མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་
རྩོམ་གྲུབ་ཟླ་ཚེས། 0000-00-00 00:00:00
སྒྲོག་སྤེལ་དུས་ཚོད། 2023-03-01 14:59:37
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0000-00-00 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2022ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2023ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2022ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2023ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ།

2023-03-01 14:59:37   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་

རྩོམ་སྒྲིག  སངས་དོན།    ལོ་ཙཱ།  ཚེ་བྱམས་རྒྱལ།   བཤེར་འབེབས།  སངས་དོན།


2023ལོའི་ཟླ2པའི་ཚེས23ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་།

ཁུལ་ནོར་སྲིད་ཅུ།

འཐུས་མི་རྣམ་པ། 

ངས་ཁུལ་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། མཚོ་བྱང་ཁུལ་གྱི2022ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2023ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ་འབུལ་རྒྱུ་ཡིན་པས། ཚོགས་ཆེན་ཐོག་གྲོས་ཞིབ་དང་། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཚོགས་འདུར་ཟུར་ཞུགས་གནང་བའི་བློ་མཐུན་ཚོས་བསམ་འཆར་འདོན་རོགས།

2022ལོར། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བགྱིས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་གྲོས་རིམ་བྱུང་དང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་ནས། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐབས་ཇུས་བཀོད་སྒྲིག་དང་མཚོ་བྱང་ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཚོགས་ཀྱི་གྲོས་ཆོད་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག》བཅས་གཟབ་ནན་གྱིས་ལག་བསྟར་བྱེད་པ། “སྤུས་ལེགས་གཅིག་དང་མཐོར་འདེགས་གཉིས་”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཁ་ཕྱོགས་ཏེ“243”གྱི་འཕེལ་རྒྱས་གསར་བའི་དམིགས་ཚད་བསམ་ཕྱོགས་ཀྱི་སྒྲིག་འཛུགས་ལྟར་དུ། གནད་དུ་འཁེལ་བ་དང་ནོར་སྲིད་སྲིད་ཇུས་སྔར་བས་ལག་བསྟར་དང་རྒྱུན་འབྱམས་སུ་སྐུལ་ཏེ་དཔལ་འབྱོར་ཆེན་མོའི་གནད་འགག་གི་བྱེད་ནུས་ཕན་འབྲས་ལྡན་པར་འདོན་སྤེལ་དང་། ཁུལ་ཡོངས་ཀྱི་ནོར་སྲིད་འཁོར་སྐྱོད་སྤྱིའི་ཆ་ནས་གཏན་འཇགས་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་བདེ་ཐང་འཕེལ་རྒྱས་སུ་བགྲོད་པར་སྐུལ་འདེད་བྱས་ཡོད། 

གཅིག 2022ལོའི་སྔོན་རྩིས་ཡོང་འབབ་དང་འགྲོ་སོང་ལག་བསྟར་གནས་ཚུལ།  

(གཅིག)སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ཁུལ་ཡོངས་ཀྱིས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.59ཡོངས་འགྲུབ་བྱས་པ་དང་། དུས་མཚུངས་ལས1.93%འཕར་ཡོད། ཁྲལ་གྲོན་གཅོག་འཐེན་བྱས་རྗེས་དུས་མཚུངས་ལས3.65%འཕར་ཡོད། གོང་རིམ་གྱི་ཁ་གསབ་རོགས་རམ་ཡོང་སྒོ་སྒོར་དུང་ཕྱུར93.15ཡིན་པ་དང་། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུ་ལོན་བརྒྱུད་གཏོང་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར4.65ཡིན་ཞིང་། སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩར་སྒོར་དུང་ཕྱུར5.15སྤྱད་པ་དང་། ལོ་སྔོན་མའི་རྩིས་སྒྱུར་ཡོང་འབབ་སྒོར་དུང་ཕྱུར30.04ཡིན་ལ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར139.58ཡིན། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སོང་སྒོར་དུང་ཕྱུར109.7ཡིན་ལ། དེ་སྔོན་རྩིས་ལེགས་སྒྲིག་གི88.07%དང་། དུས་མཚུངས་ལས62.46%འཕར་དེ། ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར་10.98ཁ་གསབ་བྱས་པ་དེ། ས་གནས་སྲིད་གཞུང་གི་སྤྱིར་བཏང་བུ་ལོན་གྱི་མ་སྐྱེད་འཇལ་བའི་འགྲོ་སོང་སྒོར་དུང་ཕྱུར1.61ཡིན་ལ། གོང་སྤྲོད་འགྲོ་སོང་སྒོར་དུང་ཕྱུར2.43ཟིན་ཡོད། ལོ་རྗེས་མར་རྩིས་སྒྱུར་བྱས་པའི་འགྲོ་སོང་སྒོར་དུང་ཕྱུར14.86ཡིན་ལ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སོང་གི་སྡོམ་འབོར་སྒོར་དུང་ཕྱུར139.58ཟིན་ཡོད། 

ཁུལ་རིམ་པའི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.02ཟིན་པ་དེ་དུས་མཚུངས་ལས24.41%མར་ཆག་ཡོད་ལ། གོང་རིམ་གྱི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར16.36ཡིན་པ་དང་།  ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུ་ལོན་བརྒྱུད་གཏོང་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར1.38ཡིན་ཞིང་། སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩར་སྒོར་དུང་ཕྱུར་2.9སྤྱད་ཡོད། ལོ་སྔོན་མའི་རྩིས་སྒྱུར་ཡོང་འབབ་སྒོར་དུང་ཕྱུར6.26ཡིན་ལ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར27.92ཡིན། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སོང་སྒོར་དུང་ཕྱུར20.69ཟིན་པ་དེ་སྔོན་རྩིས་ལེགས་སྒྲིག་གི89.42%ཡིན་ལ། དུས་མཚུངས་ལས71.75%འཕར་ཡོད། སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩར་ཁ་གསབ་བརྒྱབ་པའི་སྒོར་དུང་ཕྱུར་3.98ཡིན་ཞིང་། ས་གནས་སྲིད་གཞུང་གི་སྤྱིར་བཏང་བུ་ལོན་གྱི་མ་སྐྱེད་འཇལ་བའི་འགྲོ་སོང་སྒོར་དུང་ཕྱུར0.59ཡིན་ལ། གོང་སྤྲོད་འགྲོ་སོང་སྒོར་དུང་ཕྱུར0.21་ཟིན་ཡོད། ལོ་རྗེས་མའི་འགྲོ་སོང་སྒོར་དུང་ཕྱུར2.45རྩིས་སྒྱུར་བྱས་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སོང་གི་སྡོམ་འབོར་སྒོར་དུང་ཕྱུར27.92ཟིན་ཡོད།

(གཉིས།) སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཁུལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེངས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.25ལེགས་སྒྲིག་བྱས། གོང་རིམ་གྱི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར0.17་ཟིན་ཡོད།  ལོ་སྔོན་མའི་ལྷག་གྲངས་ཡོང་འབབ་སྒོར་དུང་ཕྱུར0.1ཡིན་ལ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་2.52ཡིན་ལ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སོང་སྒོར་དུང་ཕྱུར1.11ལེགས་འགྲུབ་བྱུང་ཡོད། ས་གནས་སྲིད་གཞུང་གི་སྤྱིར་བཏང་བུ་ལོན་གྱི་མ་སྐྱེད་འཇལ་བའི་འགྲོ་སོང་སྒོར་དུང་ཕྱུར1ཡིན། ལོ་མཇུག་གི་ལྷག་གྲངས་སྒོར་དུང་ཕྱུར0.41ཟིན་ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར2.52ཟིན་ཡོད། 

ཁུལ་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གོང་རིམ་གྱི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར0.01ཟིན་ཡོད། ལོ་སྔོན་མའི་ལྷག་གྲངས་ཡོང་འབབ་སྒོར་དུང་ཕྱུར0.02ཡིན་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར0.03ཡིན། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སོང་སྒོར་དུང་ཕྱུར0.03ལེགས་འགྲུབ་བྱུང་ཡོད། 

(གསུམ།)  སྤྱི་ཚོགས་ཉེན་སྲུང་གི་ཐེབས་རྩའི་སྔོན་རྩིས། ཁུལ་ཡོངས་ཀྱི་སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.12ཟིན་པ་དེ་དུས་མཚུངས་ལས5.1%འཕར་ཡོད་ལ། ལོ་སྟོད་ཀྱི་ལྷག་གྲངས་ཡོང་འབབ་སྒོར་དུང་ཕྱུར9.01ཡིན། སྤྱི་ཚོགས་ཉེན་སྲུང་གྱི་དངུལ་རྩའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར2.35ལེགས་འགྲུབ་བྱུང་ཡོད། དེ་དུས་མཚུངས་ལས13.28%མར་ཆག་པ་དང་། ལོ་མཇུག་གི་སྡོམ་རྩིས་ལྷག་གྲངས་སྒོར་དུང་ཕྱུར10.78ཟིན་ཡོད། 

ཁུལ་རིམ་པའི་སྤྱི་ཚོགས་ཉེན་སྲུང་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.84ཡིན། དེ་དུས་མཚུངས་ལས5.97%འཕར་བ་དང་། ལོ་སྔོན་མའི་ལྷག་གྲངས་ཡོང་འབབ་སྒོར་དུང་ཕྱུར5.58ཡིན། སྤྱི་ཚོགས་ཉེན་སྲུང་གྱི་ཐེབས་རྩའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར2.09ལེགས་འགྲུབ་བྱུང་། ལོ་མཇུག་གི་སྡོམ་རྩིས་ལྷག་གྲངས་སྒོར་དུང་ཕྱུར6.33ཡིན། 

(བཞི།) རྒྱལ་དབང་མ་རྩའི་ལས་གཉེར་སྔོན་རྩིས།  ཁུལ་རིམ་པའི་རྒྱལ་ཁབ་ལ་དབང་བའི་མ་རྩའི་ལས་གཉེར་སྔོན་རྩིས་ཀྱི་ཡོང་འབབ་སྒོར་ཁྲི6ལེགས་འགྲུབ་བྱུང་བ་དང་། གོང་རིམ་གྱི་ཁ་གསབ་ཡོང་འབབ་སྒོར་ཁྲི5ཡིན་ལ། ལོ་སྔོན་མའི་ལྷག་གྲངས་ཡོང་འབབ་སྒོར་ཁྲི8དང་། རྒྱལ་ཁབ་ལ་དབང་བའི་མ་རྩའི་ལས་གཉེར་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི19ཡིན། རྒྱལ་ཁབ་ལ་དབང་བའི་མ་རྩའི་ལས་གཉེར་སྔོན་རྩིས་ལས་སྒོར་ཁྲི2སྙོམ་སྒྲིག་བྱས་པ་དང་། ལོ་མཇུག་གི་ལྷག་གྲངས་སྒོར་ཁྲི17ཡིན། 

(ལྔ། )སྲིད་གཞུང་གི་བུ་ལོན་གནས་ཚུལ། 2022ལོར་ཞིང་ཆེན་ནོར་སྲིད་ཀྱིས་རང་རེའི་ཁུལ་གྱི་ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར40.79ཞིབ་བཤེར་གཏན་འབེབས་བྱས་ཤིང་། དེའི་ཁྲོད་སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར31.09ཡོད་ལ། ཆེད་སྤྱོད་བུ་ལོན་སྒོར་དུང་ཕྱུར9.7ཡོད། 2022་ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར38.13ཡིན་ལ། དེའི་ནང་སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར29.41ཡིན། ཆེད་སྤྱོད་བུ་ལོན་སྒོར་དུང་ཕྱུར8.7ཡིན། སྲིད་གཞུང་གི་ཁག་འགན་བླངས་པའི་བུ་ལོན་སྒོར་དུང་ཕྱུར0.02ཡིན། བུ་ལོན་ལྷག་གྲངས་བཅད་གྲངས་ཀྱི་ཁོངས་སུ་ཚོད་འཛིན་ནན་མོ་བྱས་ཡོད། 

ཁུལ་རིམ་པའི་ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར11.35ཡིན་ལ། 2022ལོའི་ལོ་མཇུག་བར། ཁུལ་རིམ་པའི་ས་གནས་སྲིད་གཞུང་གི་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར11.25ཡིན་ལ། ཚང་མ་སྤྱིར་བཏང་གི་བུ་ལོན་ཡིན།  

གཉིས། 2022ལོའི་ནོར་སྲིད་ལས་དོན་གཙོ་བོ། 

(གཅིག) སྲིད་ཇུས་ལག་བསྟར་དང་ཐབས་ཤེས་མཉམ་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བཏིངས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱིས་དཔལ་འབྱོར་བརྟན་བརླིང་ཡོང་བར་ཐབས་ཇུས་བཀོད་འདོམས་བཏོན་དེ། ཕན་འབྲས་ལྡན་པའི་ནོར་སྲིད་ཀྱི་དངུལ་རྩའི་སྲིད་ཇུས་ལག་བསྟར་དང་། ཕུགས་ལ་དམིགས་ཏེ་དཔལ་འབྱོར་རྒྱུན་མཐུད་ངང་བདེ་ཐང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སློང་བྱས། གཅིག་ནི་“སློག་”ལ་བརྟེན་ནས་གཏན་འཇགས་འགན་སྲུང་དང་། ཁྲལ་གྲོན་འཕྲི་གཅོག་དང་ཁྲལ་སློག་གིས་ཚོང་རའི་གྲུབ་ཆ་གཙོ་བོ་“བརྟན་པོར་ཡོང་བ་འགན་སྲུང་”བྱས། ཆ་སྡེབ་རྣམ་པའི་དཔྱ་ཁྲལ་སྲིད་ཇུས་གསར་བ་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་དང་། ཁེ་ལས་ཆུང་གྲས་དང་གཙོ་གནད་ལས་རིགས་ལ་དམིགས་ནས་དཔྱ་ཁྲལ་ཕྱིར་སློག་པའི་ནུས་ཤུགས་རྒྱ་སྐྱེད་དེ། ཁེ་ལས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་སོགས་ལ་རོགས་སྐྱོར་བྱེད་པའི་དཔྱ་ཁྲལ་འཕྲི་གཅོག་གི་སྲིད་ཇུས་མུ་མཐུད་དུ་ལག་ལེན་དོན་འཁྱོལ་བྱས། དཔྱ་ཁྲལ་ཆག་ཡང་གཏོང་བའི་ཚད་ཇེ་མཐོར་བཏང་པ་མ་ཟད། བེད་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་དེ། ལོ་གཅིག་གི་སྡོམ་རྩིས་ལས་ཁྲལ་སློག་པ། ཁྲལ་འཕྲི་བ། ཁྲལ་གཅོག་པ། དཔྱ་ཁྲལ་འཕྲི་འགྱངས་བཅས་སྒོར་དུང་ཕྱུར1.96བྱས། གཉིས་ནི་“མ་འཇོག་”ལ་བརྟེན་ནས་འཕར་སྣོན་སྐུལ་བ་དང། ནོར་སྲིད་མ་རྐང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་“གཞི་རྩའི་རྩིས་བཤེར་”གཏན་འཇགས་སུ་བཏང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་ཀྱི“རྟེན་གཞི་བཞིའི་”འཛུགས་སྐྲུན་སོགས་གཙོ་གནད་ལས་འགན་ལ་དམིགས་ཏེ་ས་གནས་ཀྱི་རྒྱུ་ནོར་དང་གོང་རིམ་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར12.37བཏང་སྟེ། རྨང་གཞིའི་སྒྲིག་བཀོད་གཙོ་བོ་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་འདོན་སྤྲོད་འགན་སྲུང་བྱས་ཡོད། གསུམ་ནི“ཞབས་ཞུ་”ལ་བརྟེན་ནས་ཕན་འབྲས་མཐོ་རུ་བཏང་སྟེ། ནོར་སྲིད་དངུལ་དང་རྩ་མཉམ་འགུལ་གྱིས་དཔལ་འབྱོར་“སྤུས་ཚད་མཐོ་བའི་འཕེལ་རྒྱས་”ཡོང་བར་རོགས་སྐྱོར་བྱས། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་ཀྱི་འགན་ཁག་ཐེག་དང་། སྲིད་གཞུང་གི་ཉོ་སྒྲུབ་གཟིགས་སྐྱོང་དཔྱད་ཞིབ་སྒོས། བུ་ལོན་སྐྱེད་ཀ་དང་ཁེ་ལས་ཀྱི་བྱ་དགའི་ཁ་གསབ་སྤྲོད་པ། ཐེབས་རྩ་སོགས་ཀྱི་ནོར་སྲིད་དངུལ་རྩའི་སྲིད་ཇུས་གཅིག་གྱུར་གྱིས་ལོངས་སུ་སྤྱད་དེ། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་གནད་དུ་འཁེལ་བར་བྱས། ཞིང་ཆེན་དང་ཁུལ་རིམ་པའི་ཐོན་ལས་འཕེལ་རྒྱས་རོགས་སྐྱོར་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར0.26དོན་འཁྱོལ་བྱས་པ་དང་། ཁེ་ལས་ཆུང་འབྲིང་ལ་སྲིད་གཞུང་གི་ཉོ་སྒྲུབ་ཐོབ་དངུལ་སྒོར་དུང་ཕྱུར5.72སྤྲད། དངུལ་རྩའི་སྒྲིག་གཞིས་དཀའ་ཁག་ཅན་གྱི་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར1.94གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། སྲིད་གཞུང་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཆུང་འབྲིང་ལ་དངུལ་བུན་སྒོར་དུང་ཕྱུར3.52གཏོང་བར་སྐུལ་ལྕག་བྱས། སྲིད་གཞུང་དང་དངུལ་རྩ། ཁེ་ལས་བཅས་ཀྱི་སྦྲེལ་མཐུད་ཚོགས་འདུ་འཚོགས་ནས་མ་དངུལ་བསྡུ་རུབ་ཀྱི་དགོས་མཁོ་སྒོར་དུང་ཕྱུར10.57མཐུན་སྦྱོར་གྱིས་ཐག་གཅོད་བྱས། 

(གཉིས།)འཕར་སྣོན་དང་གཏོང་འཕྲི་ལ་དམིགས་ཏེ། ནོར་སྲིད་འགན་སྲུང་ནུས་པ་ཇེ་དྲག་ཏུ་བཏང་བ། ནོར་སྲིད་ཀྱི་ཡོང་འབབ་དང་འགྲོ་སོང་གི་དོ་དམ་ནན་གྱིས་བཟུང་སྟེ། ནོར་སྲིད་ཀྱི་གཙོ་ལས་དམ་འཛིན་དང་། ནོར་སྲིད་རྨང་གཞིའི་འགན་འཁྲི་ཁག་ཐེག་གིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་བྱས། གཅིག་ནི་ཐབས་བརྒྱ་ཇུས་སྟོང་གིས་ས་གནས་ཀྱི་ཡོང་འབབ་དམ་འཛིན་བྱས་པ།      རིམས་ནད་རང་བཞིན་དང་དཔལ་འབྱོར་རང་བཞིན། སྲིད་ཇུས་རང་བཞིན་བཅས་ཀྱི་ཡོང་འབབ་ཉུང་གཏོང་གི་གནོན་ཤུགས་དམའ་རུ་བཏང་བ། ཁྲལ་བསྡུའི་གནས་བབ་དབྱེ་ཞིབ་དང་ནོར་སྲིད་ཁྲལ་རིགས་དོ་དམ་མཉམ་འབྲེལ་ལ་ཤུགས་བསྣན་ཏེ། འགན་འཁྲིའི་ལམ་ལུགས་ལག་ལེན་དང་གཙོ་གནད་ལས་རིགས། ཁེ་ལས་གཙོ་བོའི་ཐོན་ལས་མ་རྐང་དང་རྣམ་གྲངས་གོང་སྤེལ་གནད་དུ་བཟུང་སྟེ། འཕར་སྣོན་སྔོག་འདོན་དང་ཁུལ་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ“བསྟུད་མར་ཐེངས་གསུམ་འཕར་བ”མངོན་འགྱུར་བཏང་བ་དང་། ཉེ་བའི་ལོ་ཤས་རིང་གི་ཟིན་ཐོ་གསར་བ་སྐྲུན། གཉིས་ནི་ནུས་ཤུགས་ཡོད་རྒུས་གོང་རིམ་གྱི་ཁ་གསབ་རོགས་སྐྱོར་བརྩོན་ལེན་བྱས་པ།  གཞན་བསྒྱུར་འགྲོ་སོང་གི་འཕར་སྣོན་འཕྲི་འགྱངས་བྱས་ཏེ། ཆེད་སྤྱོད་རྣམ་གྲངས་ཁག་ཅིག་ཉུང་འཕྲི་དང་། གཅིག་སྡུད་གསུམ་གྱི་འགྲན་རྩོད་རང་བཞིན་གྱི་གནོན་ཤུགས་ཆེ་བའི་ཤུགས་རྐྱེན་འོག ལས་རིགས་གཅིག་པའི་སྡེ་ཁག་དག་གིས་སྲིད་ཇུས་བཟང་བོ་སྔོག་འདོན་གང་ལེགས་དང་། ཁུལ་གྱི་དོན་དངོས་གནས་ཚུལ་ཕྱིར་ལྡོག་བྱས་ཏེ། རྣམ་གྲངས་ཀྱི་གཞི་རྩའི་གསོག་འཇོག་དངོས་འབེབས་དང་། སྙན་ཞུའི་སྦྲེལ་མཐུད་ནུས་ཤུགས་རྒྱ་སྐྱེད་དེ། ལོ་ཧྲིལ་པོར་སྡོམ་རྩིས་བྱས་ན་གོང་རིམ་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར47.43བརྩོན་ལེན་བྱས་པ་དང་། དུས་མཚུངས་ལས2.4%ཡི་གོང་དུ་འཕར་ཡོད། གསུམ་ནི་ཐབས་ཤེས་མཉམ་སྤྱོད་ཀྱིས་དངུལ་གཏོང་སྒྲིག་ཁོངས་སྤུས་ལེགས་སུ་བསྒྱུར་བ། འགོག་སྡོམ་རང་བཞིན་དང་སྲིད་ཇུས་རང་བཞིན། རྨང་གཞིའི་འགན་སྲུང་རང་བཞིན་གྱི་མ་རྩའི་གཅིག་བསྡུས་གསུམ་གྱི་འཐབ་ཇུས་འགྲན་རྩོད་ལ་གདོང་གཏད་དེ། སྤྱིར་བཏང་གི་སྤྱི་བའི་འགྲོ་གྲོན་དངུལ་གཏོང་མུ་མཐུད་དུ་ཉུང་འཕྲི་དང་གྲོན་ཆུང་གི་བསམ་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ།  གཏན་འཇགས་མིན་པ་དང་གཙོ་གནད་མིན་པའི་འགྲོ་སོང་བཅས་ཇེ་དམའ་རུ་བཏང་སྟེ། སྔོན་རྩིས་དཔྱད་ཞིབ་གཟབ་ནན་གྱིས་ཚོད་འཛིན་བྱས།  དེ་དང་ཆབས་ཅིག  སྔོན་རྩིས་ཐོག་མར་རྩིས་ཏེ་“ཉིན་བཅུར་རྗེས་སྙེག་པ། ཟླ་རེར་བརྡ་ཁྱབ་སྤེལ་བ། དུས་ཚིགས་རེར་སྙོམ་སྒྲིག”བཅས་ཀྱི་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཁུལ་རིམ་པའི་སྔོན་རྩིས་སྡེ་ཁག་དང་རྫོང་སོ་སོའི་སྔོན་རྩིས་ལག་བསྟར་འགན་འཁྲིའི་ལྟ་སྐུལ། རྣམ་གྲངས་ཀྱི་དུས་རིམ་སྔོན་མའི་གྲ་སྒྲིག  རྣམ་གྲངས་གོང་སྤེལ་དང་མ་དངུལ་གཏོང་ཚད་ལས་དོན་ལེགས་པར་བསྒྲུབས།

(གསུམ།) ཞབས་ཞུ་མཁོ་སྤྲོད་ལ་དམིགས་ཏེ། ཁྱོན་ཡོངས་ནས་དམངས་ཚིས་ཕན་ཁེ་སྐྲུན་པ།   “ནོར་སྲིད་ཆུང་གྲས་”ཀྱིས་“དམངས་ཚིས་ཆེན་མོ་”སྒྲུབ་པ་རྒྱུན་འཁྱོངས་དང་། རྒྱུ་ནོམ་གཅིག་བསྡུས་ཀྱིས་དམངས་འཚོར་འགན་སྲུང་བྱས་ཏེ། དམངས་འཚོའི་གཞི་ཐིག་མུ་མཐུད་དུ་བརྟན་པོ་བཏང་། གཅིག་ནི་ཏོག་གསར་རིམས་ནད་ཚོད་འཛིན་ལ་ནུས་ཤུགས་སྐྲུན་པ།  མ་དངུལ་སྒོར་ཁྲི་9041གིས་ཁུལ་ཡོངས་ཀྱི་ཏོག་གསར་རིམས་ནད་རྒྱུན་འབྱམས་སྔོན་འགོག་ཚོད་འཛིན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་སྒྲིག་ཆས་ཉོ་སྒྲུབ། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡོངས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་ཏེ། ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་། གཉིས་ནི་ཕྱོགས་ཡོངས་ནས་སློབ་གསོའི་འཕེལ་རྒྱས་དོན་འཁྱོལ་བྱས་པ།  སློབ་གསོའི་འཕེལ་རྒྱས་ཀྱི་ཆད་ལྷག་དང་ཞན་ཆར་དམིགས་ཏེ་ནོར་སྲིད་ཀྱི་ཐོན་ཁུངས་བསྡུ་གྲབས་བྱས་ཏེ།  སློབ་གསོའི་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར12.3བཏང་སྟེ། ནོར་སྲིད་ཀྱིས་སློབ་གསོར་མ་འཇོག་ཁག་ཐེག་དང་ཆབ་ཅིག མ་དངུལ་འབོར་ཆེན་བཏང་སྟེ་སློབ་མ་རེའི་ཆ་སྙོམས་ཆུ་ཚད་ལོ་རེ་བཞིན་མཐོ་རུ་བཏང་ནས་མི་དམངས་ཡིད་ཚིམས་པའི་སྤུས་ལེགས་སློབ་གསོ་བསྒྲུབས།  གསུམ་ནི་ལས་གནས་བརྟན་སྲུང་དང་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱས་པ། ལས་ཞུགས་ལས་གཏོད་རོགས་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་ཆེ་རུ་བཏང་སྟེ། ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.08བཏང་། ཁེ་ལས་ཀྱི་ལས་བཟོ་བ་ལས་རྐང་དུ་ལོག་པའི་ཁ་གསབ་སྒོར་ཁྲི298.34དོན་འཁྱོལ་བྱས། ལས་རིགས་གསར་གཏོད་ཀྱི་དངུལ་བུན་སྐྱེད་ཀ་སྒོར་ཁྲི296སྤྲད། “དྲ་སྦྲེལ་དང་ལས་རིགས་ལག་རྩལ་གསོ་སྦྱོང་”སོགས་ཀྱི་ནུས་རྩལ་འཆར་གཞི་མཐོར་འདེགས་སུ་བཏང་སྟེ། ལས་རྐང་གཏན་སྲུང་དང་ལས་ཞུགས་གསར་གཏོད་ཀྱི་འགན་ཁག་ཐེག་བྱས། བཞི་ནི་སྤྱི་བའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོར་བཏང་བ།  གཞུང་གཉེར་སྨན་ཁང་གི་ནུས་པ་མཐོ་རུ་བཏང་སྟེ། སྤྱི་བའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་སོགས་དམངས་ཚིས་ལས་གྲྭ་གལ་ཆེན་ལ་དམ་པོར་དམིགས་ནས། འགན་སྲུང་ནུས་པ་རྒྱ་སྐྱེད་དང་། སྨན་བཅོས་སྒྲིག་ཆས་ནུས་པ་མཐོ་རུ་གཏོང་ཆེད་མ་དངུལ་སྒོར་ཁྲི1608བཏང་། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་མ་དངུལ་སྒོར་ཁྲི3443གྱིས་ས་ཁོངས་ཀྱི་མི་གྲངས་དང་སྨན་ཁང་གི་འཁོར་སྐྱོད་དམིགས་ཚད་མཐོ་རུ་སྐུལ་བ་དང་། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ནོར་སྲིད་མ་དངུལ་སྡེབ་སྒྲིག་ཇེ་དྲག་ཏུ་བཏང་སྟེ། མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་སྲུང་ཡོལ་འགན་ལེན་བྱས། ལྔ་ནི་སྤྱི་ཚོགས་འགན་སྲུང་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་བ། ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་སྲུང་སྒྲིག་གཞི་དོན་འཁྱོལ་བྱས་ཏེ། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་ཁ་གསབ་རོགས་སྐྱོར་ཚད་གཞི་ལེགས་སྒྲིག་དང་། དཀའ་ཁག་ཅན་གྱི་མང་ཚོགས་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.19སྤྲད། མཁར་གྲོང་གི་འགན་སྲུང་དམའ་བ་དང་དམིགས་བསལ་དཀའ་ངལ་ཅན། དྭ་ཕྲུག་སོགས་ཀྱི་འཚོ་བའི་ཁ་གསབ། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་བཅས་ལས་རིམ་གཉིས་ཀྱི་ཁ་གསབ་མ་དངུལ་དུས་ཐོག་ཏུ་སྤྲད།  དྲུག་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ཡོང་བ་སྐུལ་འདེད་བྱས་ཏེ། ནོར་སྲིད་ཀྱི་རོགས་སྐྱོར་སྲིད་ཇུས་དང་མ་དངུལ་འབོར་ཆེན་གྱི་གཞི་ཁྱོན་སྤྱིའི་ཆ་ནས་བརྟན་པོར་ཡོང་བ་རྒྱུན་མཐུད་དང་། ལོ་གཅིག་གི་ནང་དུ་གོང་རིམ་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར5.22འབྲེལ་མཐུད་ཐུབ་པ་བརྩོན་ལེན་བྱས།  ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འཛུགས་སྐྲུན་གནད་དུ་བཟུང་སྟེ། ཞིང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར6.13བསྡུ་སྒྲིག་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་གསར་གཏོད་དང་། ལུད་རྫས་ཉུང་འཕྲི་དང་ཕན་འབྲས་མཐོར་འདེགས་བྱེད་པའི་བྱེད་སྒོ་ལག་བསྟར་དང་། ཞིང་ཕྱུགས་ལས་ཚན་རྩལ་གྱི་ཞབས་ཞུ་མ་ལག་གི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་རྨང་གཞི་འདིང་བ་དང་སྒྲིག་ལུགས་འཛུགས་པ། མིང་རྟགས་གཏོད་པ། སྤུས་ཚད་མཐོར་འདེགས་དང་ཞན་ཆ་ཁ་གསབ། གནད་འགག་སྒྲོལ་བའི་རྣམ་གྲངས་དངོས་སར་འབྱོར་བ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྐྲུན། 

(བཞི།)བཅོས་བསྒྱུར་གསར་གཏོད་ལ་དམིགས་ཏེ། ནོར་སྲིད་དོ་དམ་ཆུ་ཚད་མཐོ་རུ་བཏང་བ།  གསར་གཏོད་དང་བཅོས་སྒྱུར་ནུས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ལས་རིམ་གཙོ་བོའི་དོ་དམ་བཅོས་སྒྱུར་འགན་འཁྲི་ནན་གྱིས་སྐུལ་སྤེལ་བྱས།  གཅིག་ནི་ཁྱོན་ཡོངས་ནས་སྔོན་རྩིས་དོ་དམ་ལ་ཤུགས་བཏོན་པ། སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་བཅོས་སྒྱུར་དང་དྲ་བའི་མ་ལག་འཁོར་བསྐྱོད་གོ་སྐབས་སུ་བཟུང་སྟེ། སྔོན་རྩིས་སྒྲིག་འགོད་ནས་སྔོན་རྩིས་ལག་བསྟར། རྩིས་བཤེར་དང་ནང་ཁུལ་ཚོད་འཛིན། དཔྱད་ཞིབ་དང་ལྟ་སྐུལ་སོགས་གཞི་གཅིག་ཅན་གྱི་ཚོད་འཛིན་བྱེད་པའི་སྔོན་རྩིས་མ་ལག་རིམ་བཞིན་ཆགས་པར་བྱས་ཏེ།  རྣམ་གྲངས་བཅོས་སྒྱུར་སྐུལ་འདེད་ལ་ཤུགས་བསྣན་པ། རྣམ་གྲངས་ཀྱི་གྲངས་འབོར་ཞིབ་ཚགས་དང་། རྣམ་གྲངས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་བ། རྨང་གཞི་གོར་ཐིག་སྔོན་རྩིས་དང་ལས་ཀའི་གྲངས་འབོར་གྱི་སྔོན་རྩིས་རྩི་ཚུལ་དོན་ཐོག་ཏུ་དངོས་འབེབས་བྱས། སྔོན་རྩིས་ཀྱིས་ཞབས་ཞུ་སྦྲེལ་མཐུད་དང་ནོར་སྲིད་ཞབས་ཞུ་གནད་དུ་འཁེལ་བར་མཁོ་སྤྲོད་ཤུགས་འདོན་བྱས། གཉིས་ནི་སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་ཤུགས་མུ་མཐུད་དུ་མཐའ་འཁྱོངས་བྱས་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ནོར་སྲིད་ཁྱབ་ཁོངས་ཀྱི་དཀའ་གནད་འདུ་ཤེས་བརྟན་པོར་སྐུལ་བ། སྲིད་གཞུང་གི་བུ་ལོན་བཅད་གྲངས་དོ་དམ་དོན་འཁྱོལ་ནན་མོ་བྱས་པ། བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ལུགས་མཐུན་གྱིས་བུན་འཛིན་བརྩོན་ལེན་དང་། བགོ་བཤའ། བུ་ལོན་དོ་དམ་དང་བུ་ལོན་ལས་འགན་ལག་བསྟར་དང་། མ་དངུལ་བཀོལ་སྟངས་ལྟ་སྐུལ་བྱས་ཏེ།  རྒྱུད་ཁོངས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བར་བརྟན་སྲུང་བྱས། གསུམ་ནི་ནོར་སྲིད་ལྟ་སྐུལ་དོ་དམ་ལ་ཁྲིམས་ལྟར་དོན་འཁྱོལ་བྱས་པ། སྒྲིག་ཁྲིམས་ཞིབ་བཤེར་དང་སྡོམ་རྩིས་སོགས་སྡེ་ཁག་དག་དང་མཉམ་འབྲེལ་གྱིས་ནོར་སྲིད་གོ་རིམ་སོགས་ཆེད་དོན་སྒྲིག་བཅོས་འགུལ་བསྐྱོད་གཟབ་ནན་གྱིས་སྤེལ་བ་དང་། དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལག་ལེན་མཐའ་འཁྱོལ་དང་། གཞི་རིམ་གྱི་འགན་སྲུང་གསུམ་ཇེ་དྲག་ཏུ་བཏང་སྟེ། རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་བྱས། བུ་ལོན་གྱི་ཉེན་ཁ་དང་གཞི་རིམ་ནོར་དོན་ཚད་གཞིའི་ཐད་ལ་རང་བཅོས་རང་བཤེར་དང་གཙོ་གནད་སྒྲིག་བཤེར་འགོག་སྲུང་སྒོས། གཞི་རིམ་གྱི་ནོར་དོན་ཁྲིམས་ལྟར་འཁོར་སྐྱོད་བྱེད་པར་འགན་ལེན་བྱས།  བཞི་ནི་སྔོན་རྩིས་ལས་ཆོད་དོ་དམ་ཇེ་ཞིབ་ཏུ་བཏང་བ། “འགྲོ་སོང་བཏང་ན་ལས་ཆོད་འདྲི་རྩད་བྱེད་པ་དང་ཕན་འབྲས་མེད་ན་འགན་འཁྲི་རྩད་ཞིབ་བྱེད་པའི་”དཔྱད་ཞིབ་འདུ་ཤེས་སྲ་བརྟན་དུ་བཙུགས་ཏེ། ལམ་ལུགས་འཛུགས་སྐྲུན་དང་དོ་དམ་གོ་རིམ། ཆ་འཕྲིན་དམིགས་ཚད། ལས་དོན་ཁེབས་ཚད་དང་ཤེས་ལྡན་རུ་ཁག་སོགས་ཕྱོགས་གང་ཐད་ནས་ཕན་འབྲས་མཐོར་འདེགས་སུ་སྐུལ་བ། བསྟུན་མར་ལོ་ངོ་གཉིས་ཀྱི་རིང་ཞིང་ཆེན་གྱིས་གཞི་རིམ་ནོར་སྲིད་འཁོར་སྐྱོད་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་དཔྱད་བསྡུར་ཁྲོད་ཨང་དང་པོ་ཐོབ་པ་དང་། ཁྱོན་ཡོངས་དང་གོ་རིམ་ཧྲིལ་བོའི་སྔོན་རྩིས་ལས་ཆོད་དོ་དམ་སྒྲིག་གཞི་ལེགས་པར་བསྒྲུབས། ལྔ་ནི་ནོར་སྲིད་རྨང་གཞིའི་དོ་དམ་གཏིང་ཟབ་དུ་བཏང་བ།  ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ནོར་སྲིད་སྒྲིག་ཁྲིམས་ཀྱི་ལས་རིམ་སོ་སོའི་ཐབས་ཇུས་བཀོད་འདོམས་གཟབ་ནན་གྱིས་ལག་ལེན་དོན་འཁྱོལ་དང་།  སྲིད་ལ་བརྟེན་ནས་རྒྱུ་ནོམ་ལེན་པ་གཏན་འགོག་དང་། ནོར་གྱིས་སྲིད་ལ་འདེགས་སྐྱོར་བྱེད་པའི་“སྤྱོད་ཚུལ་ལེགས་བསྒྱུར་དང་སྔོན་ཐོན་བརྩོན་ལེན་”གྱི་སྤྱོད་ཚུལ་འཛུགས་སྐྲུན་གྱི་བྱ་སྤྱོད་སྐུལ་སྤེལ་དང་། “3030”གི་བྱ་བའི་སྒྲིག་གཞི་གཏན་འབེབས་ལག་བསྟར་སྒོས། ནོར་སྲིད་ལས་བྱེད་ཀྱིས་“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི་”སྲ་བརྟན་དུ་གཏོང་བ། “གཏན་སྲུང་གཉིས་”ལེགས་པར་སྒྲུབ་པ་སྐུལ་ཁྲིད་བྱས་ཏེ། ནོར་སྲིད་བཅོས་བསྒྱུར་འཕེལ་རྒྱས་དང་། ནོར་སྲིད་སྲིད་ཇུས་ལག་ལེན། ནོར་སྲིད་མ་དངུལ་བཀོད་སྒྲིག ཏང་འཛུགས་སྐྱོང་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས། 

འཐུས་མི་རྣམ་པ། 2022ལོ་ནི་རང་རེའི་ཁུལ་གྱི་ནོར་སྲིད་དཔལ་འབྱོར་དབྱེ་ཞིབ་ཀྱི་ཆེས་རྙོག་འཛིང་གི་ལོ་ཟླ་དང་། ནོར་སྲིད་འགྲོ་སོང་ལ་དཀའ་ཁག་དང་གནོན་ཤུགས་ལྕི་བ།  ཁུལ་ཡོངས་ཀྱི་ཐོག་མཐའ་བར་གསུམ་དུ་སེམས་ཤུགས་གཅིག་བསྡུས་དང། འགག་སྒྲོལ་དཀའ་སེལ་གྱིས་ཁུལ་ཡོངས་ཀྱི་ནོར་སྲིད་གཏན་འཇགས་ཧུར་ཐག་གིས་འཁོར་བསྐྱོད་ཡོངས་བར་རྒྱུན་འཁྱོངས་བྱས། འདི་ནི་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་ཀྱི་སྣེ་ཁྲིད་ཡིན་ལ། དམངས་ཆེན་དང་སྲིད་གྲོས། འཐུས་མི་དང་ཨུ་ཡོན་ཚོའི་ལྟ་སྐུལ་མཛུབ་སྟོན་དང་རྒྱབ་སྐྱོར་བླ་མེད་ཡིན་ལ། རྫོང་སོ་སོའི་སྡེ་ཁག་དག་གི་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་འབད་འབུངས་ཀྱི་གྲུབ་འབྲས་ཀྱང་ཡིན། 

དུས་མཚུངས་སུ། ང་ཚོས་འདུ་ཤེས་གསལ་བོ་ཤེས་པ་ནི2023ལོའི་ནོར་སྲིད་ཀྱི་“དོ་མཉམ་དམ་པོའི་”གནོན་ཤུགས་སྔར་ལས་ཆེ་ཞིང་། ཁུལ་ཡོངས་ཀྱི་ནོར་སྲིད་གཏན་འཇགས་འཁོར་བསྐྱོད་ཀྱི་འགན་འཁྲི་སྔར་ལས་གཏིང་ཟབ་པ། དེའི་མཚོན་ཚུལ་གཙོ་བོ་ནི། ནོར་སྲིད་ཡོང་འབབ་ཀྱི་ཐད་དུ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱབ་རྒྱ་ཆེ་བ། དཔལ་འབྱོར་སླར་གསོའི་བརྡ་རྟགས་མངོན་གསལ་དོད་པོ་ཡིན་མོད། གཙོ་གནད་དཔྱ་ཁྲལ་འཇལ་བའི་ལས་རིགས་དང་ཁེ་ལས་ཀྱི་ལས་མགོ་བསྐྱར་ཚུགས་དང་ཐོན་སྐྱེད་སྔར་བཞིན་གཏན་འཁེལ་མིན་པ། རྒྱལ་ཁབ་ཀྱིས་ད་དུང་གཞི་ཁྱོན་ཆེ་བའི་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་གཅོག་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་དང་། དཔྱ་ཁྲལ་མ་ཡིན་པའི་ཡོང་འབབ་ཀྱི་གཏིང་ཤུགས་མེད་པ། སྔོན་རྩིས་བྱས་པའི་ནོར་སྲིད་ཀྱི་ཡོང་འབབ་འཕར་སྣོན་ལ་སྔར་བཞིན་གཏན་ཁེལ་མིན་པའི་གནས་ཚུལ་ཡོད་པ།  གོང་རིམ་གྱི་ཁ་གསབ་རོགས་སྐྱོར་ཐད་དུ། དཔལ་འབྱོར་མར་ཆག་པ་དང་། དཔྱ་ཁྲལ་ཆག་ཡང་གི་ཕན་འབྲས་ཐོབ་པ། ཕྱིའི་ཉེན་སྲུང་རྒྱུད་སྒྲོག་སོགས་ཀྱི་རྒྱུ་རྐྱེན་འོག གོང་རིམ་ནོར་སྲིད་ཀྱི་ཡོང་འབབ་འཕར་ཚད་ལ་ཚད་བཀག་ཡོད་པ་དང་། ཁ་གསབ་རོགས་སྐྱོར་བརྩོན་ལེན་བྱེད་པར་དཀའ་ཁག་སྔར་བས་ཆེ།  ནོར་སྲིད་འགྲོ་སོང་གྱི་ཐད་དུ། བཀོལ་སྤྱོད་ཆོག་པའི་ནོར་ཤུགས་འཕར་ཚད3.3%མ་གཏོགས་མེད་པའི་གནས་ཚུལ་འོག  འདང་ངེས་འགན་སྲུང་འཕར་ཚད་དེ་8.9%ཡི་གཏན་འཇགས་འགྲོ་སོང་རྒྱུན་ལྡན་ཡིན་པ། ནོར་སྲིད་ཀྱིས་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་སློང་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོའི་སྤུས་ཚད་མཐོན་པོ་འགན་ལེན་བྱེད་པའི་འགན་འཁྲི་ཆེན་པོ་ཁུར་ཡོད། བུ་ལོན་གྱི་མ་སྐྱེད་འཇལ་བ་དང་། ཁེ་ལས་ཀྱི་ལས་བཟོ་པའི་རྒན་གསོའི་འགན་སྲུང་སོགས་ཀྱི་འགྲོ་སོང་མཐོ་རུ་སོང་ཡོད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐད་དུ་ནོར་སྲིད་ཀྱི་ཁ་གསབ་རོགས་སྐྱོར་བྱེད་དགོས་པས། ཡོང་འབབ་དང་འགྲོ་སོང་གི་འགལ་བ་སྔར་ལས་འབུར་དུ་ཐོན་ཡོད། 

དེ་བརྟེན། ང་ཚོས་འཐུས་མི་དང་ཨུ་ཡོན་རེ་རེའི་བསམ་འཆར་ལ་ཉན་དེ། ཧུར་ཐག་གིས་ཐབས་ཤེས་སྣ་མང་སྤྱད་དེ་ཐག་གཅོད་བྱས་ཡོད།  

གསུམ། 2023ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན། 

2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་།  ལྔ་ཚན་བཅུ་བཞི་བའི་འཆར་འགོད་ལག་བསྟར་བྱེད་པའི་ལོའང་ཡིན།  ད་ལོར་ཁུལ་ཡོངས་ཀྱི་ནོར་སྲིད་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐའ་འཁྱོལ་དང་། གཏན་འཇགས་འཕར་སྣོན། འཐུས་ཚང་དང་གནད་དུ་འཁེལ་བ། འཕེལ་རྒྱས་གསར་བའི་འདུ་ཤེས་དང་དཔྱ་ཁྲལ་ཆག་ཡང་གི་བྱེད་ཐབས་ལག་ལེན་དོན་འཁྱོལ་བྱས་ཏེ། ནོར་སྲིད་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་ནོར་སྲིད་འགྲོ་སོང་ནུས་ཤུགས་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱ་རྒྱུ། ནོར་སྲིད་འགྲོ་སོང་གི་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་བཅས་ཀྱི་གལ་ཆེའི་འཐབ་ཇུས་འགན་འཁྲི་ཡི་ནོར་ཤུགས་འགན་སྲུང་ལ་ཤུགས་སྣོན་དང་། ཏང་སྲིད་སྡེ་ཁག་གིས་གྲོན་ཆུང་དང་གཞི་རིམ་གྱི་འགན་སྲུང་གསུམ་རྒྱུན་འཁྱོངས་སྒོས། ནོར་སྲིད་ཐོན་ཁུངས་སྒྲིག་འགོད་ཕན་འབྲས་མཐོ་རུ་བཏང་སྟེ། ནོར་སྲིད་ཀྱི་འགན་ནུས་དཔྱད་བསྡུར་དང་ནོར་སྲིད་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ། ས་གནས་སྲིད་གཞུང་གི་དངུལ་བུན་ཉེན་ཁ་ཚོད་འཛིན་འགན་སྲུང་བྱེད་དགོས། ནོར་སྲིད་ཀྱི་དཔྱ་ཁྲལ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་དུ་བཏང་སྟེ། ནོར་སྲིད་ཀྱི་སྤྱི་ཁོག་འཛིན་སྟངས་ཇེ་དྲག་ཏུ་གཏོང་བ། ནོར་སྲིད་སྒྲིག་ཁྲིམས་གཟབ་ནན་དུ་སྐུལ་བ། ནོར་སྲིད་དངུལ་རྩའི་ཉེན་ཁ་འགོག་སྲུང་བྱས་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་མཚོ་བྱང་གི་ལེའུ་འབྲི་བར་ནོར་སྲིད་ཀྱིས་གཞོགས་འདེགས་སྲ་བརྟན་ཅན་དུ་གཏོང་དགོས། 

(གཅིག) 2023ལོའི་སྔོན་རྩིས་སྒྲིག་བཟོའི་རྩ་དོན། 

གཅིག་ནི་“འཇགས་”ཀྱི་གཞི་རྒྱུ་དེ་སྔོན་རྩིས་བཀོད་སྒྲིག་གིས་མཚོན་ཡོད་པ། འཁོར་སྐྱོད་གཏན་འཇགས་ཀྱི་ཐད་དུ།  “3030”གི་བྱ་བའི་སྒྲིག་གཞི་ཁ་ཕྱོགས་ཏེ། སྔོན་རྩིས་སྐབས་སུ་ལས་ཁུངས་ཀྱི་ངོ་བོ་གཞིར་བཟུང་ནས་ཡང་བསྐྱར་བཟོ་བཅོས་སྒོས་ཁུལ་རིམ་པའི་སྤྱི་བའི་འགྲོ་གྲོན་བཅད་གྲངས་ཀྱི་ཚད་གཞི་ལྟར་དུ། བཅད་གྲངས་ཚད་གཞི་སྔར་བས་ཚན་རིག་དང་མཐུན་པ་ཁག་ཐེག་དང་། ལས་ཁུངས་ཀྱི་དོན་དངོས་རེ་འདུན་ཉེ་བར་བཟོ་དགོས། དམངས་ཚིས་གཏན་འཇགས་ཀྱི་ཐད་དུ། རྒྱུ་ཤུགས་ལེགས་ཆ་དམངས་ཚིས་སུ་ཁ་ཕྱོགས་ཏེ། དམངས་ཚིས་གལ་ཆེན་གྱི་ཁོངས་གཏོགས་མ་དངུལ་འགན་སྲུང་ཤུགས་བསྣན་ཏེ། གཞི་རྩའི་དམངས་ཚིས་གཞི་ཐིག་སྲ་བརྟན་དུ་གཏོང་དགོས། འཕར་སྣོན་གཏན་འཇགས་ཀྱི་ཐད་དུ།  རང་འགུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གལ་ཆེའི་འཐབ་ཇུས་ལག་བསྟར་ཁྲོད་མཉམ་བསྲེས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་“རྟེན་གཞི་བཞིའི”འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་གཏོང་བར་འགན་སྲུང་བྱ་དགོས། 

གཉིས་ནི་“དམ”གྱི་དབྱངས་འགྲོས་དེ་སྔོན་རྩིས་སྒྲིག་ཁོངས་སུ་དོན་འཁྱོལ་བྱས་ཡོད་པ། ཏང་སྲིད་སྡེ་ཁག་གི་དམ་འཛིན་དེ་སྔོན་རྩིས་སྒྲིག་ཁོངས་ཀྱི་གོ་རིམ་ཁྲོད་མཚོན་པར་བྱས་ཏེ། སྔོན་རྩིས་སྒྲིག་ཁུངས་ཀྱི་རྩ་བ་ནས་དོ་དམ་ཚོད་འཛིན་དང་། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་དང་“གཞུང་གྲོན་གསུམ་”གྱི་འགྲོ་གྲོན་གཟབ་ནན་གྱིས་རྒྱུན་འཁྱོངས་བྱས་ཡོད།  

གསུམ་ནི་“གཟབ་”ཀྱི་བླང་བྱ་དེ་སྔོན་རྩིས་སྒྲིག་ཁོངས་སུ་ཁྱབ་པར་བྱས་ཡོད་པ། སྒྲིག་འབྲིའི་ལྷུ་ཚུགས་ཐད་དུ།  སྔོན་རྩིས་སྒྲིག་འབྲི་བྱ་བའི་ཞིབ་བཤེར་དེ་སྲིད་ཇུས་གཏན་འབེབས་དང་འགྲོ་སོང་ཚད་གཞི། དོན་དབང་དབྱེ་འབྱེད། བྱས་འབྲས་གདེང་འཇོག་ཕྱོགས་སུ་རྒྱ་སྐྱེད་པ་མ་ཟད།  ལོ་སྔོན་མའི་རྣམ་གྲངས་ལག་བསྟར་དང་དཔྱད་བསྡུར་བྱས་པའི་གྲུབ་འབྲས་མང་པོ་ཕྱོགས་བསྡུས་སྒོས། ཞིབ་བཤེར་ཆོག་མཆན་བཀོད་པ་རྒྱུད་ལོ་འཇུག་གི་འགྲོ་སོང་སྔོན་རྩིས་མ་མཐའི་ཞིབ་མཆན་ཐོབ་དགོས། ཞིབ་མཆན་གོ་རིམ་གྱི་ཐད་དུ། སྙན་ཞུ་སྡེ་ཁག་གིས་སྔོན་རྩིས་འཆར་ཟིན་སྙན་སེང་མ་ཞུས་སྔོན་ལ། སྔོན་རྩིས་ལས་ཁུངས་ཀྱིས་གཟབ་ནན་གྱིས《སྔོན་རྩིས་བཅའ་ཁྲིམས》ཀྱི་བླང་བྱ་དང་“གལ་ཆེན་གསུམ་དང་དོན་ཆེན་གཅིག་”གི་གྲོས་དོན་གཏན་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ཞིབ་བསྡུར་བྱས་ཏེ། སྔོན་རྩིས་འཆར་ཟིན་སྙན་ཞུ་སྡེ་ཁག་དེ་གའི་ཏང་ཙུའུ་(ཏང་ཨུའི་)གྲོས་ཞིབ་བརྒྱུད་དེ། སྔོན་རྩིས་སྒྲིག་ཁོངས་སྙན་ཞུའི་གོ་རིམ་སྔར་བས་ཚད་ལྡན་དུ་བཏང་ཡོད། 

(གཉིས)2023ལོའི་ཡོང་འབབ་སྔོན་རྩིས་དང་འགྲོ་སོང་བཀོད་སྒྲིག 

1 སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས། ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.6བཀོད་སྒྲིག་བྱས་པ། གོང་རིམ་གྱི་ཁ་གསབ་སྣ་ཚོགས་སྒོར་དུང་ཕྱུར64.73( སྔ་སྣུར་སྔོན་བརྡའི་ཆེད་སྤྱོད་རྣམ་གྲངས་སྒོར་དུང་ཕྱུར22.71ཚུད་ཡོད)བཀོད་སྒྲིག་བྱས་པ་དེ། དུས་མཚུངས་ལས་4.7%འཕར་བར་བྱེད་རྒྱུ།  སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར7.04སྤྱོད་པ་དང་། ལོ་གོང་མར་རྩིས་སྒྱུར་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར་14.86ཟིན་པར་བྱེད་པ། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར93.23ཟིན་པ་དང་། དེ་དུས་མཚུངས་ལས10.2%ཆག་པར་བྱེད་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སོང་སྒོར་དུང་ཕྱུར90.7བཀོད་སྒྲིག་བྱས་ཡོད་པ་དང་། ཞིང་ཆེན་རིམ་པའི་འགྲོ་སོང་སྒོར་དུང་ཕྱུར2.04གོང་འབུལ་ཞུ་བ། སྲིད་གཞུང་གི་བུ་ལོན་གྱི་མ་སྐྱེད་འཇལ་བའི་འགྲོ་སོང་སྒོར་དུང་ཕྱུར0.49བཀོད་སྒྲིག་བྱས་ཡོད། 

ཁུལ་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར0.95བཀོད་སྒྲིག་དང་། གོང་རིམ་གྱི་ཁ་གསབ་སྣ་ཚོགས་སྒོར་དུང་ཕྱུར10.47(སྔ་སྣུར་བྱས་པའི་སྔོན་བརྡའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར2.63ཚུད་པ)བཀོད་སྒྲིག་བྱས་པ་དེ་དུས་མཚུངས་ལས10.2%ཆག་པ། སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར3.62སྤྱོད་པ་དང་། ལོ་སྔོན་མ་ནས་རྩིས་ཁུངས་སྤོས་པའི་ཡོང་སྒོ་སྒོར་དུང་ཕྱུར2.45དང་། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར17.49་བཀོད་སྒྲིག་བྱས་པ་དེ། ལོ་གོང་མའི་དུས་མཉམ་དང་བསྡུར་ན20.6%ཆག་པར་བྱེད་རྒྱུ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སོང་སྒོར་དུང་ཕྱུར17.28བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་རིམ་པའི་འགྲོ་སོང་སྒོར་དུང་ཕྱུར0.21གོང་འབུལ་བྱེད་རྒྱུ། ནོར་སྲིད་ཀྱིས་ཐེངས་གསུམ་པའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི5000དང་། དུས་ཆེན་དང་རྟེན་འབྲེལ་བྱེད་སྒོའི་ཁ་གསབ་གྲོན་དངུལ་སྒོར་ཁྲི1600དང་། རྨང་གཞི་འཛུགས་སྐྲུན་མ་དངུལ་སྒོར་ཁྲི2300དང་། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་གཏེར་ལས་དབང་ཆ་ཕྱིར་འཐེན་གྱི་ཁ་གསབ་མ་དངུལ་སྒོར་ཁྲི1500དང་། དམངས་འཚོའི་རིགས་ཀྱི་སྒྲིག་ཆས་མ་དངུལ་སྒོར་ཁྲི2746དང་།  རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་གེགས་སེལ་གྲོན་དངུལ་སྒོར་ཁྲི800དང་། སྲིད་གཞུང་གི་བུ་ལོན་གྱི་སྐྱེད་ཀ་སྒོར་ཁྲི4100དང་། ནོར་སྲིད་ཀྱི་གྲབས་དངུལ་སྒོར་ཁྲི1900བཅས་བཀོད་སྒྲིག་བྱས་ཡོད།

1.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཁུལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར0.55དང་། གོང་རིམ་གྱི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར0.13དང་། ལོ་གོང་མར་ལྷག་པའི་ཡོང་འབབ་སྒོར་དུང་ཕྱུར0.41དང་། ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར1.09དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སོང་སྒོར་དུང་ཕྱུར1.09བཀོད་སྒྲིག་བྱས་ཡོད།

2.སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། 2023ལོར་ཁུལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་4.72བཀོད་སྒྲིག་བྱས་པ་དང་། ལོ་གོང་མར་ལྷག་གྲངས་སྒོར་དུང་ཕྱུར10.65ཟིན་ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར་2.86་བཀོད་སྒྲིག་བྱས་པ་དང་། ལོ་མཇུག་གི་ལྷག་གྲངས་སྒོར་དུང་ཕྱུར12.51་བཀོད་སྒྲིག་བྱས་ཡོད། 

ཁུལ་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར3.39བཀོད་སྒྲིག་བྱས་པ་དང་། ལོ་གོང་མའི་ལྷག་གྲངས་སྒོར་དུང་ཕྱུར6.46བྱུང་ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར2.17བཀོད་སྒྲིག་བྱས་པ་དང་། ལོ་མཇུག་གི་ལྷག་གྲངས་སྒོར་དུང་ཕྱུར་7.68ཟིན་ཡོད། 

3.རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས།  རྒྱལ་ཁབ་ལ་དབང་བའི་མ་རྩའི་གཉེར་སྐྱོང་སྔོན་རྩིས་ནི་ཁུལ་གཏོགས་ཁེ་ལས་ཁོ་ནས་ཁྲོད་རྩ་འཛུགས་ལག་བསྟར་བྱེད་པ་ལས། རྫོང་རིམ་པར་རྒྱལ་དབང་མ་རྩའི་གཉེར་སྐྱོང་ཁེ་དབང་མེད། ཁུལ་རིམ་པའི་རྒྱལ་ཁབ་ལ་དབང་བའི་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི8བཀོད་སྒྲིག་བྱས་ཡོད། ལོ་སྔོན་མར་ལྷག་གྲངས་སྒོར་ཁྲི17ཡོད། རྒྱལ་ཁབ་ལ་དབང་བའི་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་འགྲོ་སོང་སྒོར་ཁྲི་23བཀོད་སྒྲིག་བྱས་ཡོད། ཕྱིར་གཏོང་མ་དངུལ་སྒོར་ཁྲི2སྙོམ་སྒྲིག་བྱས་ཡོད། 

བཞི། 2023ལོའི་ནོར་སྲིད་ཀྱི་གཙོ་གནད་ལས་དོན།

(གཅིག)རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལམ་སྲོལ་འཛུགས་པ་དང་། ཞན་ཆ་སྐོང་པ། རྒྱུ་ནོར་འབྱུང་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ནོར་སྲིད་ཀྱིས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་དགོས། 

ཁྲལ་བསྡུའི་དོ་དམ་ལམ་སྲོལ་འཛུགས་ཤུགས་ཆེ་རུ་བཏང་ནས་ལས་རིགས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཁག་དང་། ནོར་ཁྲལ་སྡེ་ཁག ཁྲལ་མིན་བསྡུ་ལེན་དོ་དམ་སྡེ་ཁག་བཅས་ཀྱི་འགན་འཁྲི་ནན་དུ་བཏང་སྟེ། རིམ་པ་སོ་སོའི་སྡེ་ཁག་གིས་ཐོན་ལས་འཛུགས་སྐྲུན་དང་ཁྲལ་ཁུངས་གསོ་སྐྱོང་ལ་ཐུན་མོང་ཐོག་དམ་འཛིན་བྱེད་པའི་ཧུར་བརྩོན་རང་བཞིན་གསོ་སྐྱོང་བྱེད་དགོས། དངོས་གཞིའི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཐོན་ལས་གསར་པ་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་རོགས་འདེགས་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་སྣེ་ཁྲིད་འདོན་སྤེལ་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གཙང་བཤེར་སོགས་ཤུགས་ཆེ་རུ་བཏང་སྟེ། རྐང་འཛིན་གྱི་ཁྲལ་ཁུངས་ཐོན་ལས་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་དཔལ་འབྱོར་འཕར་སྣོན། ནོར་སྲིད་འཕར་སྣོན་དང་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

(གཉིས།)རྒྱུན་འཁྱོངས་ལྷོད་མེད་ཀྱིས་འགན་སྲུང་དམ་འཛིན་དང་རྨང་གཞིར་སྐུལ་སྤེལ་གཏོང་བ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་ནུས་ཤུགས་ཆེ་རུ་གཏོང་དགོས། 

འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་གཙོ་གནད་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་གནད་འཁེལ་དང་རྒྱུན་མཐུད་ཀྱི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དཔལ་འབྱོར་སྒྲོམ་གཞི་དཀའ་གནད་ལས་སྒྲོལ་བ་དང་། འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་རམ་འདེགས་བྱེད་དགོས། མང་ཚོགས་ཀྱི་དོ་ཁུར་ལ་དམིགས་པ་དང་སྤུས་ཚད་མཐོ་བའི་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་འདུ་འགོད་ཁག་ལག་བསྟར་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་མ་དངུལ་འཇོག་པའི་ལས་གཉེར་ཁེ་ལས་ལ་མ་དངུལ་འཇོག་གྲངས་མང་དུ་བཏང་ནས་རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་བཀོད་པ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་རྒྱུ་ནོར་དང་གོང་རིམ་གྱི་ཆེད་སྤྱོད་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་ཀྱི“རྟེན་གཞི་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པ། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་དང་ལྗང་མདོག་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུའི་མ་དངུལ་གྱི་དགོས་མཁོ་གཙོ་གནད་ཐོག་འགན་ལེན་བྱེད་དགོས།

གསུམ། ནུས་ཤུགས་ཡོད་རྒུས་སྒྲིག་ཁྲིམས་ནན་སྲུང་དང་ནོར་སྲིད་བརྟན་བརླིང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་དགོས། 

“ལྔ་ཚན་བཅུ་བཞིའི”འཆར་འགོད་དང་སྲིད་ཇུས་མང་པོ་སྤེལ་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། གོང་རིམ་གྱི་རྒྱབ་སྐྱོར་བརྩོན་ལེན་དང་། ཆེད་སྤྱོད་མ་དངུལ་བརྟན་པོའི་ངང་འཕར་བར་བརྟེན་ནས་ཡོང་འབབ་མི་འདང་བའི་ཞན་ཆ་ཁ་གསབ་བྱ་དགོས། འཚོ་བ་དམ་འཛིན་གྱི་བསམ་བློའི་འདུ་ཤེས་གསར་དུ་བཙུགས་ནས་གྲོན་ཆུང་ཅན་གྱི་ནོར་སྲིད་འགན་སྲུང་སྒྲིག་གཞི་འཛུགས་པར་སྐུལ་འདེད་གཏོང་དགོས། ནོར་སྲིད་ཀྱི་བསགས་འབོར་མ་དངུལ་རྒྱུན་མཐུད་ངང་སྲིད་འཛིན་འཁོར་སྐྱོད་ཀྱི་མ་རྩ་དམའ་རུ་བཏང་སྟེ། ནོར་ཤུགས་ངེས་ཅན་ཞིག་བཏོན་ནས“འགན་ལེན་གསུམ”གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱ་དགོས། རྫོང་རིམ་པའི་སྔོན་རྩིས་དོ་དམ་ཚད་ལྡན་དུ་གཏོང་བར་མཛུབ་སྟོན་བྱས་ཏེ། གཞི་རྩའི་འབྱུང་ཁུངས་ནས་རྫོང་རིམ་པའི་ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁ་འགོག་ཟོན་བྱ་དགོས། གཞི་རིམ་གྱི་ནོར་དོན་དོ་དམ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ནོར་སྲིད་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་བརྟན་པོར་བཏང་སྟེ། རིམ་པ་སོ་སོའི་སྡེ་ཁག་གིས་བསམ་བློའི་ཐོག་ནས་ནོར་སྲིད་སྒྲིག་ཁྲིམས་ལ་མཐོང་ཆེན་དང་ནོར་སྲིད་སྒྲིག་ཁྲིམས་སྲ་ཞིང་བརྟན་པོར་ཁག་ཐེག་བྱ་དགོས། 

      (བཞི། )འབད་བརྩོན་ལྷོད་མེད་ཀྱིས་འཕར་སྣོན་ཚོད་འཛིན་དང་བསགས་འབོར་ཚོད་འཛིན་དང་། དངུལ་བུན་གྱི་ཉེན་ཁ་སེལ་བར་བྱས་ཏེ། ནོར་སྲིད་ཀྱི་བདེ་འཇགས་འགན་སྲུང་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་འགན་ལེན་བྱ་དགོས།  

སྲིད་གཞུང་གིས་ནམ་ཡང་བུ་ལོན་གྱི་འགན་འཁྲི་རྩད་གཅོད་དང་དངུལ་བུན་གྱི་གནད་དོན་ལྡོག་བཤེར་སྒྲིག་གཞི་དོན་འཁྱོལ་ནན་མོ་བྱས་ཏེ། ས་གནས་སྲིད་གཞུང་གི་མངོན་མེད་དངུལ་བུན་གསར་སྣོན་བྱེད་རིགས་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། གཏན་ལ་ཕབ་པའི་ཇུས་གཞི་ལྟར་མངོན་མེད་དངུལ་བུན་གསོག་ཚད་མཐའ་གཅིག་ཏུ་སེལ་དགོས། བུ་ལོན་ལེན་སྟངས་ཚད་ལྡན་དུ་གཏོང་བ་དང་དངུལ་བུན་འོས་འཚམ་གྱིས་བསྐྱི་བ་མཐའ་འཁྱོངས་དང་། ཉེན་ཁ་དང་ལྟ་ཞིབ་ཚད་ལེན། ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བྱས་ཏེ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒོ་ནན་སྲུང་གྱིས་ཉེན་ཁ་མི་འབྱུང་བར་ནན་གྱིས་བསྲུང་དགོས། སྲིད་གཞུང་གི་དངུལ་བུན་གཙང་འཇལ་གྱི་འབྱུང་ཁུངས་ཁྱོན་ཡོངས་ནས་དག་ཐེར་དང་ཕྱིར་འབུད་བྱས་ཏེ། རྫོང་རིམ་པས་ནོར་ཤུགས་དང་དངུལ་བུན་འཇལ་བའི་གྲ་སྒྲིག་མ་དངུལ་གྱི་འགྲོ་སོང་ལྟ་སྐུལ་དོ་བདག་དང་། བསགས་འབོར་དངུལ་བུན་ཆད་འགྱངས་ཀྱི་ཉེན་ཁ་དང་ཉེན་ཁའི་ཐག་གཅོད་འགོག་ཟོན་བྱ་དགོས། 

(ལྔ།)  མཁྲེགས་གཏོར་ལམ་ལུགས་དང་སྒྲིག་སྲོལ་གསར་པ་འཛུགས་པ། ནོར་སྲིད་སྒྲིག་གཞི་བཅོས་སྒྱུར་སྐུལ་འདེད་བྱས་ཏེ། ནོར་སྲིད་བཅོས་སྐྱོང་བྱེད་ནུས་མཐོར་འདེགས་སུ་གཏོང་དགོས། 

          ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་བསྒྱུར་བཅོས་རྗེས་འདེད་དང་རང་འགུལ་ངང་འགན་ལེན་བྱས་ཏེ། ནོར་སྲིད་ཀྱི་དོན་གཅོད་དབང་ཆའི་འགྲོ་སོང་འགན་འཁྲིའི་དབྱེ་ཞིབ་བཅོས་སྒྱུར་ཧུར་ཐག་གིས་སྤེལ་ཏེ། སྲིད་གཞུང་དང་ནོར་སྲིད་འབྲེལ་བ་སྔར་བས་མཐུན་སྦྱོར་ཡོང་བར་བྱ་དགོས། རྣམ་གྲངས་བཅོས་སྒྱུར་གཙོ་བོའི་ཐེངས་འདིའི་སྔོན་རྩིས་བཅོས་སྒྱུར་ནན་གྱིས་སྤེལ་ཏེ། སྔོན་རྩིས་ལས་ཁུངས་ཀྱི་རྣམ་གྲངས་“ཐར་ཐོར་ཅན”དང་རྣམ་གྲངས་ཀྱི་མིང་ཐོག་ནས་སྒྲིག་ཁོངས་མིན་པའི་མི་སྣར་བསྙེན་བཀུར་ཞུ་བའི་གནས་ཚུལ་མེད་པ་བཟོ་དགོས། སྡེ་ཁག་གི་ངོ་བོ་དང་ལས་སྒོའི་ཁྱད་ཆོས་ལ་གཞིགས་ནས་ཁུལ་རིམ་པའི་སྤྱི་སྤྱོད་གྲོན་དངུལ་གྱི་བཅད་གྲངས་ཚད་གཞིའི་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས། སྡེ་ཁག་གི་འགན་འཁྲི་སྒྲུབ་པའི་དགོས་མཁོ་ལུགས་མཐུན་གྱིས་འགན་ལེན་བྱས་ཏེ། རྩིས་གཉེར་བའི་གཅིག་བསྡུས་ཀྱིས་ཞིབ་རྩིས་རྒྱག་པའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ཐག་གཅོད་དང་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་ཐོན་ཁུངས་བཀོད་སྒྲིག་གི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་སྔོན་རྩིས་ལས་ཆོད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཆོད་དོ་དམ་གྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། 

         འཐུས་མི་རྣམ་པ།  ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་བཞིན།  2023ལོའི་ནོར་སྲིད་བྱ་བའི་གནས་བབ་སྔར་བཞིན་ཛ་དྲག་དང་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས་ང་ཚོས་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ཏུ། ཡིད་ཆེས་བརྟན་པོ་དང་། དམིགས་ཚད་དམ་པོ། སྤྱི་འདོམས་བཀོད་སྒྲིག་དང་དོན་དངོས་སྒྲུབ་ཏེ། ཐེངས་འདིའི་ཚོགས་ཆེན་གྱི་ལས་རིམ་གྲོས་ཆོད་དོན་ཐོག་ཏུ་འཁྱོལ་བ། ཧུར་ཐག་གིས་“དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་འབད་པ་ཆེན་མོའི་དབུ་ཁྱུད་འབྲི་དགོས། 

མིང་བརྡ་གསལ་འགྲེལ།

(1)སྲིད་གཞུང་གི་སྔོན་རྩིས། སྲིད་གཞུང་གི་སྔོན་རྩིས་ནི་ཁྲིམས་ཀྱིས་གཏན་འཁེལ་གནང་བའི་གོ་རིམ་ལྟར་ཞིབ་བཤེར་བྱས་ཏེ། ཆོག་མཆན་བཀོད་ཅིང་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་སྲིད་གཞུང་གི་ལོ་འཁོར་གྱི་ནོར་སྲིད་ཡོང་འབབ་དང་འགྲོ་སོང་འཆར་གཞི་ལ་ཟེར། སྲིད་གཞུང་གི་ཡོང་འབབ་དང་འགྲོ་སོང་ཡོད་ཚད་སྲིད་གཞུང་གི་སྔོན་རྩིས་ནང་བཅུག་སྟེ་དོ་དམ་བྱེད་པ། རྒྱལ་ཁབ་ཀྱིས་རིམ་པ་དང་པོའི་སྲིད་གཞུང་ལ་རིམ་པ་དང་པོའི་སྔོན་རྩིས་ལག་བསྟར་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཁོངས་གཏོགས་གྲོང་ཁྱེར་བཅས་བཙུགས་ཏེ། གྲོང་ཁྱེར་དང་རང་སྐྱོང་ཁུལ། རྫོང་། རང་སྐྱོང་རྫོང་བཅས་ཁུལ་བཙུགས་པ། ཁུལ་མེད་པའི་གྲོང་ཁྱེར། ཁོངས་གཏོགས་གྲོང་ཁྱེར། ཡུལ་ཚོ། མི་རིགས་ཡུལ་ཚོ། གྲོང་རྡལ་བཅས་རིམ་པ་ལྔ་བའི་སྔོན་རྩིས་ལག་བསྟར་བྱས། 

        ས་གནས་ཀྱི་རིམ་པ་སོ་སོའི་སྤྱི་བསྡོམས་སྔོན་རྩིས་དེ་ས་ཁུལ་དེའི་སྔོན་རྩིས་དང་ཕྱོགས་སྡོམ་བྱས་པའི་རིམ་པ་རྗེས་མའི་ཕྱོགས་བསྡུས་སྔོན་རྩིས་ལས་གྲུབ་པ་ཡིན། རིམ་པ་རྗེས་མའི་རིམ་པ་ཐོག་མའི་སྔོན་རྩིས་དང་། རིམ་པ་རྗེས་མའི་སྤྱིའི་སྔོན་རྩིས་ནི་རིམ་པ་རྗེས་མའི་སྔོན་རྩིས་ལ་ཟེར། རིམ་པ་རྗེས་མའི་སྔོན་རྩིས་མེད་ན། སྤྱི་སྡོམ་སྔོན་རྩིས་ནི་རིམ་པ་དེར་གོ་བ་བླང་ཆོག 

(2)སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། དཔྱ་ཁྲལ་བསྡུ་ལེན་གཙོ་བོའི་ནོར་སྲིད་ཡོང་འབབ་དེ་ལ་ཟེར་ཞིང་། དམངས་འཚོ་ལེགས་བཅོས་དང་འགན་སྲུང་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྒྲིག་གཞིའི་རྒྱུན་གཏན་འཁོར་སྐྱོད་ཀྱི་ཡོང་འབབ་དང་འགྲོ་སོང་སྔོན་རྩིས་གཏན་སྲུང་བྱས་པ་ལ་ཟེར། 

(3)སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། དུས་ཚད་ངེས་ཅན་ཞིག་གི་ནང་དུ། དམིགས་འཛུགས་བྱ་ཡུལ་ལ་བསྡུ་ལེན་དང་ཡང་ན་བྱེད་ཐབས་གཞན་དག་གི་ཐོག་ནས་གྲབས་གསོག་བྱས་པའི་མ་དངུལ་དེ་ཆེད་དོན་མ་དངུལ་ལྟར།  སྤྱི་པའི་བྱ་གཞག་གོང་དུ་སྤེལ་བའི་ཡོང་འབབ་དང་འགྲོ་སོང་གི་སྔོན་རྩིས་ཡིན། 

(4)རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས། རྒྱལ་ཁབ་ལ་དབང་བའི་མ་རྩའི་ཁེ་ཕན་དེ་འགྲོ་སོང་ལ་བཀོད་སྒྲིག་བྱས་པའི་གཏོང་ཡོང་གི་སྔོན་རྩིས་ལ་ཟེར། 

(5)སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། སྤྱི་ཚོགས་ཀྱི་འགན་བཅོལ་དངུལ་སྤྲོད་དང་། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་བཀོད་སྒྲིག་དང་ཐབས་ཤེས་གཞན་པའི་ཐོག་ནས་གྲབས་གསོག་བྱས་པའི་མ་དངུལ་དེ། སྤྱི་ཚོགས་འགན་བཅོལ་གྱི་ཡོང་འབབ་དང་འགྲོ་སོང་ལ་བཀོལ་སྤྱོད་བྱེད་པའི་གཏོང་ཡོང་གི་སྔོན་རྩིས་ལ་ཟེར། 

(6)ནོར་སྲིད་ཡོང་འབབ། སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་གྱི་འགན་ནུས་སྒྲུབ་པར་མཁོ་བའི་མ་དངུལ་གྲབས་གསོག་བྱེད་པ་དང་། སྲིད་གཞུང་གིས་རྒྱལ་དམངས་ཀྱི་ཡོང་འབབ་བགོ་བཤའི་ནང་ཞུགས་པའི་རྣམ་པའི་སྟེང་། སྲིད་གཞུང་གིས་འགན་ནུས་སྒྲུབ་པའི་ནོར་ཤུགས་ཀྱི་འགན་སྲུང་ལ་ཟེར། 

(7)ཁྲལ་བསྡུའི་ཡོང་འབབ། དཔྱ་ཁྲལ་བསྡུ་བ་ནི་དཔལ་འབྱོར་གྱི་སྲོག་ཤིང་ལྟ་བུ་ཡིན་ལ། དཔྱ་ཁྲལ་དང་དཔྱ་ཁྲལ་ཆག་ཡང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁོངས་མིའི་དཔལ་འབྱོར་གྱི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་པ་དང་། ཁེ་ལས་དང་མི་སྒེར་གྱི་དཔལ་འབྱོར་བྱ་སྤྱོད་ལ་ཁྲིད་སྟོན་བྱས་ནས་ཐོན་ཁུངས་བཀོད་སྒྲིག སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་བཟོ་བ། དཔལ་འབྱོར་འཁོར་སྐྱོད་ཚོད་འཛིན་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱེད་དགོས། དཔྱ་ཁྲལ་བསྡུ་བ་ནི་རྒྱལ་ཁབ་ཀྱིས་རྒྱལ་དམངས་ཀྱི་ཡོང་འབབ་བགོ་བཤའི་རྣམ་པ་གཙོ་ཆེ་ཤོས་ཡིན་ལ། སྲིད་གཞུང་དང་ཁེ་ལས། མི་སྒེར་བཅས་ཀྱི་བར་དུ་བགོ་བཤའི་འབྲེལ་བ་ཚད་ལྡན་དང་། ཡོང་འབབ་བགོ་བཤའ་སྙོམས་སྒྲིག་བྱེད་པ། གཞན་ཡང་དཔྱ་ཁྲལ་བསྡུ་བའི་ཡོང་འབབ་འཕར་སྣོན་དང་ཁྲལ་ཁུངས་ཀྱི་འགྱུར་ལྡོག་བརྒྱུད་དེ། སྲིད་གཞུང་གིས་སྤྱི་ཁོག་དཔལ་འབྱོར་གྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་སྤྱི་ཁོག་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཚོད་འཛིན་བྱས་ཏེ། སྤྱི་ཁོག་ནོར་ཁྲལ་སྲིད་ཇུས་ཀྱི་བྱ་ཐབས་དུས་ཐོག་ཏུ་སྤྱོད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་ལ་ཟེར། 

(8)དཔྱ་ཁྲལ་མ་ཡིན་པའི་ཡོང་འབབ། རིམ་པ་སོ་སོའི་སྲིད་གཞུང་དང་དེའི་ཁོངས་སུ་གཏོགས་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་དབང་ཆ་བཀོལ་སྤྱོད་དང་། སྲིད་གཞུང་གི་མཚན་སྙན། རྒྱལ་ཁབ་ཀྱི་ཐོན་ཁུངས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར། ཡང་ན་དམིགས་བསལ་གྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱས་ནས་དཔྱ་ཁྲལ་བསྡུ་བ་དང་སྲིད་གཞུང་གི་དངུལ་བུན་ཡོང་འབབ་ཕུད་པའི་ནོར་སྲིད་ཡོང་འབབ་ལ་ཟེར། 

(9)ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ། ལོ་དེའི་ནོར་སྲིད་སྒྲིག་གཞི་དང་དཔྱ་ཁྲལ་བསྡུ་ལེན། དཔྱ་ཁྲལ་མིན་པའི་ཡོང་འབབ་བཅས་ལ་གཞིགས་ནས་ས་གནས་རྒྱལ་མཛོད་ནང་བསྡུ་རྒྱུའི་དཔྱ་ཁྲལ་བསྡུ་བའི་ཡོང་འབབ་དང་། ཆེད་སྤྱོད་ཡོང་འབབ། སྲིད་འཛིན་ལས་རིགས་རང་བཞིན་གྱི་དཔྱ་ཁྲལ་བསྡུ་བའི་ཡོང་འབབ། དངུལ་ཆད་དང་གཞུང་བཞེས་ཡོང་འབབ། རྒྱལ་ཁབ་ལ་དབང་བའི་མ་རྩའི་གཉེར་སྐྱོང་ཡོང་འབབ། རྒྱལ་ཁབ་ལ་དབང་བའི་ཐོན་ཁུངས་(རྒྱུ་ནོར་)ཁ་གསབ་ཡོད་པའི་ཡོང་འབབ། ཞལ་འདེབས་འབུལ་བའི་ཡོང་འབབ། སྲིད་གཞུང་གི་སྡོད་ཁང་ཐེབས་རྩའི་ཡོང་འབབ་དང་ཡོང་འབབ་གཞན་དག་སོགས་ལ་ཟེར།

(10)སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་སྤོ་བསྒྱུར། སྤྱིར་བཏང་རང་བཞིན་གྱི་དོ་སྙོམས་རང་བཞིན་གྱི་འགྲོ་སོང་སྤོ་བསྒྱུར་ལ། གསར་བརྗེའི་ས་ཁུལ་རྙིང་པ། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་ནོར་ཤུགས་ཁ་གསབ་དང་སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་སྤོ་བསྒྱུར་གཞན་དག་ཚུད་པ་རེད། 

(11)ཆེད་སྤྱོད་འགྲོ་སོང་སྤོ་བསྒྱུར། ཆེད་སྤྱོད་འགྲོ་སོང་སྤོ་བསྒྱུར་ནི་གོང་རིམ་སྲིད་གཞུང་གིས་དམིགས་བསལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། རིམ་པ་ཞོལ་མའི་སྲིད་གཞུང་ལ་སྤྲོད་པ་དང་། རིམ་པ་ཞོལ་མའི་སྲིད་གཞུང་གིས་རིམ་པ་གོང་མའི་སྲིད་གཞུང་གིས་གཏན་འབེབས་བྱས་པའི་སྤྱོད་སྒོ་ལྟར་བཀོད་སྒྲིག་དང་བེད་སྤྱོད་བྱས་པའི་སྔོན་རྩིས་མ་དངུལ་ལ་ཟེར། 

(12)སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ། དེ་ནི་སྤྱི་ཁོག་སྙོམས་སྒྲིག་གི་དམིགས་འབེན་མངོན་འགྱུར་དང་། ལོ་འཇུག་གི་སྲིད་གཞུང་སྔོན་རྩིས་འབྲེལ་མཐུད་དང་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ། རིམ་པ་སོ་སོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་བཀོད་སྒྲིག་གི་གསོག་འཇོག་རང་བཞིན་གྱི་མ་དངུལ་ལ་ཟེར། རིམ་པ་སོ་སོའི་སྲིད་གཞུང་གི་ནོར་སྲིད་སྡེ་ཁག་གིས་སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་གསར་འཛུགས་དང་། བྱེ་བྲག་གི་འཆར་གཞི་ཁ་གསབ་ཀྱི་འགན་འཁུར་བ། རིམ་པ་གཅིག་མཚུངས་ཀྱི་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་མོས་མཐུན་ཐོབ་རྗེས་རིམ་པ་དེ་གའི་སྔོན་རྩིས་དང་ངེས་རྩིས་མ་ཟིན་རིམ་པ་དེ་གའི་སྔོན་རྩིས་ཀྱི་ལེགས་སྒྲིག་ཇུས་གཞི་ནང་དུ་འཇུག་དགོས།

    (13) ནོར་སྲིད་ཀྱི་འགྲོ་སོང་། སྲིད་གཞུང་གིས་སྤྱི་ཚོགས་ལ་སྤྱི་པའི་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། སྤྱི་ཚོགས་ཐུན་མོང་གི་དགོས་མཁོ་སྐོང་ཆེད་སྤེལ་བའི་ནོར་སྲིད་ཀྱི་མ་དངུལ་འགྲོ་སོང་གཏོང་བ། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྡོམ་འབོར་ཆེན་པོ་མེད་པ། ཁུལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་འཕར་ཚད་འཕྲི་འགྱངས་བྱས་མོད། ལས་རིམ་གཙོ་གནད་ཁག་གི་འགྲོ་སོང་གཞི་ཁྱོན་རྒྱ་སྐྱེད་དེ། ནོར་སྲིད་ཀྱི་འགྲོ་སོང་སྒྲིག་གཞི་ཅི་ལྟར་ཇེ་ལེགས་སུ་གཏོང་བ་དང་། མ་དངུལ་ཉུང་བ་བཏང་ནས་ལས་དོན་ཆེན་པོ་སྒྲུབ་པ། གྲོན་ཆུང་བྱེད་པ། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་ཚོད་འཛིན་ནན་མོ་བྱེད་པ། འགྲོ་སོང་ཕན་འབྲས་ཆེ་རུ་གཏོང་བ། དམངས་འཚོ་ལེགས་བཅོས་སྔར་བས་འགན་སྲུང་བྱས་ཏེ། འགྲོ་སོང་སྔོན་རྩིས་སྒྲིག་འགོད་ཁྲོད་འཕྲད་པའི་འགྲན་སློང་ཞིག་ལ་ཟེར། 

(14)གཞི་རྩའི་འགྲོ་སོང་དང་རྣམ་གྲངས་ཀྱི་འགྲོ་སོང་། གཞི་རྩའི་འགྲོ་སོང་ཞེས་པ་ནི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་རྒྱུན་ལྡན་དུ་འཁོར་སྐྱོད་ཡོང་བར་འགན་སྲུང་བྱེད་པ་དང་། རྒྱུན་ལྡན་གྱི་ལས་ཀའི་ལས་འགན་ལེགས་འགྲུབ་བྱེད་ཆེད་འགྲོ་སོང་གཏོང་བ་ལ་ཟེར། དེའི་ནང་དུ་མི་སྣའི་གྲོན་དངུལ་དང་སྤྱི་བའི་གྲོན་དངུལ་ཚུད་ཡོད། རྣམ་གྲངས་ཀྱི་འགྲོ་སོང་ཞེས་པ་ནི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་དམིགས་བསལ་གྱི་ལས་འགན་དང་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་དམིགས་ཡུལ་སྒྲུབ་ཆེད་བཏང་བའི་འགྲོ་སོང་ལ་ཟེར།

(15)རྣམ་གྲངས་ཀྱི་འགྲོ་སོང་ཕན་འབྲས་ལ་དཔྱད་འཇོག་བྱེད་པ། ནོར་སྲིད་སྡེ་ཁག་དང་སྔོན་རྩིས་སྡེ་ཁག ལས་ཁུངས་བཅས་ཀྱིས་གཏན་འཁེལ་བྱས་པའི་ཕན་འབྲས་ཀྱི་དམིགས་ཚད་གཞིར་བཟུང་སྟེ། རྣམ་གྲངས་འགྲོ་སོང་གྱི་དཔལ་འབྱོར་རང་བཞིན། གྲུབ་འབྲས་རང་བཞིན། ཁེ་ཕན་རང་བཞིན་དང་དྲང་བདེན་རང་བཞིན་བཅས་དོན་དངོས་དང་མཐུན་ཞིང་དྲང་གཞག་གི་ཚད་ལེན་ཡོད་པ། དབྱེ་ཞིབ་དང་དཔྱད་བསྡུར་བྱེད་དགོས། ལས་ཁུངས་ཀྱིས་རང་གིས་ཕན་འབྲས་ལ་གདེང་འཇོག་བྱེད་པ། སྡེ་ཁག་གིས་གདེང་འཇོག་བྱེད་པ། ནོར་སྲིད་ཀྱིས་གདེང་འཇོག་བཅས་རིམ་པ་གསུམ་དབྱེ་ཡོད།  

(16)ལས་ཆོད་དཔྱད་འབྲས་བཀོལ་སྤྱོད་བྱེད་པ། ལས་ཆོད་དཔྱད་འབྲས་ནི་སྙན་ཞུའི་ནང་དོན་དང་ལས་རིམ། སྡོམ་ཚིག་བཅས་མཚོན་པའི་སྔོན་རྩིས་སྡེ་ཁག་དང་ལས་ཁུངས་སོགས་ཀྱི་བྱ་བའི་གྲུབ་འབྲས་སྙོམ་སྒྲིག་བྱེད་པ། མ་དངུལ་དོ་དམ་གྱི་ཆུ་ཚད་ཞིབ་བསྡུར་བྱེད་པ། སྔོན་རྩིས་སྡེ་ཁག་དང་ལས་ཁུངས་སོ་སོའི་ནོར་སྲིད་མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་དང་། དོ་དམ་ཆུ་ཚད། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་གི་ཆུ་ཚད། སྲིད་འཛིན་ཕན་ནུས་བཅས་མཐོ་རུ་གཏོང་བ། བྱས་འབྲས་བཀོལ་སྤྱོད་ཀྱི་བྱེད་ཐབས་བསམ་ཚུལ་ཕྱིར་ལྡོག བཅོས་སྒྱུར་དག་ཐེར། བརྡ་ཁྱབ་དང་སྙན་ཞུ། སྐུལ་ལྕགས་དང་ལྟ་སྐུལ་དོ་དམ། སྔོན་རྩིས་བཀོད་སྒྲིག་དང་སྲིད་ཇུས་ལེགས་སྒྲིག་དང་སྦྲེལ་བ་སོགས་ལ་ཟེར། 

(17)སྲིད་གཞུང་གི་དངུལ་བུན། ས་གནས་སྲིད་གཞུང་གིས་ཁྲིམས་ཀྱི་གཏན་འཁེལ་ཁྲོད་སྲིད་གཞུང་གི་བུ་ལོན་བཅད་གྲངས་ཐབས་ཤེས་དང་། བུ་ལོན་གཙང་བཤེར་དབྱེ་ཞིབ་དང་གཏན་འཁེལ་བྱེད་པ་དེ2014ལོའི་ལོ་འཇུག་ཏུ་ས་གནས་སྲིད་གཞུང་དང་།2015ལོནས་བཟུང་ས་གནས་སྲིད་གཞུང་གིས་ཁྲིམས་ཀྱི་གཏན་འཁེལ་ནང་བཞིན་སྲིད་གཞུང་གི་དངུལ་བུན་བཅད་གྲངས་ལས་བྱུང་བའི་སྲིད་གཞུང་གི་བུ་ལོན་དང་ཕྱི་རྒྱལ་གྱི་སྲིད་གཞུང་། རྒྱལ་སྤྱིའི་དངུལ་རྩའི་རྩ་འཛུགས་ཀྱི་དངུལ་བུན་ཁོངས་སུ་ཚུད་ཡོད། ས་གནས་སྲིད་གཞུང་ལ་བུ་ལོན་སྐྱེད་ཀ་འཇལ་བའི་འགན་འཁྲི་ཡོད། ཁྲིམས་ལྟར་སྲིད་གཞུང་གི་དངུལ་བུན་དེ་སྤྱིར་བཏང་གི་དངུལ་བུན་དང་ཆེད་སྤྱོད་དངུལ་བུན་རིགས་གཉིས་བགར་ཡོད། 

(18)སྲིད་གཞུང་དངུལ་བུན།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་དངུལ་བུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(རྒྱལ་སྤེལ་(2014)ཨང་43པ)གྱི་གཏན་འབེབས་ལྟར། རང་རྒྱལ་གྱི་ས་གནས་སྲིད་གཞུང་གི་དངུལ་བུན་དེ་སྤྱིར་བཏང་གི་བུ་ལོན་དང་ཆེད་སྤྱོད་བུ་ལོན་གཉིས་སུ་དབྱེ་ཡོད། སྤྱིར་བཏང་གི་དངུལ་བུན་ཞེས་པ་ནི་ཕན་ཆ་མེད་པའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གཡར་བ་དང་། གཙོ་བོ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱིས་འཇལ་བའི་སྲིད་གཞུང་གི་དངུལ་བུན་ལ་ཟེར་ཞིང་། ས་གནས་སྲིད་གཞུང་གིས་སྤྱིར་བཏང་གི་དངུལ་བུན་མ་དངུལ་བསྡུ་རུབ་བྱེད་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དོ་དམ་ནང་ཚུད་ཡོད། ཆེད་སྤྱོད་བུ་ལོན་ཞེས་པ་ནི་ཕན་ཆ་ངེས་ཅན་ཡོད་པའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གཡར་བ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའམ་ཡང་ན་ཆེད་སྤྱོད་ཡོང་འབབ་ཀྱིས་འཇལ་བའི་སྲིད་གཞུང་གི་དངུལ་བུན་ལ་ཟེར་ཞིང་། ས་གནས་སྲིད་གཞུང་གིས་ཆེད་སྤྱོད་བུ་ལོན་འགྲེམས་སྤེལ་བྱས་ནས་མ་དངུལ་བསྡུ་རུབ་བྱེད་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དོ་དམ་ནང་ཚུད་ཡོད། 

(19)བཅད་གྲངས་དོ་དམ། རང་རྒྱལ་གྱིས2015ལོ་ནས་བཟུང་ས་གནས་སྲིད་གཞུང་གི་དངུལ་བུན་བཅད་གྲངས་དོ་དམ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་སྤྲད་པའི་སྲིད་གཞུང་གི་དངུལ་བུན་བཅད་གྲངས་ནང་རྒྱལ་ཡོངས་དང་ཞིང་ཆེན་སྲིད་གཞུང་གི་བུ་ལོན་གྱི་ཚད་གྲངས་ཞིབ་བཤེར་གཏན་འབེབས་བྱས་པ་རེད། སྲིད་གཞུང་གི་དངུལ་བུན་ཚད་བཀག་ནི་ས་གནས་ཁག་གི་སྲིད་གཞུང་གི་དངུལ་བུན་ལྷག་གྲངས་དང་སྲིད་གཞུང་གི་དངུལ་བུན་གྲངས་ཚད་གསར་པ་གཏན་འཁེལ་བྱས་པའི་“གནམ་གཅལ”ཡིན། རིམ་པ་སོ་སོའི་སྲིད་གཞུང་གིས་དངུལ་བུན་བསྐྱི་བའི་དངུལ་གྲངས་དང་དངུལ་བུན་གྱི་ལྷག་གྲངས་ཚང་མ་ངེས་པར་དུ་བཅད་གྲངས་ནང་ཚོད་འཛིན་བྱ་དགོས། 

(20)གཞི་རིམ་གྱི་“འགན་སྲུང་གསུམ།” 《མཚོ་སྔོན་ཞིང་ཆེན་ས་གནས་ཀྱི་“འགན་སྲུང་གསུམ་”གྱི་འགན་ལེན་རྩིས་ཁྲའི་བརྡ་ཐོ》(མཚོ་སྔོན་ནོར་སྲིད་སྔོན་ཡིག(2022)ཨང89པ།)གཞི་རྩའི་དམངས་འཚོ་འགན་སྲུང་དང་། གླ་ཕོགས་འགན་སྲུང་། འཁོར་སྐྱོད་འགན་སྲུང་གི་འགྲོ་སོང་བཅས་ལ་ཟེར། ཡང་ན་ས་ཁུལ་ཁག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་འགྲོ་སོང་མ་རྩ་ཟུང་འབྲེལ་བྱས་ཏེ། ནོར་སྲིད་ཀྱི་ཐེག་ནུས་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐོ་འགོད་སྙན་སེང་ཞུས་ནས་མོས་མཐུན་ཐོབ་པའི“འགན་སྲུང་གསུམ”གྱི་འགན་ལེན་རྩིས་ཐོའི་ནང་གཞི་རྩའི་དམངས་འཚོ་འགན་ལེན། གླ་ཕོགས་འགན་ལེན་དང་འཁོར་སྐྱོད་འགན་ལེན་གྱི་འགྲོ་སོང་། དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་ངེས་ཀྱི་འགྲོ་སོང་བཅས་བཟོས་ཡོད། 

(21)“གཞུང་གསུམ་”གྲོན་དངུལ།  ལས་ཁུངས་ཀྱིས་ནོར་སྲིད་གྲོན་དངུལ་བཏང་བའི་ཐོག་ནས་བཀོད་སྒྲིག་བྱས་པའི་གཞུང་དོན་དུ་ཕྱི་རྒྱལ་(མངའ་ཁོངས་ཕྱི་)ལ་འགྲོ་བའི་གྲོན་དངུལ་དང་། གཞུང་དོན་རླངས་འཁོར་ཉོ་སྒྲུབ་དང་འཁོར་སྐྱོད་གྲོན་དངུལ་དང་གཞུང་དོན་སྣེ་ལེན་གྲོན་དངུལ་ལ་ཟེར། དེའི་ནང་ནས་གཞུང་དོན་དུ་ཕྱི་རྒྱལ(རྒྱལ་མཚམས་ནས་སྒྲོལ་བ)དུ་སྐྱོད་པའི་གྲོན་དངུལ་ནི་སྡེ་ཁག་ལས་བྱེད་མི་སྣས་གཞུང་དོན་དུ་ཕྱི་རྒྱལ(རྒྱལ་མཚམས་ནས་སྒྲོལ་བ)དུ་སྐྱོད་པའི་རྒྱལ་སྤྱིའི་ལམ་དངུལ་དང་། ཕྱི་རྒྱལ་གྱི་གྲོང་ཁྱེར་དབར་གྱི་འགྲིམ་འགྲུལ་འགྲོ་གྲོན། ཉལ་ཁང་གི་འགྲོ་གྲོན། ཟས་རིན། གསོ་སྦྱོང་འགྲོ་གྲོན། གཞུང་གི་འགྲོ་སོང་སོགས་ཀྱི་འགྲོ་གྲོན་ལ་ཟེར། གཞུང་སྤྱོད་རླངས་འཁོར་ཉོ་སྒྲུབ་དང་འཁོར་སྐྱོད་གྲོན་དངུལ་ཞེས་པ་ནི་ལས་ཁུངས་ཀྱིས་གཞུང་སྤྱོད་རླངས་འཁོར་ཉོ་སྒྲུབ་གྲོན་དངུལ་དང་། འབར་རྫས་གྲོན་དངུལ། ཞིག་གསོའི་གྲོན་དངུལ། ལམ་ཁྲལ་ཟམ་གྲོན། ཉེན་སྲུང་གྲོན་དངུལ། བདེ་འཇགས་བྱ་དགའི་གྲོན་དངུལ་སོགས་ཀྱི་འགྲོ་སོང་ལ་ཟེར། གཞུང་དོན་སྣེ་ལེན་གྲོན་དངུལ་ཞེས་པ་ནི་ལས་ཁུངས་ཀྱིས་གཏན་འབེབས་ལྟར་འགྲོ་སོང་བཏང་བའི་གཞུང་དོན་སྣེ་ལེན་འགྲོ་གྲོན་སྣ་ཚོགས་ལ་ཟེར། 

(22)“3030”གྱི་བྱ་བའི་སྒྲིག་གཞི། “བསྐྱོད་པ་གསུམ”(འབྲེལ་མཐུད་བྱ་བའི་དབང་གིས་ཕྱི་ལ་བསྐྱོད་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ལྟ་སྐུལ་དང་ཕན་འབྲས་འདྲི་རྩད་བྱེད་པ་བཅས་ལ་དམིགས་ཏེ་ཕྱི་རུ་སྐྱོད་པ་)ལ་དམིགས་ནས་ལས་ཀའི་སྤྱོད་ཚུལ་གྱི་གནད་དོན་གཅིག་ཀྱང་མེད་པ་ལ་ཟེར། “ཡོང་བ་གསུམ་”(ཉམས་མྱོང་དང་བྱེད་སྟངས་ནང་འདྲེན་བྱེད་པ་དང་། སློབ་སྲོལ་བརྟན་པོ་འཛུགས་པ། སྒྲིག་ཁྲིམས་དང་སྲོལ་ཀ་བརྟན་པོ་ཡོང་བ་བཅས་)ལ་དམིགས་ཏེ། མ་དངུལ་དོ་དམ་དང་བེད་སྤྱོད། ནོར་འཛོལ་གཅིག་ཀྱང་མེད་པར་བརྩོན་ལེན་བྱེད་དགོས།


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།