རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།
འཆད་པ།
ཁུང་ཙི་ན་རེ། མི་གསུམ་འགྲོགས་ན། བདག་གི་བཤེས་སུ་རུང་བ་ཞིག་ངེས་པར་ཡོད་དོ།། དེ་ལས་ལེགས་ཆ་བླངས་བར་བྱ་ལ། སྐྱོན་ཆ་སྤངས་བར་བྱའོ།།
子曰:“三人行,必有我师焉。择其善者而从之,其不善者而改之。”
ཐའེ་པའོ།
ཙེན་ཙིས་ན་རེ། དཔེ་ཆ་བ་ཞིག་ཡིན་ན་ཁོག་རྒྱ་མི་ཆེ་བར་བློ་རྩ་བརྟན་པ་ཞིག་མི་ཡོང་སྟེ། འགན་ལྕི་ཞིང་བཤུལ་ལམ་རིང་བས་སོ།། བྱམས་སྤྱོད་ཉམས་སུ་ལེན་པ་ནི་རང་གི་འགན་འཁྲིར་བརྩི་བ་ཡིན་ན་མི་ལྕིའམ། མ་འཆི་བར་དུ་ཧུར་བརྩོན་བྱེད་པ་ཡིན་ན་ལམ་ཐག་མི་རིང་ངམ།
曾子曰:“士不可以不弘毅,任重而道远。仁以为己任,不亦重乎?死而后已,不亦远乎?”
ཁུང་ཙི་ན་རེ། གལ་ཏེ་ཀྲོའུ་ཀུང་ལྟ་བུའི་འཇོན་ཐང་ལྡན་ནའང་ཁེངས་དྲེགས་དང་སེར་སྣ་ཆེ་ན་གཞན་དག་ལ་ལྟ་དགོས་མེད་དོ།།
子曰:“如有周公之才之美,使骄且吝,其余不足观也已。”