དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉིན་རེར་སྐར་མ་ལྔ་ལ་འགུལ་སྐྱོད་བྱས་ན་ཁྲག་ཤེད་ཇེ་དམའ་རུ་གཏོང་ཐུབ།

2024-11-21 15:25:02   |   816

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

དབྱིན་ཇི་རྒྱལ་ཁབ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་ཚན་རིག་པས་མཉམ་འབྲེལ་ངང་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་འགུལ་སྐྱོད་ཉུང་ངུ་རེ་བྱེད་པ་སྟེ། དཔེར་ན་ཐེམ་སྐས་ལ་འཛེག་པ་དང་ལྕགས་རྟ་སྐོར་བ་སོགས་བྱས་ན་ཁྲག་ཤེད་ལེགས་སྒྱུར་བྱེད་ཐུབ། 

ལོན་ཏུན་སློབ་ཆེན་སློབ་གླིང་དང་ཞི་ཉི་སློབ་ཆེན་གྱི་ཚན་རིག་པས་འགུལ་སྐྱོད་རྗེས་འདེད་ཆས་བཏགས་པའི་དང་བླངས་པ14761གི་གཞི་གྲངས་ལ་གཞིགས་ཏེ། ཉིན་གཅིག་གི་འགུལ་སྐྱོད་དང་ཁྲག་ཤེད་ཀྱི་འབྲེལ་བར་དབྱེ་ཞིབ་བྱས།

ཁོ་ཚོས་དང་བླངས་པ་དག་གི་ཉིན་རྒྱུན་གྱི་བྱ་སྤྱོད་དེ་གཉིད་ལོག་པ་དང་ཡུན་རིང་བོར་ཙོག་པ། དལ་འགྲོ(གོམ་འགྲོས་སྐར་མ་རེ་ལ་གོམ་པ100ལས་ཉུང་བ) མགྱོགས་འགྲོ(གོམ་འགྲོས་སྐར་མ་རེ་ལ་གོམ་པ100ལས་བརྒལ་བ)ལངས་པ། འགུལ་སྐྱོད་ཛ་དྲག་བྱེད་པ(རྒྱུག་པ་དང་ཐེམ་སྐས་ལ་འཛེག་པ་ལྟ་བུ)བཅས་རིགས6ཏུ་དབྱེ་ཡོད།

དཔྱད་འབྲས་ལས་མངོན་པ་ལྟར་ན། གལ་ཏེ་སྐར་མ5ཡི་རིང་གི་འགུལ་སྐྱོད་ཀྱིས་ཉིན་རྒྱུན་གྱི་བྱ་སྤྱོད་ཧལ་ཧོལ་དེ་དག་གི་ཚབ་བྱས་ཚེ། འཁུམ་པའི་ཁྲག་ཤེད་དམ་ཁྲག་ཤེད་མཐོན་པོ་ཧའོ་སྨི་ཆིལ་ཀ0.68གྱིས་ཇེ་དམའ་རུ་འགྲོ་བ་དང་། བརྐྱངས་པའི་ཁྲག་ཤེད་དམ་ཁྲག་ཤེད་དམའ་མོའང་ཧའོ་སྨི་ཆིལ་ཀ0.68གྱིས་ཇེ་དམའ་རུ་འགྲོ། མི་ཚོགས་ཧྲིལ་བོའི་ངོས་ནས་བརྗོད་ན། ཁྲག་ཤེད་མཐོན་པོ་ཧའོ་སྨི་ཆིལ་ཀ2དང་ཁྲག་ཤེད་དམའ་མོ་ཧའོ་སྨི་ཆིལ་ཀ1གིས་ཇེ་དམའ་རུ་བཏང་ན། སྙིང་དང་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ10%ཡིས་ཇེ་དམའ་རུ་གཏོང་ཐུབ་པ་རེད།

ཁྲག་ཤེད་མཐོ་བ་ནི་འཛམ་གླིང་ཧྲིལ་བོའི་བདེ་ཐང་གི་ཉེན་ཚབས་ཆེ་ཤོས་ཤིག་ཡིན་ལ། ཞིབ་འཇུག་འདི་ལས་མངོན་པ་ལྟར་ན། སྨན་རྫས་ཀྱི་གསོ་བཅོས་ལས་གཞན་ད་དུང་སྟབས་བདེའི་བྱེད་ཐབས་འདི་ལྟ་བུ་སྤྱད་ནའང་གནད་དོན་དེ་སེལ་ཐུབ་པ་རེད།


མཉམ་སྤྱོད།