དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྒང་བའི་ཚ་ནད།

2025-02-13 09:02:40   |   799

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ལྒང་བའི་ཚ་ནད་ཟེར་བ་ནི་ལྒང་བར་ཚ་བ་ཞུགས་ནས་གཉན་ཁ་རྒྱས་པའི་ནད་ཅིག་ཡིན་ལ། ཆེས་རྒྱུན་མཐོང་གི་ལྒང་བའི་ཚ་ནད་ནི་ལོང་གའི་ནར་སྲིན།(大肠杆菌)དང་དབྱིབས་འགྱུར་ནར་སྲིན།(变形杆菌) རྣག་སྔོན་ནར་སྲིན།(绿脓杆菌) ཕྲེང་ཟླུམ་སྲིན།(类链球菌) གསེར་མདོག་ཅན་གྱི་རྒུན་འབྲུམ་ཟླུམ་སྲིན།(金黄色葡萄球菌)སོགས་སྲིན་རིགས་སྣ་ཚོགས་ཀྱིས་བསྐྱེད་ལ། མང་ཆེ་བ་ནི་གཅིན་ལམ་ནས་གྱེན་དུ་ལྡོག་ཏེ་རེད་པ་ལས་བྱུང་བ་ཡིན། བུད་མེད་ཀྱི་གཅིན་ལམ་ཐུང་ལ་གསང་ལམ་དང་ཐག་ཉེ་བས་ལྒང་བའི་ཚ་ནད་འབྱུང་སླ། ལྒང་བ་རང་ལ་ཡང་ལྒང་བའི་རྡེའུ་སྐྲན་དང་། སྤུ་སྐྲན། གཅིན་འདྲེན་སྦུ་གུ(导尿管)བཙུགས་ཡོད་པའི་སྐབས་དང་། གཅིན་ལམ་དུ་གཉན་ཁ་རྒྱས་པ་དང་གཅིན་བདེ་བར་གཏོང་མི་ཐུབ་པ་སོགས་ཀྱིས་ལྒང་བའི་ཚ་ནད་བསྐྱེད་སླ་བ་ཡིན། དེ་བཞིན་དུ་ར་ཤ་དང་ཕག་ཤ མངར་ཆའི་རིགས་བསྟེན་དྲགས་པ། རླན་ཆེ་བའི་གནས་སུ་བསྡད་དྲགས་པ། ལུས་འཁྱགས་པ་སོགས་རྐྱེན་དུ་མས་ཀྱང་སློང་བ་ཡིན།

ནད་རྟགས།

1 མྱུར་གཤིས་ལྒང་བའི་ཚ་ནད་ཀྱི་རྟགས་སུ། ནད་གློ་བུར་དུ་ལྡང་བ་དང་། གཅིན་གཏོང་བའི་སྐབས་སུ་གཅིན་ལམ་བསྲེག་པ་ལྟར་ན་བ། གཅིན་སྙི་བ།(གྲངས་ཀ་མང་བ)དེ་དང་མཉམ་དུ་གཅིན་འཚབ་པ།(尿急) ཚབས་ཆེ་བའི་དུས་སུ་གཅིན་ཤོར་བའི་ནད་དང་འདྲ་བ། དུས་ཚོད་གཅིག་གི་ནང་དུ་གཅིན་གྱི་གཏོང་ཐེངས་ལྔ་ནས་དྲུག་ཡན་དང་། ཐེངས་རེའི་གཅིན་བུངས་ཉུང་བ། ཐ་ན་ཐིགས་པ་འགའ་ལས་མེད་པ། གཅིན་གཞུག་ཏུ་གསུས་སྨད་ན་བ། གནོན་ཟུག་ཡོད་པ། གཅིན་མདོག་ཉོག་པ། སྐབས་རེར་ཁྲག་འདྲེས་པ་ཡིན། ནད་ཀྱི་དུས་མཇུག་ཏུ་ལྷག་པར་ཏུ་མངོན་གསལ་ཡིན།

2 དལ་གཤིས་ལྒང་བའི་ཚད་ནད་ཀྱི་རྟགས་སུ། གཅིན་སྙི་བ་དང་གཅིན་འཚབ་པ། གཅིན་གཏོང་སྐབས་ན་བ་སོགས་ཀྱི་རྟགས་དུས་རྒྱུན་དུ་ཡོད། ནད་ཡང་ནས་ཡང་དུ་འབྱུང་བ། མྱུར་གཤིས་ལྒང་བའི་ཚ་ནད་ཀྱི་རྟགས་དང་བསྡུར་ན་ཅུང་ཡང་། གཅིན་པའི་ནང་དུ་རྣག་གི་ཕྲ་ཕུང་དང་ཕྲ་ཕུང་དམར་པོ་ཉུང་ཙམ་འདྲེས་ཡོད།

སྔོན་འགོག

1 མཁལ་ན་ད་རྙིང་བ་རྣམས་དུས་ཐོག་ཏུ་བཅོས་ཏེ་ནད་གཞུག་མི་ལུས་པར་བྱ་བ་དང་། ར་ཤ་དང་ཕག་ཤ མངར་ཆའི་རིགས་ཉུང་དུ་བསྟེན་པ།

2 གཅིན་པ་ནན་གྱིས་བཙིར་བའམ་བཀག་པ་སོགས་ལོག་པའི་ལས་མི་བྱེད་ལ། རླན་གྲང་ཆེ་བའི་གནས་སུ་ཉལ་སྡོད་བྱེད་མི་རུང་།

3 གཅིན་ཁ་དང་གསང་ལམ་ལ་གཙང་སྦྲ་བཟང་བོ་བྱས་ཏེ་སྲིན་རིགས་ཀྱིས་མི་གནོད་པར་བྱ་དགོས།

གསོ་ཐབས།

1 སྤྱིར་བཏང་ངལ་གསོ་བ་དང་ཆུ་མང་དུ་བསྟེན་ནས་ཉིན་གཅིག་ལ་གཅིན་བུངས་ཧའོ་ཧྲིན2000ཡན་འབབ་ཏུ་འཇུག་དགོས།

2 སྲིན་འགོག་སྨན་གྱིས་གསོ་བ་ནི་གཅིན་ལམ་རེད་པའི་གསོ་ཐབས་གཙོ་བོ་ཞིག་ཡིན་ལ། སྨན་གང་ཞིག་སྤྱད་ན་ལེགས་མིན་ནི་ཚོད་ལྟ་བྱས་ནས་ཐག་གཅོད་དགོས།

3 བོད་ལུགས་གསོ་རིག་ལྟར་ན། སྨན་ལ་བྲེ་ག་བཅུ་གསུམ་དང་། ཨ་རུ་བཅུ་པ། སཱར་ཁྱུང་། སྐྱེར་ཁྱུང་།(སྐྱེར་ཤུན་བརྒྱད་པ་དང་ཁྱུང་ལྔ་བསྲེས་པ) གཟེ་མ་གསུམ་ཐང་སོགས་འབྲེལ་ཡོད་སྨན་རྣམས་ནད་རྟགས་དང་བསྟུན་ནས་གང་འཚམ་ལྟར་བསྟེན་དགོས།


མཉམ་སྤྱོད།