མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་
རྩོམ་གྲུབ་ཟླ་ཚེས། 0100-01-01 00:00:00
སྒྲོག་སྤེལ་དུས་ཚོད། 2023-04-04 14:01:22
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0100-01-01 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།(2022ལོའི་ཟླ7ཚེས1ཉིན་ནས་ཟླ9ཚེས30ཉིན་བར།)

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དོན་ཆེན་ཟིན་ཐོ།(2022ལོའི་ཟླ7ཚེས1ཉིན་ནས་ཟླ9ཚེས30ཉིན་བར།)

2023-04-04 14:01:22   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས། བཤེར་འབེབས། རྡོ་རྗེ་བྱམས།


ཟླ7ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་སོགས་ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་མུ་རུ་གཏེར་ཁུལ་དུ་སྙིགས་རིའི་གཞི་གཅིག་ཅན་གྱི་བཅོས་སྐྱོང་དང་། གནད་དོན་གྱི་རིས་དབྱིབས་བཅོས་སྒྲིག བཟོ་བཀོད་དངོས་པོ་བཤིག་པ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཕེབས་རོགས་བྱས་ནས་བརྟག་ཞིབ་གནང་། 

ཉིན་དེར། “གཞུང་ལམ་མཁོ་འཚོང”སྐབས་གཉིས་པའི་ལས་སྒོ་ཕྱེས་པ་དང་མཁོ་འཚོང་ཞིང་ཞོར་ཐོན་རྫས་འཚོང་སྐུལ་བྱེད་སྒོ་འཇུ་ལག་རྫོང་དུ་སྤེལ་ཞིང་། ཞིང་ཆེན་མཁོ་འཚོང་ཁང་མཉམ་ལས་མཉམ་འབྲེལ་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཀྲུའུ་ཞའོ་ཆིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུན་ཞུག་ཙུང་བཅས་གྲོས་ཚོགས་སུ་ཞུགས། 

ཟླ7ཚེས1ནས་ཚེས2ཉིན་བར། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་གིས་ནོར་སྲིད་པུའི་པུ་ཀྲང་གཞོན་པ་ཡུས་ཝེ་ཕིང་ལ་ཕེབས་རོགས་བྱས་ཏེ་ཡུལ་དངོས་སུ“མདེལ་གཉིས་སྐར་གཅིག”ཕུགས་འདུན་དད་སེམས་སློབ་གླིང་གི་འཁོར་སྐྱོད་གནས་ཚུལ་དང་། ཆོས་ལུགས་དགོན་སྡེའི་སྤྱི་ཚོགས་ཅན་གྱི་དོ་དམ། དགོན་སྡེའི་སྤྱི་བའི་ཞབས་ཞུ་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་། 

ཟླ7ཚེས4ཉིན། ཁུལ་ཡོངས་སུ་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་མཚོ་སྔོན་དུ་ཕེབས་པའི་ལས་དོན་ཚན་ཆུང་གི“ཕྱིར་མིག་ལྟ་བ”ལ་གཞོགས་འདེགས་བྱེད་པའི་ཞིབ་བཤེར་དང་ལེན་བཀོད་སྒྲིག་གྲོས་ཚོགས་དང་སྤྱང་ཚང་གཏེར་དོང་དང་པོའི་ས་ངོས་སྐྲུན་དངོས་བཤིག་པའི་ལས་དོན་ལ་སྐུལ་འདེད་བྱེད་པའི་གྲོས་ཚོགས་འཚོགས་ཤིང། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས། ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

ཉིན་དེར། མི་རིགས་ཀྱི་གླུ་གར་ཆེ་གྲས“མཐིང་མདོག་གི་གསེར་དངུལ་ཐང”ལ་ནུབ་མཚོ་གྲོང་རྡལ་དུ་ཆེད་མཁས་པས་ཞིབ་བཤེར་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་དང་། ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས། 

ཟླ7ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནས་མཚོ་བྱང་ལུའུ་ཆིང་གི་དགེ་རྒན་དང་སྨན་པ་གྲགས་ཅན་གྱི་གསོ་རིག་ལས་དོན་ཁང་གི་སྒོ་བྱང་སྤྲོད་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ཧ་ཝུན་ཞུག་མཛད་སྒོར་ཞུགས། 

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་སྤྱང་ཚང་གཏེར་དོང་དང་པོའི་ཕྱོགས་བསྡུས་བཅོས་སྐྱོང་གི་འབྲེལ་ཡོད་ལས་དོན་གྱི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་མཚོ་བྱང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་གནད་དུ་བྱས་ནས། མཚོ་བྱང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཀྱི་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་གཙོ་སྐྱོང་གནང་། 

ཟླ7ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་བཅས་པར་ཕེབས་རོགས་བྱས་ཏེ། འཇུ་ལག་རྫོང་དུ་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཡུལ་དངོས་ཀྱི་མང་ཚོགས་ལ་འཚམ་འདྲི་བྱས། 

ཟླ7པའི་ཚེས7ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཐེངས19པ་དང་རྒྱུན་ལས་གྲོས་ཚོགས་ཐེངས19པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། མཱ་རུའུ་ཞང་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་ལན་ཀྲུ་གྲོང་ཁྱེར་དུ“ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོར”ཞུགས། 

ཟླ7ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཁུལ་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་དོན་གྲོས་ཚོགས་དང་། ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཞི་བ་གཙོ་སྐྱོང་གནང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་གྲོས་ཚོགས་སུ་ཞུགས། 

ཟླ7ཚེས12ཉིན། མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་བྱེད་པའི་བོད་ལུག་ཁྲི10ཡི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞིའི་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་མཚོ་སྔོན་ཡུན་ཞིན་དངོས་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་ལས་འཛིན་དཔོན་དབྱང་ཙུའོ་ཡུན་དང་མཉམ་དུ་གན་རྒྱ་བཞག

ཟླ7ཚེས13ཉིན། སྤྱང་ཚང་གཏེར་དོང་དང་པོའི་ས་ངོས་བསྐྲུན་པའི(སྒྲིག)དངོས་པོ་བཤིག་པའི་ལས་དོན་གྱི་ཆེད་དོན་སྐུལ་སྤེལ་གྲོས་ཚོགས་འཚོགས་ཤིང། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གཙོ་སྐྱོང་གནང་ལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་མཱ་རུའུ་ཞང་གྲོས་ཚོགས་སུ་ཞུགས། 

ཟླ7ཚེས14ཉིན། མཚོ་བྱང་ཁུལ་འཇུ་ལག་འབྲུབ་འགོག་དངོས་འཐབ་འཚུབ་བསྟུན་འཁྲབ་སྦྱོང་འཇུ་ལག་རྫོང་དུ་སྤེལ། ཞིང་ཆེན་འཚུབ་བསྟུན་དོ་དམ་ཐིང་གི་ཐིང་ཀྲང་གཞོན་པ་དང་ཞིང་ཆེན་འབྲུབ་འགོག་བཀོད་འདོམས་པུའི་དྲུང་ཡིག་ཆེན་མོ་བ་ཀུའོ་ཞན་ཧྲི་ཕེབས་ནས་མཛུབ་ཁྲིད་དང་དཔྱད་བརྗོད་གནང་ཞིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཨ་ཁྱུང་གིས་འཁྲབ་སྦྱོང་ལ་བཀོད་འདོམས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་། 

ཟླ7ཚེས14ནས་ཚེས16ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་མདོ་ལ་རྫོང་དུ་ཕེབས་ཏེ་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། གྲོང་གསེབ་དར་སྤེལ་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་བ་ཝང་ཡུང་ཁྲང་གིས་ཕེབས་རོགས་བྱས། 

ཟླ7ཚེས15ཉིན། ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་བཀོད་སྒྲིག་གྲོས་ཚོགས་འཚོགས་ཤིང། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཡིག་ཆ་གསལ་འགྲེལ་ཡང་གནང་ལ། འབྲེལ་ཡོད་ཁུལ་རིམ་པའི་མགོ་ཁྲིད་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཧྲེང་ཀྲང་གཞོན་པ་ལིའུ་ཁྲའོ་ལ་ཕེབས་རོགས་བྱས་ཏེ་མུ་རུ་གཏེར་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ལ་བརྟག་ཞིབ་གནང་། 

ཟླ7ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཟི་ལིང་དུ་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་མཚོ་སྔོན་དུ་ཕེབས་པའི་ལས་དོན་ཚན་ཆུང་གི“ཕྱིར་མིག་ལྟ་བའི”སྙན་ཞུའི་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་མཚོ་བྱང་ཁུལ་གྱི“གཉིས་འཕྲི”བྱ་བའི་མཐུན་སྦྱོར་ལམ་སྲོལ་གྱི་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་རྩ་འཛུགས་བྱས་ཏེ། མཚོ་བྱང་ཁུལ་གྱི་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་བཅོས་སྐྱོང་ལས་དོན་གྱི་སྐུལ་འདེད་གྲོས་ཚོགས་བསྡུས། 

ཟླ7ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་མཚོ་སྔོན་དུ་ཕེབས་པའི་ལས་དོན་ཚན་ཆུང་ལ་ཕེབས་རོགས་བྱས་ཏེ། སྤྱང་ཚང་གཏེར་དོང་དང་པོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱས། 

ཉིན་དེར། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་མཚོ་སྔོན་པོ་སྐོར་བའི(རྒྱལ་སྤྱི)གློག་སྒུལ་རླངས་འཁོར་འགྲན་སློང་འགྲན་བསྡུར་སྐབས་དགུ་བའི་མཚོ་བྱང་དུམ་བུའི་ལས་དོན་བཀོད་སྒྲིག་གི་གྲོས་ཚོགས་བསྡུས། 

ཟླ7ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཡིས་ཁུལ་སྲིད་གཞུང་ཏང་ཙུའུ་གྲོས་ཚོགས་ཐེངས20པ་དང་རྒྱུན་ལས་གྲོས་ཚོགས་ཐེངས20པ་གཙོ་སྐྱོང་གནང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་། ཚའོ་ཅི་ཆང་། མཱ་རུའུ་ཞང་། ཧ་ཝུན་ཞུག་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཀྲུང་དབྱང་གི་མཚོ་སྔོན་དུ་ཕེབས་པའི་ལས་དོན་ཚན་ཆུང་གི་ཚན་ཆུང་བཞི་བ་འཇུ་ལག་རྫོང་དུ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུན་ཞུག་ཙུང་གིས་ལྷན་དུ་བརྟག་ཞིབ་གནང་རོགས་བྱས། 

ཟླ7ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་མགོ་རྩོམ་མཛད་སྒོ་དང་གཅིག་སྡུད་མིང་རྟགས་འགོད་པའི་མཛད་སྒོར་ཞུགས། 

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་འབྲེལ་ཡོད་འགན་ཁུར་བློ་མཐུན་རྩ་འཛུགས་བྱས་ནས། མི་རིགས་ཀྱི་གླུ་གར་ཆེ་གྲས“མཐིང་མདོག་གི་གསེར་དངུལ་ཐང”གི་འབྲེལ་ཡོད་དོན་ཚན་ལ་གྲོས་བསྡུར་བྱེད་པའི་གྲོས་ཚོགས་བསྡུས། 

ཉིན་དེར། ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་གཟིགས་པ་ཀོན་ཀྲའོ་ཆོན་གྱིས་སྣེ་ཁྲིད་པའི“མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”ཡི་ཧྲན་ཏུང་ཞིང་ཆེན་གྱི་འཐུས་མི་ཚོགས་པ་མཚོ་བྱང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང། ཁུལ་གྱི་མགོ་ཁྲིད་རྡོ་རྗེ་དང་དབྱང་ཧེ་ལུང་། ཁྲེན་ཏུང་ཁྲང་། ཀྲའོ་ཆིང་ཕིང་། ཨ་ཁྱུང་། དབྱིན་མོ་ཝུན། ཧ་ཝུན་ཞུག  ལུང་ཡུང་ཧྲེང་བཅས་ཀྱིས་ཕེབས་རོགས་བྱས། 

ཟླ7ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་མཚོ་བྱང་གི་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་ཡང་ཞུགས། 

ཟླ7ཚེས25ཉིན། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ལོ་སྟོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལས་དོན་གྲོས་ཚོགས་དང་སྤྱོད་ཚུལ་འཛུགས་སྐྲུན་གྱི་ལས་དོན་གྲོས་ཚོགས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་རྡོ་རྗེ་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་མཱ་ཁྲེང་ཧྥེང་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་དཔྱད་བརྗོད་གསུང་བཤད་ཀྱང་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་དང་མཱ་རུའུ་ཞང་གྲོས་ཚོགས་སུ་ཞུགས། 

ཟླ7ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་མདའ་བཞི་རྫོང་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས། 

ཉིན་དེར། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ཞིབ་འཇུག་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས། 

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་རྒྱལ་སྲིད་སྤྱི་ཁྱབ་ཁང་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་ཚན་ཆུང་དང་མཉམ་དུ། འཇུ་ལག་རྫོང་དུ་རྒྱལ་ཡོངས་ཀྱི་ན་སོ་མ་སྨིན་པའི་མི་སྲུང་སྐྱོང་དཔེ་སྟོན་རྫོང་གི་དཔྱད་ཞིབ་རྩིས་ལེན་ལས་དོན་སྤེལ་བར་ཕེབས། 

ཟླ7ཚེས27ཉིན། ཁུལ་ཡོངས་ཀྱི་ཁག་བཞི་བ་དང་ལྔ་བའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་བསུ་སྐྱེལ་བྱེད་པའི་ཚོགས་ཆེན་ཟི་ལིང་དུ་འཚོགས། རྡོ་རྗེ་དང་ཁྲེན་ཏུང་ཁྲང་། དཔལ་རྒྱལ་བཀྲ་ཤིས། དབྱང་ཧེ་ལུང་། ཀྲའོ་ཆིང་ཕིང་། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། ཨ་ཁྱུང་བཅས་གྲོས་ཚོགས་སུ་ཞུགས། 

ཟླ7ཚེས28ཉིན། ཞིང་ཆེན་ཏང་ཨུས་མཚོ་སྔོན་ཞིང་ཆེན་གྱི་ཁག་བཞི་བ་དང་ཁག་ལྔ་བའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བསུ་སྐྱེལ་ཚོགས་ཆེན་བསྡུས་ཤིང། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་ཟི་ལིང་དུ་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲའོ་ཆིང་ཕིང་གིས་ལོ་གསུམ་གྱི་མཚོ་སྐྱོར་ལས་འགན་མཇུག་བསྡུས་ནས་ཧྲན་ཏུང་ཞིང་ཆེན་དུ་ཕྱིར་ལོག

ཟླ7ཚེས29ཉིན། ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་དང་འབྲེལ་ལས་དོན་བརྡ་ཁྱབ་བྱས། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་དང་ཧ་ཝུན་ཞུག་གྲོས་ཚོགས་སུ་ཞུགས་ལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་བ་ཝང་ཡུང་ཁྲང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུའུ་བདུན་ཅུ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་ཡུང་ཧྲེང་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་རྐང་ཚ་རྫོང་དུ་སོང་ནས་ཁུལ་ཡོངས་ཀྱི་བྱི་ནད་དང་པྲོག་གསར་གློ་ནད་འགོག་སྡོམ་འཚུབ་བསྟུན་ཐག་གཅོད་ཀྱི་དངོས་འཐབ་འཁྲབ་སྦྱོང་དུ་ཞུགས། 

ཟླ8ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་རྡོ་རྗེ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན“བརྒྱད་གཅིག”དམག་འཛུགས་དུས་ཆེན་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས། 

ཟླ8ཚེས4ཉིན། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཞིང་ཆེན་གྱི་རང་བསྐྲུན་ཁང་པའི་བདེ་འཇགས་ཀྱི་བྱུར་རྐྱེན་གྲལ་བཤེར་དང་ཆེད་དོན་བཅོས་སྒྲིག་ལྟ་ཞིབ་ཚན་ཆུང་ལྔ་བ་འཇུ་ལག་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་ཕེབས་རོགས་བྱས། 

ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཁུལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་བསྡུས། 

ཟླ8ཚེས5ཉིན། ནུབ་མཚོ་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་ཕྱོགས་བསྡུས་ཞབས་ཞུ་དང་སྣུམ་སྣོན་ས་ཚིགས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གྲོས་ཚོགས་སུ་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྲོས་ཚོགས་སུ་ཞུགས། 

ཟླ8ཚེས9ཉིན། སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས23པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རུང་ཧུང་ཀྲི། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་བཅས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་འབྲེལ་ཡོད་གྲོས་དོན་བརྒྱུད་སྒྲོག་བྱས། 

ཉིན་དེར། ཁུལ་སྲིད་གཞུང་གིས་རྐང་ཚ་ཆུ་ཁོལ་གྱི་སྟོང་ཧྥུ330གཅིག་སྡུད་ས་ཚིགས་དང་གློག་སྐུད་འཐེན་ལམ་བཟོ་སྐྲུན་ལ་བཤེར་མཆན་འགོད་པའི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྲོས་ཚོགས་སུ་ཞུགས། 

ཟླ8ཚེས10ཉིན། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་གིས་ཧྲེང་ཀྲང་གཞོན་པ་ལི་ཧུང་ཡ་དང་མཉམ་དུ་མདོ་ལར་བརྟག་ཞིབ་གནང་བར་ཕེབས། 

ཟླ8ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཐེངས21གཙོ་སྐྱོང་གནང་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རུང་ཧུང་ཀྲི། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་། མཱ་རུའུ་ཞང་བཅས་གྲོས་ཚོགས་སུ་ཞུགས། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས། 

ཉིན་དེར། “མཉམ་འདྲེས་དང་གསར་གཏོད། འཕེལ་རྒྱས། མཐུན་སྒྲིལ། འཆམ་མཐུན”བཅས་བརྗོད་དོན་གཙོ་བོར་ཡིན་པའི་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁུལ(གྲོང་ཁྱེར)དཔོན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་བདུན་པ་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་ཡིས་གཏམ་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་བྱེད་སྒོ་རབ་དང་རིམ་པར་ཞུགས། 

ཟླ8ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཤ་བོ་སྐྱབས “རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་གླེང་སྟེགས་སུ་ཞུགས། 

ཟླ8ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རུང་ཧུང་ཀྲི་ཁུལ་ཨུའི་དམག་མིའི་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་ཨུས་རྒྱུན་ཨུའི(རྒྱས་འཛོམས)གྲོས་ཚོགས་ཐེངས24པ་དང་མཚོ་བྱང་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་དབྱེ་ཞིབ་བརྡར་གཅོད་གྲོས་ཚོགས་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རུང་ཧུང་ཀྲི་དང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་དང་ཚའོ་ཅི་ཆང་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་རྐང་ཚ་རྫོང་དུ་ཕེབས་ཏེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་སུ་ཞུགས། 

ཟླ8ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རུང་ཧུང་ཀྲི་ཡིས་ཧྲན་ཏུང་ཞིང་ཆེན་གྱི་མཚོ་བྱང་རོགས་སྐྱོར་ཚན་ཆུང་གི་རོགས་སྐྲུན་རྣམ་གྲངས་ཀྱི་ཕྱོགས་སྡོམ་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས། 

ཟླ8ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཤ་བོ་སྐྱབས(མུ་རུ་གཏེར་ཁུལ)སྤྱང་ཚང་གཏེར་དོང་དང་པོ་དང་། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་བྱང་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རུང་ཧུང་ཀྲི་ཁུལ་དམངས་ཆེན་ཀྱིས་ལས་གནས་སུ་བསྐོ་གྲབས་ཡོད་པའི་ལས་བྱེད་པའི་རྩ་ཁྲིམས་དམ་འཇོག་མཛད་སྒོ་དང་འགན་མ་འཁུར་སྔོན་གྱི་བཅའ་ཁྲིམས་ཤེས་བྱའི་ཡིག་རྒྱུགས་ལེན་པར་ཞུགས།

ཟླ8ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཤ་བོ་སྐྱབས་མདའ་བཞི་རྫོང་དུ་རིམས་ནད་འགོག་སྡོམ་ལས་དོན་ལ་ཞིབ་བཤེར་གནང་བར་ཕེབས་ལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཕེབས་རོགས་གནང། 

ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཁུལ་ཡོངས་ཀྱི་ལྐོག་འཚོང་ལ་རྡུང་རྡེག་གཏོང་བའི་བཅོས་སྒྲིག་མཉམ་འབྲེལ་གྲོས་ཚོགས་བསྡུས། 

ཉིན་དེར། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་མཚོ་བྱང་ཁུལ་གྱི་གྲོང་གསེབ་དངུལ་ཁང་འབྲིང་ཆུང་གི་ཉེན་ཁ་སྔོན་འགོག་ལས་དོན་གྱི་ཆེད་དོན་གྲོས་ཚོགས་སུ་ཞུགས། 

ཟླ8ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་རུང་ཧུང་ཀྲི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”དང་གཙོ་གནད་ལས་དོན་སྐུལ་སྤེལ་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས། 

ཟླ8ཚེས20ཉིན། ཁུལ་ཡོངས་ཀྱི་འབྲུབ་འགོག་གྲོས་མོལ་དང་བརྡར་གཅོད་གྲོས་ཚོགས་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང། 

ཟླ8ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་རིག་གནས་གནས་སྐོར་པུའི་པུ་ཀྲང་ཧུའུ་ཧོ་ཕིང་དང་མཉམ་དུ་མཚོ་སྐོར་བྱང་ངོགས་ཀྱི་གནས་སྐོར་ཚོང་ར་ཚད་ལྡན་བཅོས་སྒྲིག་བྱས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས། 

ཉིན་དེར། བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱེད་པའི“མི་རུལ་བ་གསུམ”གྱི་ལས་དོན་གཞི་གཅིག་ཏུ་སྐུལ་སྤེལ་གཏིང་ཟབ་བྱེད་པའི་ཁུལ་ཡོངས་ཀྱི་བརྙན་ལམ་གྲོས་ཚོགས་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་ལ། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང། 

ཉིན་དེར། ཚེ་ཐར་རྡོ་སོལ་གཏེར་ཁུངས“8·14”ཡི་བྱེ་མ་དང་འདམ་རུལ་གྱི་ལས་འཛོལ་ཚབས་ཆེན་གྱི་ཉེན་བརྡའི་སློབ་གསོའི་གྲོས་ཚོགས་དང་། ཁུལ་ཡོངས་ཀྱི་བདེ་འཇགས་དོགས་ཟོན་ལས་དོན་གྱི་བརྙན་ལམ་གྲོས་ཚོགས་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང། 

ཟླ8ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཁུལ་ཡོངས་ཀྱི་འབྲུབ་འགོག་དང་རིམས་འགོག མཚོ་སྐོར་གནས་སྐོར་ཚོང་ར་ཚད་ལྡན་བཅོས་སྒྲིག་ལས་དོན་གྲོས་ཚོགས་སུ་ཞུགས། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་ཡང་གྲོས་ཚོགས་སུ་ཞུགས། 

ཟླ8ཚེས24ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཐེངས22པ་དང་རྒྱུན་ལས་གྲོས་ཚོགས་ཐེངས21པ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང། ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་དང་ཨ་ཁྱུང་། དབྱིན་མོ་ཝུན། ལི་ཞང་ཏུང་། ཚའོ་ཅི་ཆང་བཅས་གྲོས་ཚོགས་སུ་ཞུགས་ལ། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས། 

ཉིན་དེར། མཚོ་བྱང་ཁུལ་གྱི་ནད་ཀྱིས་ཤི་བའི་སྒོ་ཟོག་ཁྱིམ་བྱ་དང་ནད་ཕོག་པའི་སྒོ་ཟོག་ཁྱིམ་བྱའི་ཐོན་རྫས་གནོད་མེད་ཅན་དུ་ཐག་གཅོད་པའི་ཚོད་ལྟའི་ལས་དོན་གྱི་སྐུལ་སྤེལ་ཆེད་དོན་གྲོས་ཚོགས་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ལ། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་གྲོས་ཚོགས་སུ་ཞུགས། 

ཟླ8ཚེས25ཉིན། ཁུལ་རིམས་འགོག་འབྲུབ་འགོག་ལས་དོན་གྱི་རྟོག་འདོམ་སྐུལ་སློང་གྲོས་ཚོགས་འཚོགས། ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་སྐུལ་སློང་བཀོད་སྒྲིག་གནང་ཞིང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ལས་དོན་བཀོད་སྒྲིག་གནང་། 

ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་མདའ་བཞི་རྫོང་གི་རིམས་ནད་འགོག་སྡོམ་ཞིབ་བཤེར་འགག་སྒོར་ཕེབས་ནས་ལས་སྒྲུབ་མི་དམངས་ཉེན་རྟོག་པར་ཞིབ་བཤེར་དང་འཚམ་འདྲི་གནང་། 

ཉིན་དེར། ལུའུ་ཞུན་རྩོམ་རིག་བྱ་དགའ་སྐབས་བརྒྱད་པ་ཡོངས་བསྒྲགས་བྱས་པ་དང་། མཚོ་བྱང་ཁུལ་གྱི་འབྲོག་པ་རྩོམ་པ་པོ་བསོད་ནམས་ཚེ་རིང་ལ་བྱ་དགའ་ཐོབ་ཅིང་། མཚོ་སྔོན་ཞིང་ཆེན་དུ་བྱ་དགའ་དེ་ཐོབ་མཁན་ཐོག་མར་གྱུར། 

ཟླ8ཚེས26ཉིན། ཁུལ་གྱི་རིམས་ནད་འགོག་སྡོམ་བཀོད་འདོམས་པུས་ལས་དོན་གྲོས་ཚོགས་བསྡུས་ནས། ཁུལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་གཡུ་སྒྲོན་མཚོ་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། ཚའོ་ཅི་ཆང་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའི་སྤྱི་ཚོགས་ངོས་ཀྱི་འགོག་སྡོམ་ཚན་ཆུང་གི་ལས་དོན་བཀོད་སྒྲིག་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས།

ཟླ8ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གཉིས་མཉམ་དུ་ཁུལ་སྤྱི་བདེ་ཅུ་དང་རིམས་འགོག་ལྟེ་གནས། སྨན་ཁང་བཅས་ལ་འཚམ་འདྲིར་ཕེབས་ཤིང་། མདའ་བཞི་རྫོང་གི་སྐོར་སྐྱོད་ཚན་ཆུང་གི་ཆེད་མཁས་པར་འཚམ་འདྲི་གནང་བ་དང་། བོན་རྒྱ་ཕྱུགས་ར་དང་མདའ་བཞི་ཚོ་བ་གཉིས་ཀྱི་གཅིག་སྡུད་ལོགས་བཀར་ས་ཚིགས་ལ་གཟིགས་ཞིབ་གནང་། 

ཉིན་དེར། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་འབྲུབ་འགོག་བརྙན་ལམ་བཀོད་གཏོང་གི་གྲོས་ཚོགས་བསྡུས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་བཀོད་འདོམས་དཔོན་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་བརྙན་ལམ་བརྒྱུད། རྫོང་བཞིའི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་དྲག་ཆར་འབབ་པའི་གནས་ཚུལ་ལ་ཁ་གཏད་གཅོག་པར་བཀོད་སྒྲིག་བྱས། 

ཟླ8ཚེས29ཉིན། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ཁུལ་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་ཟོག་ཞལ་འདེབས་འབུལ་བའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ་ལ། མཚོ་སྐྱོར་ལས་བྱེད་པ་ཁག་ལྔ་བའི་རུ་སྣེ་ཁྲིད་མཁན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་རོགས་སྐྱོར་བྱེད་མཁན་ཕྱོགས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་མཛད་སྒོར་གཙོ་སྐྱོང་གནང་ལ། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་མཛད་སྒོར་ཞུགས། 

ཟླ8ཚེས30ཉིན། ཁུལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། བཀོད་འདོམས་དཔོན་ཤ་བོ་སྐྱབས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་། རྒྱུན་ལས་བཀོད་འདོམས་དཔོན་གཞོན་པ་དབྱང་ཧའེ་ལུང་དང་ཨ་ཁྱུང་། དབྱིན་མོ་ཝུན་བཅས་དང་། བཀོད་འདོམས་དཔོན་གཞོན་པ་གཡུ་སྒྲོན་མཚོ་དང་ཚའོ་ཅི་ཆང་། ཧ་ཝུན་ཞུག་བཅས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་མཚོ་བྱང་ལས་དོན་ཚན་ཆུང་གི་ཚན་གཙོ་ཝང་ཡུང་བཅས་གྲོས་ཚོགས་སུ་ཞུགས་ནས་མཛུབ་ཁྲིད་གནང་། 

ཉིན་དེར། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་མཚོ་བྱང་ལས་དོན་ཚན་ཆུང་གིས་ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའི་དབྱེ་ཞིབ་དང་བརྡར་གཅོད་གྲོས་མོལ་ཚོགས་འདུ་རྩ་འཛུགས་བྱས་ནས་བསྡུས།

ཟླ9ཚེས1ཉིན། ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའི་ཆེད་དོན་གྲོས་ཚོགས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་། ཁུལ་གྱི་མགོ་ཁྲིད་དབྱང་ཧའེ་ལུང་དང་གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ཨ་ཁྱུང་། སངས་འབུམ། ལི་ཞུས་ཀྲེན། དབྱིན་མོ་ཝུན། ལི་ཞང་ཏུང་། ཚའོ་ཅི་ཆང་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་གྱི་བརྙན་ལམ་གྲོས་མོལ་བཀོད་གཏོང་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། 

ཟླ9ཚེས2ཉིན། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་ཁུལ་ཡོངས་ཀྱི་འབྲུབ་འགོག་གྲོས་མོལ་གྱི་བརྙན་ལམ་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་དཔོན་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། 

ཟླ9ཚེས3ཉིན། ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་ལས་དོན་བཀོད་སྒྲིག་གི་བརྙན་ལམ་བཀོད་གཏོང་གྲོས་ཚོགས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གྲོས་ཚོགས་སུ་ཕེབས་པ་དང་འབྲེལ་གསུང་བཤད་གནང་ཞིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གྲོས་ཚོགས་སུ་ཞུགས། 

ཟླ9ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས25པར་ཞུགས། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་ཟུར་ཞུགས་བྱས། 

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་ཧྲན་ཏུང་ཞིང་ཆེན་གྱི་མཚོ་བྱང་མཚོ་སྐྱོར་ཚན་ཆུང་གི“ཚོགས་སྒྲིག་རྣམ་པའི”མཚོ་སྐྱོར་སློབ་གསོའི་ལས་དོན་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས།

ཟླ9ཚེས6ཉིན། ཁུལ་སྲིད་གཞུང་གིས2021ལོའི་ལོ་འཁོར་གྱི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་སྒོ་གཞན་དག་གི་རྩིས་བཤེར་མཚོ་བྱང་དང་འབྲེལ་བའི་གནད་དོན་དག་ཐེར་ལས་དོན་ལ་སྐུལ་སྤེལ་བྱེད་པའི་གྲོས་ཚོགས་བསྡུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གྲོས་ཚོགས་སུ་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ལ། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་དང་མཱ་རུའུ་ཞང་གྲོས་ཚོགས་སུ་ཞུགས། 

ཟླ9ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཁུལ་ཡོངས་ཀྱི“ཉེན་ཁའི་བྱུར་རྐྱེན་གྲལ་བཤེར་ཆེན་པོ་དང་། འགལ་ཟླ་རྩོད་གཞི་འདུམ་འགྲིག་ཆེན་པོ། བདེ་འཇགས་ཁོར་ཡུག་བཅོས་སྒྲིག་ཆེན་པོ”བཅས་ཀྱི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་སུ་ཞུགས། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གྲོས་ཚོགས་སུ་ཞུགས། 

ཟླ9པའི་ཚེས8ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཐེངས23པ་དང་རྒྱུན་ལས་གྲོས་ཚོགས་ཐེངས22པ་འཚོགས། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ཞིང་། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་། ཚའོ་ཅི་ཆང་། མཱ་རུའུ་ཞང་། ཧ་ཝུན་ཞུག་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། མཚོ་བྱང་ཁུལ་གྱིས་དགེ་རྒན་ལ་འཚམ་འདྲིའི་བྱེད་སྒོ་སྤེལ་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་དཔོན་གཞོན་པ་ཚའོ་ཅི་ཆང་དང་ཧ་ཝུན་ཞུག་བཅས་སོ་སོར་རྫོང་བཞིར་ཕེབས་ནས་དགེ་རྒན་རྣམས་ལ་འཚམ་འདྲི་བྱས། 

ཉིན་དེར། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའི་གྲོས་མོལ་གྲོས་ཚོགས་དང་ཟླ་མཆོད་དུས་ཆེན་རིང་གི་རིམས་ནད་འགོག་སྡོམ་བཀོད་སྒྲིག་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས།

ཟླ9ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་མདོ་ལ་རྫོང་དུ་དགེ་རྒན་དུས་ཆེན་སྔོན་ལ་འཚམ་འདྲི་དང་འཐབ་ས་དང་པོའི་རིམས་འགོག་ལས་དོན་མི་སྣའི་འཚམ་འདྲིའི་ལས་དོན་སྤེལ་ཞིང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ། དམར་པོའི་སློབ་གསོའི་ལས་དོན་བཅས་ལ་བརྟག་ཞིབ་གནང་། 

ཟླ9ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཟི་ལིང་དུ་ཕེབས་ཏེ་ཟི་ལིང་མེ་འཁོར་འབབ་ཚུགས་དང་གནམ་གྲུ་ཐང་དུ་བཅའ་སྡོད་བྱས་པའི་མཚོ་བྱང་ཁུལ་གྱི་ལས་དོན་ཆེད་སྒྲུབ་མི་སྣར་འཚམ་འདྲི་གནང་། 

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཁུལ་འཚུབ་བསྟུན་དོ་དམ་ཅུའི་བརྙན་ལམ་ཚོགས་ཁང་དུ། ཁུལ་ཡོངས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་བཀོད་གཏོང་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས།

ཟླ9ཚེས13ཉིན། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཁུལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཆབ་སྲིད་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧེ་ལུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། 

ཟླ9ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས“7•25”གཟིགས་མཆན་འགོད་པའི་དགོངས་དོན་དོན་འཁྱོལ་ལས་དོན་གྱི་ཆེད་དོན་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་ཀྱི་འཇུ་ལག་ཚོམས་ཆེན་གཉིས་པར། ཁུལ་ཡོངས་ཀྱི་སྲིད་གཞུང་དྲ་ཚིགས་དང་སྲིད་དོན་སྨྱན་སྦྱོར་གསར་པའི་ལས་དོན་སྐུལ་སྤེལ་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས།

ཟླ9ཚེས15ཉིན། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་རྐང་ཚ་རྫོང་དུ་ཕེབས་ནས། རིམས་ནད་འགོག་སྡོམ་ཞིབ་བཤེར་ས་ཚིགས་སུ་བརྟག་ཞིབ་དང་འཚམ་འདྲི་གནང་། 

ཟླ9ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་ནུབ་མཚོ་གྲོང་རྡལ་དུ་གསོ་སྦྱོང་ཆེན་པོ་རབ་དང་རིམ་པ་བྱེད་མགོ་ཚུགས་པའི་ལས་དོན་གྲོས་མོལ་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས།

ཉིན་དེར། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གཉིས་ཀྱིས་ཚེ་ཐར་རྡོ་སོལ་གཏེར་ཁ་བསྐྱར་འདོན་ལས་དོན་གྱི་ཐོན་སྐྱེད་སླར་གསོ་བྱེད་པའི་ཆེད་དོན་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས།

ཉིན་དེར། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཧྲུའུ་ཅི་རྡོ་རྗེ་ལ་ཕེབས་རོགས་བྱས་ཏེ། མཚོ་ལྷོ་ཁུལ་དུ་མཚོ་སྐོར་ས་ཁུལ་གྱི་གནས་སྐོར་ཚོང་རའི་ཟང་ཟིང་རྣམ་པ་བཅོས་སྒྲིག་གི་གནས་ཚུལ་ལ་རྟོག་ཞིབ་བྱས། 

ཉིན་དེར། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་རྒྱལ་ཡོངས་ཀྱི་སྟོན་དགུན་དུས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ནང་ཞུགས་ཤིང་། དེ་ནས་ཁུལ་ཡོངས་ཀྱི་སྟོན་དགུན་དུས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་བཀོད་སྒྲིག་བྱས། 

ཟླ9ཚེས19ཉིན། སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས26པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་། མཱ་རུའུ་ཞང་། ཧ་ཝུན་ཞུག་དང་། ཁུལ་རིམ་པའི་མགོ་ཁྲིད་གཞན་དག་བཅས་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པའི་གཞུང་ལུགས་བགྲོ་གླེང་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་། མཱ་རུའུ་ཞང་། ཧ་ཝུན་ཞུག་དང་། ཁུལ་རིམ་པའི་མགོ་ཁྲིད་གཞན་དག་བཅས་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་མེ་འགོག་བདེ་འཇགས་ཨུ་ལྷན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་བཞི་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་མེ་འགོག་བདེ་སྲུང་ལས་དོན་བཀོད་སྒྲིག་གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་མེ་འགོག་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། 

ཟླ9ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། ཉམས་གསོའི་ཚོད་ལྟའི་རྣམ་གྲངས་ཀྱི་ལས་དོན་སྙན་ཞུའི་གྲོས་ཚོགས་བསྡུས་ཏེ་གཙོ་སྐྱོང་གནང་ལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་། མཱ་རུའུ་ཞང་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་མཚོ་བྱང་ཁུལ་གྱི2022ལོའི་སྡེ་ཁུལ་ཡོ་བསྲང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པ་དང་། “འདུམ་འགྲིག་གསུམ་མཉམ་འགུལ”གྱི་འདུམ་འགྲིག་ཆེན་མོའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་བརྙན་ལམ་གྲོས་ཚོགས་བསྡུས་ཏེ་གཙོ་སྐྱོང་གནང་། 

ཟླ9ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་འཕེལ་རྒྱས་ཚོགས་ཆེན་དུ་ཞུགས་རྗེས་ཁུལ་ཡོངས་ཀྱི་སྤུས་ཚད་འཕེལ་རྒྱས་ཚོགས་ཆེན་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཞིང་ཧུའེ་དང་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་ཡུང་ཧྲེང་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ལས་དོན་གྱི་སྐུལ་སྤེལ་གྲོས་ཚོགས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་དང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་དང་མཱ་རུའུ་ཞང་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་དྲ་ཐོག་ཚོང་དོན་ཐད་གཏོང་གསོ་སྦྱོང་མགོ་ཚུགས་གྲོས་ཚོགས་ཀྱི་གྲོས་མོལ་གྲོས་ཚོགས་རྩ་འཛུགས་བྱས་ཏེ་བསྡུས། 

ཟླ9ཚེས22ཉིན། ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་གྲོས་ཚོགས་སུ་ཞུགས་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། མཱ་རུའུ་ཞང་། ཧ་ཝུན་ཞུག་དང་། ཁུལ་རིམ་པའི་མགོ་ཁྲིད་གཞན་དག་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་གཉིས་པུ་དང་ཞིང་ཆེན་གྱིས་ཐུན་མོང་ཐོག་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུར་སྐུལ་སྤེལ་བྱེད་པའི་བརྙན་ལམ་གྲོས་ཚོགས་སུ་ཞུགས།

ཟླ9ཚེས23ཉིན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ། ཁུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཤ་བོ་སྐྱབས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་། ཧ་ཝུན་ཞུག་བཅས་གྲོས་ཚོགས་སུ་ཞུགས། 

ཉིན་དེར། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་རྒྱལ་ཁོངས་མ་རྩའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོའི་དྲ་ཐོག་ཏུ་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས། 

ཟླ9ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གཉིས་ཀྱིས་ཧྲེང་ཀྲང་གཞོན་པ་དབྱང་ཧྥེང་ཁྲུན་ལ་ཕེབས་རོགས་བྱས་ཏེ། མདའ་བཞི་རྫོང་དང་རྐང་ཚ་རྫོང་དུ་མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་གནས་སྐོར་ཚོང་ར་ཚད་ལྡན་བཅོས་སྒྲིག་གི་ལས་དོན་ལ་བརྟག་ཞིབ་དང་རྟོག་འདོམས་གནང་། 

ཉིན་དེར། ཁུལ་ཡོངས་ཀྱི་རང་བསྐྲུན་ཁང་པའི་བདེ་འཇགས་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”སྲ་བརྟན་དང་མཐོར་གཏོང་གི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། 

ཉིན་དེར། ཁུལ་སྲིད་གཞུང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱིས་གཙོ་གནད་ལས་དོན་ལ་སྐུལ་སྤེལ་བྱེད་པའི་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་སྲིད་གཞུང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་ལ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་སྲིད་གཞུང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧ་ཝུན་ཞུག་གིས་གྲོས་ཚོགས་གཙོ་སྐྱོང་གནང་། 

ཉིན་དེར། ཁུལ་གྱི་ཆུ་གྲོན་དོ་དམ་མཉམ་འབྲེལ་གྱི་གྲོས་ཚོགས་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་གྱི་ཆུ་སྤྱོད་གྲོན་ཆུང་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གསུང་བཤད་གནང་། 

ཉིན་དེར། ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཞང་ཏུང་གིས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བརྟན་བརླིང་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་གྲོས་ཚོགས་ཐེངས་ཉི་ཤུ་བ་རྩ་འཛུགས་བྱས་ནས་བསྡུས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཁུལ་ཡོངས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་རྩ་འཛུགས་བྱས་ཏེ་བསྡུས།

ཟླ9ཚེས27ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་རིམས་ནད་འགོག་སྡོམ་གྱི་གསོ་སྦྱོང(བརྙན་ལམ)གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའི་བཀོད་འདོམས་དཔོན་རྡོ་རྗེ་ཡིས་ཆེད་དོན་ཟུར་ཁྲིད་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ། ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའི་བཀོད་འདོམས་དཔོན་ཤ་བོ་སྐྱབས་ཀྱིས་གསོ་སྦྱོང་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའི་བཀོད་འདོམས་དཔོན་གཞོན་པ་རྣམས་གྲོས་ཚོགས་སུ་ཞུགས།

ཉིན་དེར། མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་ཚོགས་ཆེན་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་གྲོས་ཚོགས་སུ་ཞུགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཞིང་ཧོས་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་ཡོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་གྲོས་ཚོགས་སུ་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་གྲོས་ཚོགས་སུ་ཞུགས། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ལས་དོན་བརྡ་ཁྱབ་བྱས།

ཟླ9ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས“བརྟན་པོ་དྲུག་དང་འགན་སྲུང་དྲུག་དོན་འཁྱོལ་དང་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ”ཞེས་པའི་མཚོ་བྱང་ཁུལ་གྱི་ཧྲན་ཏུང་དང་མཚོ་སྔོན་གྱི་མཉམ་ལས་བྱས་པའི་ཤེས་ལྡན་མི་སྣའི་གསོ་སྦྱོང་བཟོ་སྐྲུན་གྱི་མགོ་ཚུགས་མཛད་སྒོར་ཞུགས་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་མགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་ཞིང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཤིས་ཚིག་ཕུལ།

ཉིན་དེར། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་གྲོས་ཚོགས་དང་བདེ་འཇགས་ཁུལ་གྱི་བདེ་འཇགས་ཨུ་ལྷན་གྱི2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་དང་ལི་ཞང་ཏུང་གཉིས་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས24པ་དང་རྒྱུན་ལས་གྲོས་ཚོགས་ཐེངས23པ་འཚོགས་ཤིང་། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ལི་ཞང་ཏུང་། མ་རུའུ་ཞང་། ཧ་ཝུན་ཞུག་བཅས་གྲོས་ཚོགས་སུ་ཞུགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཞིང་ཧོས་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱང་ཏེ་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་སྲིད་གཞུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་བའི་རིགས་གཞུང་ཞིབ་འཇུག་བགྲོ་གླེང་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་དང་ཧ་ཝུན་ཞུག་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། མ་རུའུ་ཞང་བཅས་གྲོས་ཚོགས་སུ་ཞུགས།

ཟླ9ཚེས29ཉིན། ཁུལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དང་སྟོན་དུས་སྲོག་ཆགས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་སྐུལ་འདེད་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་གནང་།

ཉིན་དེར། ཁུལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་གྱི་སྐུལ་འདེད་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ལས་དོན་བརྡ་ཁྱབ་བྱས། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའི་ཅུ་ཀྲང་། ཁུལ་འགྲིམ་འགྲུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཞང་ཏུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།

ཉིན་དེར། ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དུ། ཁུལ་ཡོངས་ཀྱི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་མེ་འགོག་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་འཚུབ་བསྟུན་དངོས་འཐབ་ཀྱི་འཁྲབ་སྦྱོང་སྤེལ་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ཁྱུང་གིས་ཡུལ་དངོས་སུ་འཁྲབ་སྦྱོང་ལ་བལྟས་པ་དང་འབྲེལ་གཏམ་བཤད་གནང་།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས“དྲ་གཅིག་ཀུན་སྒྲུབ་དང་དོན་གཅིག་ཡོངས་སྒྲུབ”ཀྱི་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱས་ནས་ལས་དོན་གྲོས་ཚོགས་བསྡུས།

ཟླ9ཚེས30ཉིན། སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས27པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་རྡོ་རྗེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་དང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་འབྲེལ་ཡོད་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པ་བཅས་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་ཡོངས་ཀྱི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་གི་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་རྣམ་གྲངས་ལས་དོན་བརྡ་ཁྱབ་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་དཔལ་འབྱོར་འཁོར་སྐྱོད་བརྡ་ཁྱབ་བྱས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཤིང་ཧུས་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་གྲོས་ཚོགས་སུ་ཞུགས།

ཉིན་དེར། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས2022ལོའི་རྒྱལ་སྟོན་དུས་ཆེན་དང་དགུ་བའི་ཚེས་དགུའི་དུས་ཆེན་ལ་མཐོན་པོ་སྒང་དུ་རྐང་ཐང་དུ་སྐྱོད་པའི་བྱེད་སྒོ་རྩ་འཛུགས་དང་བཀོད་སྒྲིག་གྲོས་ཚོགས་འཚོགས།


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།