དེ་རིང་ནི2025ལོའི་ཟླ10པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཤང་བ་གཏོང་སྟངས་གང་དག་བདེ་ཐང་ཡིན་པ་ཤེས་སམ།

2025-10-17 14:26:20   |   48

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

མིའི་བཤང་བ་གཏོང་བའི་ཚད་ལ་རྒྱུ་རྐྱེན་གང་དག་གིས་ཤུགས་རྐྱེན་ཐེབས་སྲིད་དམ། གཏོང་ཚད་ཅི་འདྲ་ཡིན་ན་ད་གཟོད་བདེ་ཐང་ལ་བརྩི་ཆོག་གམ། 

རྒྱུན་ལྡན་གྱི་བཤང་བ་གཏོང་ཚད་ཅི་འདྲ་ཞིག་ཡིན།

ཨ་རིའི་ཕོ་རྒྱུ་ནད་སློབ་ཚོགས་ཀྱི(AGA)ལྟ་ཚུལ་ལྟར་ན། རྒྱུན་ལྡན་གྱི་བཤང་བ་གཏོང་ཚད་ནི་ཉིན་རེར་ཐེངས3གྱི་མན་དང་གཟའ་འཁོར་རེར་ཐེངས3གྱི་ཡན་ཡིན་ཞིང་། དེའི་སྔོན་འགྲོའི་ཆ་རྐྱེན་ནི་བཤང་བ་གཏོང་བའི་གོ་རིམ་ལ་ན་ཟུག་དང་དཀའ་ངལ་མེད་པར་མ་ཟད། བཤང་གཅིའི་རྣམ་པ་རྒྱུན་ལྡན་ཡང་ཡིན་དགོས།

བཤང་བ་གཏོང་ཚད་ལ་རྒྱུ་རྐྱེན་མང་བོས་ཤུགས་རྐྱེན་ཐེབས་ཤིང་། དེའི་ནང་དུ་བཟའ་བཅའི་གྲུབ་ཚུལ་དང་། ཆུའི་སྡུད་ཚད། འགུལ་སྐྱོད་བྱེད་ཚད། སེམས་ཀྱི་དྲན་འཆར། སྨན་རྫས་ཀྱི་བྱེད་ནུས། རྒྱུ་མའི་རང་བཞིན། འབུ་ཕྲའི་ཚོགས་ཀྱི་གྲུབ་ཚུལ་སོགས་ཡོད།

ཡང་གཅིག་བཤད་ན། བཤང་བ་གཏོང་བ་རྒྱུན་ལྡན་ཡིན་པ་དང་བདེ་བླག་ངང་འདོར་ཐུབ་པ། འཚོ་བའི་སྤུས་ཚད་ལ་ཤན་ཤུགས་མ་ཐེབས་པ་བཅས་ཡིན་ན། ཐེངས་གྲངས་ཇི་ལྟར་མང་བའམ་ཉུང་ན་ཡང་། ཚང་མ་བདེ་ཐང་གི་ཁོངས་སུ་གཏོགས།

བཤང་བ་གཏོང་ཚད་ཅི་འདྲ་ཡིན་ན་མང་དྲགས་པར་བརྩི་དགོས།

གལ་ཏེ་ཉིན་རེར་བཤང་བ་གཏོང་ཚད་ཐེངས་གསུམ་ལས་བརྒལ་བར་མ་ཟད། བཤང་གཅིའི་རྣམ་པ་གྲུབ་མེད་ཅིང་། བཤལ་བའི་རང་བཞིན་ལྡན་ཚེ། བཤང་བ་གཏོང་ཚད་ཇེ་མང་དུ་སོང་བར་བརྩིས་ཆོག

ལྷག་པར་དུ་བཤང་བ་གཏོང་སྐབས་ཕོ་བ་ན་བ་དང་། དུས་རྒྱུན་དུ་བཤང་བ་གཏོང་འདོད་ཀྱང་གཏོང་མི་ཐུབ་ལ། ཐ་ན་མཚན་མོར་གཉིད་པའི་སྐབས་སུ་ཡར་ལངས་ནས་བཤང་བ་མི་གཏོང་ཐབས་མེད་དུ་གྱུར་པ་སོགས་ཀྱི་གནས་ཚུལ་བྱུང་ན། སྔར་བས་མཐོང་ཆེན་བྱ་དགོས།

འོན་ཀྱང་། དེ་བས་ལུགས་མཐུན་གྱི་བརྡར་གཅོད་བྱེད་ཐབས་ནི་མི་སྒེར་གྱི་རྒྱུན་ལྡན་གྱི་བཤང་བ་གཏོང་བའི་གོམས་གཤིས་ལ་གཞིགས་ནས། སྔོན་ཆད་དང་བསྡུར་ན་ཐེངས་གྲངས་སམ་དབྱིབས་རྣམ་ལ་མངོན་གསལ་གྱི་འགྱུར་ལྡོག་བྱུང་ཡོད་མེད་ལ་བལྟས་ནས་བརྟག་དགོས་པ་དེ་ཡིན།

བཤང་བ་གཏོང་ཚད་ཅི་འདྲ་ཡིན་ན་ཉུང་དྲགས་པར་བརྩི་དགོས།

རོ་མའིIVཚད་གཞི་ལྟར་ན། གལ་ཏེ་ཟླ་བ་གསུམ་གྱི་ནང་དུ་ཉུང་མཐར་ཡང་གཤམ་གྱི་ནད་རྟགས་གཉིས་བསྐྱར་དུ་བྱུང་ན། བཤང་འགག་ཏུ་ངོས་འཛིན་བྱས་ཆོག དེ་དག་ནི་བཤང་བ་གཏོང་བར་དཀའ་ངལ་ཆེ་བ་དང་། བཤང་བ་སྐམ་ཞིང་སྲ་བ། བཤང་བ་བཏང་ཚར་བའམ་བཤང་ལམ་དང་བཤང་རྒྱུ་འགག་པའི་ཚོར་བ་ཡོད་པ། ཕྱི་ཤུགས་ལ་བརྟེན་ནས་བཤང་བ་གཏོང་བར་རམ་འདེགས་བྱ་དགོས་པ། དེ་མིན་བཤང་བ་གཏོང་བའི་ཐེངས་གྲངས་གཟའ་འཁོར་རེ་ལ་ཐེངས་གསུམ་ལས་ཉུང་བ་བཅས་ཡིན།


མཉམ་སྤྱོད།