དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

དུས་རྒྱུན་སེམས་ཁམས་མི་སྐྱིད་ན་ཨོལ་གོང་གཤེར་རྨེན་ལ་བརྟག་དཔྱད་བྱ་རོགས།

2024-11-15 09:36:05   |   178

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


676f49b366eb4a0eb31288240ed46351.jpeg

ཨོལ་གོང་གཤེར་རྨེན་ནི་ཧ་ཅང་གལ་ཆེ་བའི་གཤེར་རྨེན་ཞིག་ཡིན་ལ། དེས་མི་ལུས་ཀྱིས་ནུས་ཚད་བཀོལ་སྤྱོད་བྱེད་པའི་འགྲོས་ཚད་ལ་ཚོད་འཛིན་བྱེད་ཐུབ་པར་མ་ཟད། སྤྲི་དཀར་རྒྱུ་བཟོ་བ་དང་ལུས་པོའི་ཧོར་མེང་སྐུལ་རྒྱུ་གཞན་པའི་ཚོར་སྐྱེན་རང་བཞིན་ལ་སྙོམ་སྒྲིག་ཀྱང་བྱེད་ཐུབ་པས། ང་ཚོའི་ལུས་པོའི་རྩལ་ནུས་འདོན་སྤེལ་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་ཞིག་ཏུ་བརྩིས་ཆོག འོན་ཀྱང་། ཨོལ་གོང་གཤེར་རྨེན་ནི་ཉམས་ཞན་ཞིག་ཡིན་པས། གནོན་ཤུགས་ཆེ་བའི་འཚོ་བ་དང་སྦགས་བཙོག་གི་ཁོར་ཡུག་ཁྲོད་ནས་ཨོལ་གོང་གཤེར་རྨེན་གྱི་ནད་འབྱུང་སླ་ལ། ལྷག་པར་དུ་ཧ་ཞེ་མོ་ཐོ་ཨོལ་གོང་གཤེར་རྨེན་གཉན་ཚད་འབྱུང་ཚད་ལྡབ་འགྱུར་གྱིས་མཐོ་བ་ཡིན། 

ཧ་ཞེ་མོ་ཐོ་ཨོལ་གོང་གཤེར་རྨེན་གཉན་ཚད་ནི་རང་སྟེང་གི་རིམས་འགོག་རང་བཞིན་གྱི་ནད་ཅིག་ཡིན་ལ། རྨེན་གཤེར་ཕྲ་ཕུང་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་ཡང་ཟེར། ནད་དེ་འབྱུང་ཚད་དལ་ལ་ནད་བྱུང་བ་ཚོར་དཀའ། སྔ་དུས་སུ་ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་རྒྱུན་ལྡན་ཡིན་ལ། གནོད་འཚེ་ཕོག་ཚད་ངེས་ཅན་ལ་སླེབས་སྐབས་ད་གཟོད་དེའི་བྱེད་ནུས་ཇེ་ཞན་དུ་འགྲོ་ངེས། ནད་རྟགས་ལ་ཤུགས་ཟད་པ་དང་ཐང་ཆད་སླ་བ། ཚུར་སྣང་རྟུལ་བར་འགྱུར་བ། ངོ་མདོག་སྐྱ་བོར་འགྱུར་བ། དྲན་པ་ཉམས་པ། གྲང་ངར་མི་ཐེག་པ། ལྟོ་བ་སྦོས་པ། སྐྱེས་མའི་ཟླ་མཚན་རྒྱུན་ལྡན་མིན་པར་འགྱུར་བ་དང་སྐྱེས་པའི་རོ་ཙ་ཉམས་པ་སོགས་ཡོད། 

ནད་འདིར་བརྟག་དཔྱད་བྱེད་པ་ལ་མིག་སྔར་ཨོལ་གོང་གཤེར་རྨེན་གྱི་ཚད་བརྒལ་སྒྲ་རླབས་དང་དྭངས་ཁྲག་འགོག་གཟུགས་སོགས་ལ་བརྟེན་ནས་ཐོག་མའི་བརྡར་ཤ་གཅོད་པ་དང་། རྒྱུན་པར་ཨོལ་གོང་གཤེར་རྨེན་སྐུལ་རྒྱུ་ལེབ་མོ་དང་ཚད་ཉུང་འབྱུང་རྒྱུ་སྤྱད་དེ་གསོ་བཅོས་བྱ་དགོས། ཀྲུང་ལུགས་གསོ་རིག་གིས་ཨོལ་གོང་གཤེར་རྨེན་ལ་གསོ་བཅོས་བྱེད་པར་མཆིན་ཚད་བསལ་རྒྱུ་གཙོ་བོར་བྱེད། གཞན་དུས་རྒྱུན་དཔེ་ཀློག་དང་འཆམ་འཆམ་དུ་འགྲོ་བ། གཞས་ལ་ཉན་པ། གྲོགས་པོ་ལྷན་འཛོམས་སོགས་བརྒྱུད་དེ་སེམས་ཁམས་སྙོམ་སྒྲིག་དང་སྤྲོ་སྣང་རྒྱུན་འཁྱོངས་བྱ་རྒྱུ་ཡང་ཧ་ཅང་གལ་ཆེ་བ་ཡིན། 


མཉམ་སྤྱོད།