་སྒྲིག་ལེགས་པོ་བྱེད་ཐུབ་ཚེ། དེ་ཉིད་བྱིས་པའི་མཐོང་ནུས་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་འགྱུར་ཐུབ། 

ཕྱི་རོལ་དུ་འགུལ་སྐྱོད་བྱེད་དུས། ཉི་འོད་དེ་རང་བྱུང་གི་མིག་སྨན་དུ་འགྱུར་བར་བྱ་དགོས།

ཉི་མར་མང་ཙམ་ལྡེ་ན་ལེགས་ཤིང་། ལྷག་པར་དུ་ཉིན་མོའི་རང་བྱུང་འོད་དེ་རྒྱང་སྒྲིབ་མིག་ནད་སྔོན་འགོག་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པས། སྡོང་བོའི་གྲིབ་བསིལ་འོག་བསྡད་ནའང་ཕན་ནུས་ཆེན་པོ་ཐོན་ངེས། དེ་བས་བྱིས་པ་ཕྱི་རོལ་དུ་མང་ཙམ་ཁྲིད་དེ། རང་བྱུང་ཁམས་ཀྱི་གནང་སྦྱིན་ལ་ལོངས་སྤྱོད་བྱེད་དུ་འཇུག་དགོས། 

图片1.jpg

སློབ་གྲྭའི་ཁོར་ཡུག་ཏུ། སློབ་ཁང་དེ་མཐོང་ནུས་སྲུང་སྐྱོབ་ས་ཚིགས་ཤིག་ཏུ་འགྱུར་བར་བྱ་དགོས།

སློབ་གྲྭའི་ནང་དུ། བྱིས་པ་རྣམས་སློབ་ཁང་དུ་སྡོད་པའི་དུས་ཡུན་ཆེས་རིང་བ་ཡིན། དེ་བས་སློབ་ཁང་གི་འོད་འཕྲོ་ཧ་ཅང་གལ་ཆེ། རབ་ཡིན་ན་སློབ་ཁང་ནི་ལྷོ་ནས་བྱང་དུ་འཁོར་ཡོད་ཚེ་བཟང་ལ། དེ་ལྟར་བྱས་ཚེ་གཞོགས་གཉིས་ཀར་རང་བྱུང་འོད་འདང་ངེས་ཡོད། དེའི་སྟེང་ལ་འོས་འཚམ་གྱི་སྒེའུ་ཡོལ་དང་ལུགས་མཐུན་གྱི་གློག་འོད་དང་སྒོ་སམ་གྱི་ལྡོག་འོད་སོགས་བཀོད་སྒྲིག་ལེགས་པོ་ཐུབ་ཚེ། སློབ་ཁང་ནི་དེ་མ་ཐག་མཐོང་ནུས་སྲུང་སྐྱོབ་ས་ཚིགས་ཤིག་ཏུ་འགྱུར་ཐུབ། 

图片2.jpg

ཁྱིམ་ནང་དུ་སློབ་སྦྱོང་བྱེད་དུས།  འོད་འཕྲོ་ལེགས་ལ་བག་ཕེབས་པར་བྱ་དགོས། 

ཁྱིམ་ལ་ལོག་སྟེ་སློབ་སྦྱོང་བྱེད་སྐབས་ཀྱང་འོད་འཕྲོའི་གནད་དོན་སྣང་མེད་དུ་འཇོག་མི་རུང་། རབ་ཡིན་ན་དཔེ་ཅོག་ཉི་འོད་ཐད་ཀར་མི་འཕྲོ་བའི་གནས་ཤིག་ལ་འཇོག་དགོས་ཤིང་། དེ་ལྟར་བྱས་ཚེ་རང་བྱུང་འོད་འཇམ་མཉེན་ངང་བྱིས་པའི་དཔེ་དེབ་སྟེང་འཕྲོ་ཐུབ། ས་རུབ་ལ་ཉེ་སྐབས། གློག་འོད་འཇམ་པོ་ཞིག་ཁ་གསབ་བྱ་རྒྱུ་བརྗེད་མི་རུང་། 

图片4.jpg

མཚན་མོར་ངལ་གསོ་སྐབས། མིག་ལ་གཉིད་སྟུག་པོའི་ལེགས་སྐྱེས་ཤིག་གནང་རོགས།

གཉིད་ལེགས་པོ་ནི་མཐོང་ནུས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་གསང་བའི་དྲག་ཆས་ཡིན། མཚན་མོར། ནུས་ཚོད་ཀྱིས་གློག་རྡུལ་ཐོན་རྫས་ལ་ཉུང་ཙམ་ལྟ་བ་དང་། ཁ་དོག་འཇམ་པོའི་གློག་འོད་སྤྱོད་འོས། དེ་ལྟར་བྱས་ཚེ་སྐྱེ་དངོས་ཅོང་ལ་སྙོམ་སྒྲིག་བྱེད་ཐུབ། ཆེས་གལ་ཆེ་བ་ནི་བྱིས་པ་ཚོར་མུན་ཧ་ཅང་ནག་པའི་གཉིད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཏེ། མིག་གིས་ཡོངས་སུ་བག་ལྷོད་ནས་གཉིད་སྐྱིད་པོ་རོལ་ཐུབ་པ་བྱ་དགོས། དེ་ལྟར་བྱས་ཚེ་གཉིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཐུབ་པར་མ་ཟད། རྒྱང་སྒྲིབ་མིག་ནད་འབྱུང་བའི་ཉེན་ཁ་ཡང་ཇེ་དམའ་རུ་གཏོང་ཐུབ། 

图片3.jpg

བྱིས་པའི་མིག་ལ་སྲུང་སྐྱོབ་བྱེད་པ་ནི་མེ་ཏོག་ཅིག་གསོ་བ་བཞིན་སེམས་ཞིབ་མོས་བདག་སྐྱོང་བྱ་དགོས་ཤིང་། ཕྱི་རོལ་ནས་ཁང་ཁྱིམ་དང་སློབ་སྦྱོང་ནས་ངལ་གསོ་སོགས་བར་གྱི་གོམ་སྟབས་རེ་རེ་ཧ་ཅང་གལ་ཆེན་ཡིན། དེ་བས། ང་ཚོས་མཉམ་དུ་ཤུགས་བརྒྱབ་སྟེ། བྱིས་པའི་མིག་ལ་བྱམས་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས། ཁོ་ཚོའི་མིག་ཟུང་ནམ་ཡང་དྭངས་གསལ་ཡོང་བར་བྱ་དགོས།


མཉམ་སྤྱོད།