དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནངས་ཇ་ལེགས་པོ་འཐུངས་ན་ཆུང་འབྲིང་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན།

2024-12-02 09:47:53   |   806

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ནངས་ཇ་ནི་ཆུང་འབྲིང་སློབ་མའི་ཉེན་རེའི་ཟས་ཐུན་གསུམ་གྱི་ནང་ནས་ཆད་མི་རུང་བ་ཞིག་ཡིན་ཞིང་།  བྱིས་པ་འཚར་ལོངས་འབྱུང་བར་གལ་འགངས་ཧ་ཅང་ཆེ་བར་མ་ཟད།  སློབ་སྦྱོང་གི་ཕན་འབྲས་ལ་ཁག་ཐེག་བྱེད་པའི་རྨང་གཞིའང་ཡིན།  ཆུང་འབྲིང་སློབ་མས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཀླད་པའི་ནུས་ཚད་ཟད་གྲོན་བྱེད་ཚད་ཅུང་མང་།  གལ་ཏེ་ནངས་ཇ་མ་འཐུངས་པའམ་ནངས་ཇའི་འཚོ་བཅུད་དོ་མཉམ་མ་བྱུང་ཚེ།  སྔ་དྲོའི་སློབ་སྦྱོང་དང་བྱེད་སྒོ་ལ་ནུས་ཚད་འདང་ངེས་མཁོ་སྤྲོད་བྱེད་མི་ཐུབ་པས།  མགོ་ཡུ་འཁོར་བ་དང་ཤུགས་མེད་པ།  ཚུར་སྣང་རྟུལ་བ།  བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པ་སོགས་བྱུང་ནས།  སྦྱངས་འབྲས་ལ་ཤུགས་རྐྱེན་ཐེབས་ངེས།  དེ་བས།  ཆུང་འབྲིང་སློབ་མའི་ནངས་ཇ་ལ་ངེས་པར་དུ་འཚོ་བཅུད་འདང་བར་བྱ་དགོས། 

图片1.jpg

འཚོ་བཅུད་འདང་ངེས་ཀྱི་ནངས་ཇ་ལ་གཤམ་གྱི་བཟའ་བཅའ་རིགས4ཡི་ཁྲོད་ཀྱི3མམ་དེའི་ཡན་འཛོམས་དགོས་ཏེ། 

1.འབྲུ་རིགས་དང་ཞོག་ཁོག་རིགས།  འབྲུ་རིགས་དང་ཞོག་ཁོག་རིགས་ཀྱི་བཟའ་བཅའ་སྟེ།  དཔེར་ན་གོ་རེ་དང་གོར་སོབ།  འབྲས།  འབྲས་སྐུད།  རྩིང་འབྲུའི་ཁུ་ཐང་སོགས་ལྟ་བུའོ།

2.ཤ་དང་སྒོ་ངའི་རིགས།  ཕག་ཤ་དང་སྐམ་ཤ  བྱ་ཤ  ཉ་ཤ  བྱ་སྒོང་སོགས་ལྟ་བུའོ།

3.འོ་མ་དང་སྲན་མའི་རིགས།  འོ་མ་དང་འོ་བཟོས་ཐོན་རྫས།  སྲན་ཆེན་དང་དེས་བཟོས་པའི་ཐོན་རྫས་སོགས་ཏེ།  དཔེར་ན་འོ་མ་དང་ཞོ།  སྲན་ཁུ།  སྲན་ཞོ།  སྲན་ཕྱུར་སྐམ་པོ་སོགས་ལྟ་བུའོ།

4.སིལ་ཏོག་རིགས།  སིལ་ཏོག་གསར་བ་སྟེ།  དཔེར་ན་ཚོད་སྣག་དང་ཀྲོ་མ་ཀྲུ།  ཧོང་ཀྭ།  ཀུ་ཤུ།  ཆང་བ་ལི།  ངང་ལག་སོགས་ལྟ་བུའོ།

མཉམ་འཇོག་བྱ་དགོས་པ་ཞིག་ལ།  ནངས་ཇ་ལ་ཐཱན་སྐྱུར་འདྲེས་འགྱུར་རྫས་འདང་ངེས་ཤིག་དགོས་པས།  ཆུང་འབྲིང་སློབ་མའི་ནངས་ཇ་ལ་ངེས་པར་དུ་བཟའ་བཅའི་གཙོ་བོ་འབྲུ་རིགས་དང་ཞོག་ཁོག་རིགས་ཡིན་དགོས་ཤིང་།  ཁྱིམ་བདག་དང་སློབ་གྲྭས་ས་གནས་སོ་སོའི་བཟའ་བཏུང་གོམས་གཤིས་དང་དུས་ཚིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ།  འཚོ་བཅུད་བཟང་ལ་བྲོ་བ་ཞིམ་པ་དང་རྣམ་པ་སྣ་ཚོགས་པའི་ནངས་ཇ་བཟོས་ནས།  ཆུང་འབྲིང་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱ་དགོས། 

རྒྱུན་མཐོང་གི་ནངས་ཇའི་ཟས་ཐོ་ལ་འདི་དག་ཡོད་འོས་ཏེ། 

1.ཀྲོ་མ་ཀྲུ་སྒོ་ངའི་ཕྱེ་ཐུག་གི་ཞོར་ལ་ལྕ་ཚལ་དང་བ་དམ།  སྲན་ཞོ་སྐམ་པོ་སོགས་ཟ་བ།

2.གོར་སོབ་གྱི་བར་ལ་སྒོ་ང་བསྲེགས་མ་དང་ཧོང་ཀྭ་བཞག་ནས་ཟ་བ་དང་ཞོར་ལ་འོ་མ་འཐུང་བ།

3.ལྕ་ཚལ་དང་སྐམ་ཤའི་ཚོད་མའི་ཞོར་ལ་སྲན་ཁུ་འཐུང་བ། 


མཉམ་སྤྱོད།