དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི1883ལོའི་འཇར་མན་ཡི་གེའི་པར་གཞིའི་གླེང་གཞི།

2025-04-15 16:17:10   |   393

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས།《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


 པར་གཞི་འདིའི་གླེང་གཞིར་མིང་འགོད་མཁན་སྟབས་མ་ལེགས་པར་ང་རང་གཅིག་པུ་མ་གཏོགས་མེད་པར་གྱུར་སོང་། མར་ཁེ་སི་ཟེར་བའི་ཡོ་རོབ་གླིང་དང་མེ་གླིང་གི་བཟོ་པ་གྲལ་རིམ་ཧྲིལ་པོར་བྱས་རྗེས་མི་གཞན་པ་སུ་ལས་ཀྱང་ཆེ་བ་འཇོག་གནང་མྱོང་མཁན་དེ་ཧེ་ཀོ་ཐེ་སྤྱི་པའི་དུར་སར་དུས་གཏན་དུ་མནལ་གཟིམ་ཟིན་པ་མ་ཟད། དམ་པ་ཁོང་གི་དུར་སའི་སྟེང་དུ་ཐོག་དང་པོར་རྩྭ་སྔོན་སྐྱེས་འདུག ཁོང་སྐུ་གཤེགས་པའི་རྗེས་སུ། བསྒྲགས་གཏམ་ལ་བཟོ་བཅོས་དང་ཡང་ན་ཁ་གསབ་བྱེད་རྒྱུ་ཟེར་བ་ཞིག་ག་ལ་ཡོད། དེར་བརྟེན། ངའི་སེམས་ལ་འདིར་གཤམ་གསལ་གྱི་གནད་དོན་འདིའི་སྐོར་ཡང་བསྐྱར་གསལ་བཤད་ཐེངས་གཅིག་བྱེད་རྒྱུ་ནི་དགོས་གལ་སྔར་ལས་ཀྱང་ཆེ་བ་ཞིག་འདུག་བསམ་བྱུང་།

བསྒྲགས་གཏམ་གྱི་མགོ་ནས་མཇུག་བར་ཁྱབ་ཡོད་པའི་རྩ་བའི་དགོངས་པ་སྟེ། ལོ་རྒྱུས་ཀྱི་དུས་རབས་སོ་སོའི་དཔལ་འབྱོར་ཐོན་སྐྱེད་དང་དེ་ལས་བསྐྱེད་ཡོང་ངེས་ཡིན་པའི་སྤྱི་ཚོགས་སྒྲིག་གཞི་ནི། དུས་རབས་དེའི་ཆབ་སྲིད་དང་བསམ་པའི་ལོ་རྒྱུས་ཀྱི་རྨང་གཞི་རེད། དེར་བརྟེན(གདོད་མའི་ས་ཞིང་སྤྱི་དབང་ལམ་ལུགས་ཐོར་ཞིག་ཏུ་སོང་བ་ནས་བཟུང)ལོ་རྒྱུས་ཡོངས་རྫོགས་ནི་གྲལ་རིམ་འཐབ་རྩོད་ཀྱི་ལོ་རྒྱུས་ཡིན་ཏེ། སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དུས་རིམ་སོ་སོའི་ཐོག་བཤུ་གཞོག་མྱོང་མཁན་གྲལ་རིམ་དང་བཤུ་གཞོག་བྱེད་མཁན་གྲལ་རིམ་བར་དང་། དབང་སྒྱུར་མྱོང་མཁན་གྲལ་རིམ་དང་དབང་སྒྱུར་བྱེད་མཁན་གྲལ་རིམ་བར་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་ཡིན། འཐབ་རྩོད་འདི་ད་ལྟ་དུས་རིམ་འདི་འདྲ་ཞིག་ལ་སླེབས་ཡོད་པ་སྟེ། བཤུ་གཞོག་མྱོང་མཁན་དང་གཉའ་གནོན་མྱོང་མཁན་གྲལ་རིམ(འབྱོར་མེད་གྲལ་རིམ)གྱིས་གལ་སྲིད་དུས་མཉམ་དུ་སྤྱི་ཚོགས་ཧྲིལ་པོ་དེ་དུས་གཏན་དུ་བཤུ་གཞོག་དང་། གཉའ་གནོན། གྲལ་རིམ་འཐབ་རྩོད་བཅས་ལས་ཐར་ཐབས་མ་བྱས་ཚེ། ཁོ་ཚོ་རང་ཉིད་བཤུ་གཞོག་དང་གཉའ་གནོན་བྱེད་མཁན་གྲལ་རིམ(འབྱོར་ལྡན་གྲལ་རིམ)གྱི་དབང་འོག་ནས་བཅིངས་འགྲོལ་ཐོབ་ཐུབ་རྒྱུ་མ་རེད། —— རྩ་བའི་དགོངས་པ་འདི་ནི་རྦད་དེ་མར་ཁེ་སི་གཅིག་པུའི་དགོངས་པ་རེད།

དོན་དེའི་སྐོར་ངས་ཐེངས་མང་པོར་བཤད་མྱོང་། ཡིན་ནའང་ད་ལྟ་ངེས་པར་དུ་བསྒྲགས་གཏམ་གྱི་གཞུང་དངོས་ཀྱི་མདུན་ངོས་སུའང་དོན་དེའི་སྐོར་གསལ་བོར་འབྲི་དགོས།

ཧྥུ•ཨེན་ཀེ་སིས། 

1883ལོའི་ཟླ6པའི་ཚེས28ཉིན་ལོན་ཏོན་དུ་བྲིས།


མཉམ་སྤྱོད།