དེ་རིང་ནི2025ལོའི་ཟླ10པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྩོམ་ཡིག་གཅིག་ལས་ཞོག་མངར་ལ་རྒྱུས་ལོན་བྱེད།

2025-10-13 15:59:03   |   44

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཁྱོད་ཀྱིས་ཞོག་མངར་གྱི་ལོ་རྒྱུས་ཤེས་སམ། ཞོག་མངར་ནི་ཐོག་མར་མེ་གླིང་དབུས་རྒྱུད་ཀྱི་མོ་ཞི་ཁོ་དང་ཁོ་ལོམ་པི་ཡའི་རྒྱུད་དུ་སྐྱེས་ཤིང་། མིང་རྒྱལ་རབས་ཀྱི་སྐབས། ཝེ་ཐེ་ནམ་དང་ཧྥི་ལི་ཕིན་སོགས་བརྒྱུད་ནས་རང་རྒྱལ་དུ་དར་བ་རེད། ཞོག་མངར་གླེང་ཡོང་ཚེ། ཁྱོད་ལ་དྲི་བ་གང་དག་ཡོད་དམ།

ཞོག་མངར་གྱིས་ཚོ་བྱང་ཐུབ་བམ། ཞོག་མངར་ནི་རྩིང་འབྲུའི་རིགས་ཤིག་ཡིན་པས། ང་ཚོས་རྒྱུན་པར་ཟོས་ན་ཚོ་བྱང་བར་ཕན་ཐོགས་པ་ཐོས་མྱངས། དེའི་ཕྱིར་ཚོ་བྱང་འདོད་པའི་གྲོགས་པོ་མང་པོས་དེ་ནི་ཟས་གཙོ་བོ་ཞིག་ཏུ་བརྩིས་ནས་ཟ་བཞིན་ཡོད། ཚ་ཚད་ཀྱི་ངོས་ནས་བཤད་ན། འབྲས་དཀར་ཁེ་བརྒྱ་རེར་སྟོང་ཁཱ345དང་། ཞོག་མངར་ཁེ་བརྒྱ་རེར་སྟོང་ཁཱ102ཡོད་མོད། འོན་ཀྱང་ཞོག་མངར་ཁོ་ན་ཟས་གཙོ་བོར་བྱས་ཏེ་ཟ་མི་རུང་། ཞོག་མངར་ཁེ་བརྒྱ་རེའི་སྤྲི་དཀར་གྱི་བཅུད་ནི་ཁེ1.1ཡིན་པ་དང་། འཚོ་རྒྱུB1གི་འདུས་ཚད་ཧའོ་ཁེ0.04ཡིན། འབྲས་དཀར་ཁེ་བརྒྱ་རེའི་སྤྲི་དཀར་གྱི་བཅུད་ནི་ཁེ7.7ཡིན་པ་དང་། འཚོ་རྒྱུB1གི་འདུས་ཚད་ཧའོ་ཁེ0.16ཡིན། དེའི་ཕྱིར། ཡུན་རིང་ལ་ཞོག་མངར་ཁོ་ན་ཟས་གཙོ་བོར་བྱས་ཚེ། རྩིང་འབྲུ་ཟ་བ་མང་དྲགས་ནས་ཕོ་བས་ཟས་འཇུ་བ་ལ་གནོད།

ཞོག་མངར་གྱིས་བཤང་འགག་སྔོན་འགོག་བྱེད་ཐུབ་བམ། དཔྱད་གཞིའི་ཡིག་ཆ་ལས་མངོན་པ་ལྟར་ན། ཞོག་མངར་ཁེ་བརྒྱ་རེར་བཟའ་བཅའི་ཚི་སྣ་ཁེ1.6དང་། འབྲས་དཀར་ཁེ་བརྒྱ་རེར་བཟའ་བཅའི་ཚི་སྣ་ཁེ0.6ཡོད། བཟའ་བཅའི་ཚི་སྣ་ཡིས་ཕོ་བ་རྒྱགས་པའི་ཚོར་བ་ཇེ་དྲག་ཏུ་གཏོང་ཐུབ་པར་མ་ཟད། ད་དུང་ཕོ་བ་དང་རྒྱུ་མའི་འཕྱེ་འགུལ་ལ་སྐུལ་འདེད་དང་།  བཤང་འགག་སྔོན་འགོག སྙིང་ཁམས་ཁྲག་རྩའི་ནད་དང་ལོང་གའི་སྐྲན་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། དེར་བརྟེན། ཞོག་མངར་འོས་འཚམ་ཟོས་ན་བཤང་འགག་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད།

ཞོག་མངར་བསྲེགས་ན་འབྲས་སྐྲན་འབྱུང་ངམ། དྲོད་ཚད་མཐོན་པོས་ཞོག་མངར་བསྲེགས་རྗེས་ག་སིན་ཞན་ཨན་འབྱུང་སླ་བ་དང་། དངོས་པོ་དེ་ནི་མེ་ལ་ཏེ་འགྱུར་འབྱུང་གི་ཐོན་དངོས་ཕལ་བ་ཡིན། འོན་ཀྱང་ཐཱན་འདྲེས་རྫས་འདུས་པའི་ཟས་རིགས་ཡིན་ན། གཡོས་སྦྱོར་བྱེད་སྐབས120℃ལས་བརྒལ་ཚེ་ད་གཟོད་འབྱུང་སྲིད། ག་སིན་ཞན་ཨན་ནི2Aརིགས་ཀྱི་འབྲས་སྐྲན་སློང་བའི་དངོས་རྫས་སུ་གཏོགས། ཡིན་ནའང་། མེ་ལ་ཏེ་འགྱུར་འབྱུང་ནི་སྤྱིར་བཏང་དུ་ཞོག་མངར་གྱི་ཕྱི་ངོས་ཁོ་ནར་འབྱུང་སྲིད། འབྲེལ་ཡོད་སྡེ་ཚན་གྱིས་དེ་སྔ་ཁྲོམ་རའི་ཐོག་བཙོང་བའི་ཞོག་མངར་བསྲེགས་མར་ཚད་འཇལ་གཏན་འཁེལ་བྱས་པའི་མཇུག་འབྲས་ལྟར་ན། ཞོག་མངར་བསྲེགས་མའི་ཕྱི་ཤུན་སྟེང་དུ་ག་སིན་ཞན་ཨན་ཉུང་ཙམ་ཡོད་པ་ལས། ཞོག་མངར་ནང་ཁུལ་དུ་ག་སིན་ཞན་ཨན་ཡོད་པ་བརྟག་འཇལ་ཐུབ་མེད་པར་བརྟེན། རྒྱུན་པར་ཞོག་མངར་བསྲེགས་མ་འོས་འཚམ་ཟོས་ན་འབྲས་སྐྲན་འབྱུང་མི་སྲིད།


མཉམ་སྤྱོད།