དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི1882ལོའི་ཨུ་རུ་སུའི་ཡི་གེའི་པར་གཞིའི་གླེང་གཞི།

2025-04-08 15:44:37   |   447

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས།《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


པ་ཁུའུ་ཉིང་གིས་བསྒྱུར་བའི《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་ཨུ་རུ་སུའི་ཡི་གེའི་པར་གཞི་དང་པོ་དེ། ལོ་རབས60པའི་དུས་མགོར《ཅོང་སྒྲ》པར་ཁང་གིས་པར་བཏབ་ནས་བཀྲམ། སྐབས་དེར་ནུབ་ཕྱོགས་ཀྱིས་བྱ་བ་དེ(《བསྒྲགས་གཏམ》ཨུ་ཡིག་ཏུ་བསྒྱུར་ནས་པར་དུ་བསྐྲུན)རྩོམ་འབྲིའི་ལས་རིགས་སྟེང་གི་གསར་འགྱུར་ཡ་མཚན་ཅན་ཙམ་ཞིག་ལ་བརྩི་བཞིན་འདུག་མོད། དེ་འདྲའི་ལྟ་ཚུལ་ད་ལྟ་ཡོད་སྲིད་རྒྱུ་མ་རེད།

སྐབས་དེར(1847ལོའི་ཟླ12པར)འབྱོར་མེད་གྲལ་རིམ་གྱི་ལས་འགུལ་ཁྱབ་སའི་ས་ཁུལ་ཧ་ཅང་གུ་དོག་པ་ལ་ཨང་། དེའི་སྐོར《བསྒྲགས་གཏམ》གྱི་ལེའུ་མཐའ་མ《གུང་ཁྲན་ཏང་མིས་རྒྱལ་ཁབ་ཁག་གི་ངོ་རྒོལ་ཏང་ཁག་སྣ་ཚོགས་ལ་འཛིན་པའི་རྣམ་འགྱུར》གྱི་ཁྲོད་ནས་ཧ་ཅང་གསལ་བོར་མཐོང་ཐུབ། ལེའུ་དེའི་ནང་དུ། ཏག་ཏག་ཨུ་རུ་སུ་དང་ཨ་མེ་རི་ཁ་གཉིས་ཀྱི་སྐོར་བཤད་མེད། སྐབས་དེར། ཨུ་རུ་སུ་ནི་ཡོ་རོབ་གླིང་གི་ལོག་སྤྱོད་སྟོབས་ཤུགས་ཡོངས་རྫོགས་ཀྱི་མཐའ་མའི་རྗེས་གྲབས་དམག་དཔུང་ཧ་ཅང་ཆེན་པོ་ཞིག་ཡིན། ཨ་མེ་རི་ཁས་མི་སེར་སྤོ་བར་བརྟེན་ནས་ཡོ་རོབ་གླིང་གི་འབྱོར་མེད་གྲལ་རིམ་གྱི་སྟོབས་ཤུགས་ལྷག་མ་སྡུད་ལེན་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་དེ་གཉིས་ཀས་ཡོ་རོབ་གླིང་ལ་རྒྱུ་ཆ་མཁོ་འདོན་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་ཡོ་རོབ་གླིང་གི་བཟོ་ལས་ཐོན་རྫས་བཙོང་སའི་ཚོང་རའང་བྱེད་ཀྱིན་ཡོད། དེ་བས། གང་ལྟར་རྒྱལ་ཁབ་དེ་གཉིས་ཀ་སྐབས་དེའི་ཡོ་རོབ་གླིང་གི་དངོས་ཡོད་སྒྲིག་ལམ་གྱི་ཀ་བ་ལྟ་བུ་རེད།

དེ་རིང་། གནས་ཚུལ་རྦད་དེ་མི་འདྲ་བར་གྱུར་ཡོད། ཏག་ཏག་ཡོ་རོབ་གླིང་གི་མི་སེར་གནས་སྤོས་པ་དེའི་རྐྱེན་གྱིས། མེ་གླིང་བྱང་མ་དེས་གཞི་ཁྱོན་ཆེ་བའི་ཞིང་ལས་ཐོན་སྐྱེད་བྱེད་ཐུབ་པ་བྱུང་། ཞིང་ལས་ཐོན་སྐྱེད་ཀྱི་འགྲན་རྩོད་འདིས་ཡོ་རོབ་གླིང་གི་ས་ཞིང་དབང་བའི་ལམ་ལུགས་ཆེ་ཆུང་རྣམས་ཀྱི་རྩ་བར་གཡོ་འགུལ་གཏོང་བཞིན་ཡོད། དེ་མིན། མི་སེར་གནས་སྤོ་བྱས་པ་དེའི་དབང་གིས་ཨ་རིས་སྟོབས་ཤུགས་དང་གཞི་ཁྱོན་ཧ་ཅང་ཆེ་བའི་སྒོ་ནས་རང་ཉིད་ཀྱི་བཟོ་ལས་ཐོན་ཁུངས་ཕུན་སུམ་ཚོགས་པ་རྣམས་གསར་སྤེལ་བྱེད་ཐུབ་པ་བྱུང་ནས། ཡོ་རོབ་གླིང་ནུབ་མ་དང་ལྷག་པར་དུ་དབྱིན་ཇིས་ད་ལྟའི་བར་དུ་བཟུང་བའི་བཟོ་ལས་སྒེར་སྡོམ་གྱི་གོ་གནས་དེ་མགྱོགས་མྱུར་ངང་རྩ་གཏོར་གཏོང་ཐུབ་ངེས། གནས་ཚུལ་འདི་གཉིས་ཀྱིས་ཕྱིར་ཨ་རི་རང་ཉིད་ལའང་གསར་བརྗེའི་ནུས་པ་ཐོན་ཡོང་ངེས་རེད། ཆབ་སྲིད་ཀྱི་ལམ་ལུགས་ཧྲིལ་པོའི་རྨང་གཞིར་གྱུར་པའི་ཞིང་རའི་བདག་པོའི་ས་ཞིང་འབྲིང་ཆུང་རྣམས་དབང་བའི་ལམ་ལུགས་ཀྱི་ཆ་ནས། ཞིང་ར་ཆེན་པོས་འགྲན་རྩོད་ཀྱིས་རིམ་བཞིན་དབང་དུ་སྡུད་བཞིན་ཡོད། དུས་མཚུངས་སུ། བཟོ་ལས་ས་ཁུལ་ཁག་གི་མི་གྲངས་ཧ་ཅང་མང་བའི་འབྱོར་མེད་གྲལ་རིམ་དང་ལྷ་སྒྲུང་ལྟ་བུའི་མ་རྩ་གསོག་འཇོག་དེ་ཐེངས་དང་པོར་འཕེལ་རྒྱས་བྱུང་།

ད་ལྟ་ཨུ་རུ་སུ་ལ་ལྟོས་དང་། 1848—1849ལོའི་བར་ལ་གསར་བརྗེ་བྱེད་སྐབས། ཡོ་རོབ་གླིང་གི་རྒྱལ་པོ་མ་ཟད། ཡོ་རོབ་གླིང་གི་འབྱོར་ལྡན་པ་རྣམས་ཀྱིས་ཀྱང་། ཨུ་རུ་སུ་རྒྱལ་ཁབ་ཀྱིས་ཐེ་གཏོགས་དེ་ཁོ་ཚོས་རྨོངས་གཉིད་ལས་སད་མགོ་ཚུགས་མ་ཐག་པའི་འབྱོར་མེད་གྲལ་རིམ་ལ་ཁ་གཏད་འཇལ་བར་རོགས་རམ་བྱེད་མཁན་གྱི་སྐྱབས་མགོན་ཉག་གཅིག་ཏུ་བརྩི་བཞིན་ཡོད། ཧྲ་ཧོང་གོང་མ་དེ་ཡོ་རོབ་གླིང་གི་ལོག་སྤྱོད་སྟོབས་ཤུགས་ཀྱི་མགོ་གཙོ་ཡིན་པ་ཁྱབ་བསྒྲགས་བྱས། ད་ལྟ། ཧྲ་ཧོང་གོང་མ་ཅ་ཐེ་ཆི་ན་རུ་གསར་བརྗེའི་བཟུང་དམག10ཅིག་ཏུ་གྱུར་ཡོད་ཅིང་། ཨུ་རུ་སུ་དེ་ཡོ་རོབ་གླིང་གི་གསར་བརྗེའི་ལས་འགུལ་གྱི་སྔོན་ཐོན་དཔུང་སྡེ་ཞིག་ཏུ་གྱུར་ཡོད་པ་རེད།

《གུང་ཁྲན་རིང་ལུགས་ཀྱི་བསྒྲགས་གཏམ》གྱི་འགན་ཁུར་ནི། དེང་རབས་འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་དེ་རྩ་མེད་དུ་འགྲོ་ངེས་ཡིན་པ་ཁྱབ་བསྒྲགས་བྱེད་རྒྱུ་དེ་ཡིན། ཡིན་ནའང་ཨུ་རུ་སུ་རྒྱལ་ཁབ་ཏུ་ང་ཚོས་མཐོང་བ་ནི། མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བའི་མ་རྩ་རིང་ལུགས་ཀྱི་སྨྱོ་ཧམ་དང་འཕེལ་རྒྱས་འགྲོ་མགོ་ཚུགས་མ་ཐག་པའི་འབྱོར་ལྡན་གྲལ་རིམ་གྱི་ས་ཞིང་དབང་བའི་ལམ་ལུགས་ཡོད་པ་ཕུད། ས་ཞིང་ཕལ་ཆེ་བ་སྔར་བཞིན་ཞིང་པ་སྤྱི་ལ་དབང་ཡོད་པ་རེད། དེས་ན་འདྲི་རྒྱུ་ཞིག་ཡོད་པ་ནི། ཨུ་རུ་སུ་སྤྱི་ཁང་ཟེར་བའི་གཏོར་བཤིག་ཆེན་པོ་ཐེབས་ཡོད་ཀྱང་གདོད་མའི་ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་རྣམ་པ་ད་དུང་བསྡད་ཡོད་པ་འདི། གུང་ཁྲན་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་རྣམ་པ་མཐོ་རིམ་ཅན་ལ་ཐད་ཀར་སླེབས་ཐུབ་པ་རེད་དམ། ཡང་ན་དེ་ལས་ལྡོག་སྟེ། དེ་ད་དུང་ངེས་པར་དུ་སྔོན་ལ་ནུབ་ཕྱོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་བརྒྱུད་མྱོང་བའི་ཐོར་ཞིག་ཏུ་འགྲོ་བའི་གོ་རིམ་དེ་བརྒྱུད་དགོས་སམ།

གནད་དོན་འདིར། མིག་སྔར་དྲིས་ལན་ཉག་ཅིག་ཡོད་པ་ནི་གཤམ་ལྟར་ཡིན་ངེས། གལ་སྲིད་ཨུ་རུ་སུའི་གསར་བརྗེ་དེ་ནུབ་ཕྱོགས་ཀྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་བརྡ་རྟགས་ཤིག་ལ་གྱུར་ཐོག་དེ་གཉིས་ཕན་ཚུན་ཁ་གསབ་བྱས་པ་ཡིན་ན། ད་ལྟའི་ཨུ་རུ་སུའི་ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་དེ་གུང་ཁྲན་རིང་ལུགས་འཕེལ་རྒྱས་སུ་འགྲོ་བའི་མགོ་རྩོམ་ས་ཞིག་ཏུ་འགྱུར་ཐུབ་རྒྱུ་རེད།

ཁར•མར་ཁེ་སི། ཧྥུ་ལི་ཏེ་ལི་ཞི•ཨེན་ཀེ་སི།

1882ལོའི་ཟླ1པའི་ཚེས21ཉིན་ལོན་ཏོན་དུ་བྲིས།


མཉམ་སྤྱོད།