དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-09-03 08:48:04   |   253

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཡིག་འབྲུ་བཅུ་དྲུག་མའི་ལྱིང་ཚན་པ་གསུམ།
གཅིག་དགུ་སོ་བཞི་ལོ་ནས་གཅིག་དགུ་སོ་ལྔ་ལོའི་བར།
གཅིག
རི་བོ་མཐོན་པོས་སྤྲིན་གྱི་བང་རིམ་བརྟོལ། །
རྟ་ཕོ་ལྕགས་ཀྱིས་བསྐུལ་ནས་ངལ་མ་གསོས། །
མགོ་བོ་ཕྱིར་ལ་དགྱེས་ནས་བལྟས་པ་ན། །
ཡ་མཚན་གནམ་ལ་བར་ཐག་ཁྲུ་ཙེ་གསུམ། །
གཉིས།
རི་བོའི་ཕྲེང་ཚོགས་ཆུ་བོའི་རླབས་དང་མཚུངས། །
མཚོ་མོ་གཡོ་བའི་སྐྱོམ་ཤུགས་དྲག་ཏུ་འཕྱོ། །
རི་བོའི་ཟིལ་ཤུགས་རྟ་ཕོ་རླུང་འཕུར་ཏེ། །
རྟ་རྒོད་སྟོང་ཕྲག་གཡུལ་ནས་ཁྲོས་པ་འདྲ། །
གསུམ།
རི་བོ་གནམ་ཟུག་རལ་གྲི་བསླངས་པ་འདྲ། །
ལྷ་ལམ་གཤགས་ཀྱང་གྲི་ཡི་རྣོ་མི་ཉམས། །
རལ་གྲི་ངར་མས་ཨ་སྔོན་བརྟོལ་ཀྱང་རུང་། །
གནམ་སྔོན་མི་ལྷུང་རི་བོའི་ཀ་བ་ཡོད། །

སྙན་ཚིག་འདི་ཆེས་སྔ་མོར1957ལོའི་ཟླ་དང་པོའི《སྙན་དེབ》དུས་དེབ་སྟེང་བཀོད་ཡོད།

十六字令三首
一九三四年到一九三五年

其一

山,快马加鞭未下鞍。
惊回首,离天三尺三。(原注)

其二

山,倒海翻江卷巨澜。
奔腾急,万马战犹酣。

其三

山,刺破青天锷未残。
天欲堕,赖以拄其间。

这首词最早发表在《诗刊》一九五七年一月号。


མཉམ་སྤྱོད།