དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-08-20 08:06:25   |   483

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


555555.png

ཞི་ཅང་ཡུས།
རི་བོ་ཅིན་ཀང་ཧྲན།
གཅིག་དགུ་ཉེར་བརྒྱད་ལོའི་སྟོན།

རི་བོའི་འདབས་ན་དམག་དར་ལྷབ་ལྷུབ་སྐྱོད། །
རི་རྩེར་དམག་དུང་བུས་ནས་སིང་སིང་གྲགས། །
དགྲ་བོའི་དམག་གིས་མཐའ་བཞི་བསྐོར་ནའང་། །
ང་རང་ངའོ་ངང་ནས་བརྟན་ཅིང་བརླིང་། །

ལས་ནས་འགྲུབ་པའི་འཐབ་རས་ཡུན་རིང་བསྒུགས། །
དམངས་ཀྱི་སེམས་རྩ་སྐྱ་མོ་མཁར་ལྟར་སྲ། །
ཧྭོང་ཡང་ཅེའི་སྟེང་སྒྱོགས་སྒྲ་ལྡིར་ལྡིར་གྲགས། །
དགྲ་བོ་མཚན་ལ་བྲོས་ཞེས་འཕྲིན་ལས་ཐོས། །

སྙན་ཚིག་འདི་ཆེས་སྔ་མོར1957ལོའི་ཟླ་དང་པོའི《སྙན་དེབ》དུས་དེབ་སྟེང་བཀོད་ཡོད།

西江月
井冈山
一九二八年秋

山下旌旗在望,
山头鼓角相闻。
敌军围困万千重,
我自岿然不动。

早已森严壁垒,
更加众志成城。
黄洋界上炮声隆,
报道敌军宵遁。

这首词最早发表在《诗刊》一九五七年一月号。


མཉམ་སྤྱོད།